མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མཁས་དབང་བསེ་ཚང་རྡོ་རྗེ་འཆང་སྐུའི་གྱ་སྟོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-05-17 16:10:18         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0517_1.jpgMDdརྗེ་ཙོང་ཁ་པའི་དྲ་བ།

0517_2.jpgMDdརྗེ་ཙོང་ཁ་པའི་དྲ་བ།

0517_3.jpgMDdརྗེ་ཙོང་ཁ་པའི་དྲ་བ།

0517_4.jpgMDdརྗེ་ཙོང་ཁ་པའི་དྲ་བ།

        དེ་ཡང་དེང་འདིར་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་དང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་སོགས་ལ་འགྲན་པའི་ཟླ་དང་བྲལ་བ་ངེས་དོན་གྱི་མཁས་པའི་དབང་པོ་ཆེན་པོ་སྨྲ་བའི་དབང་ཕྱུག༧བསེ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་༧ བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་ནི་སྔར་དྲྭ་ཐོག་འདིར་བཀོད་ཡོད་པ་ལྟར་མཁྱེན་གསལ་ལགས་ལ། ས་ག་ཟླ་བའི་ཡར་ཚེས་བརྒྱད་ཉིན་༧སྐྱབས་རྗེ་དམ་པ་ཉིད་བསྟན་འགྲོའི་མགོན་དུ་དགུང་གྲངས་བརྒྱད་བཅུར་བཞུགས་ཤིང་། འཁོར་ལོ་གསུམ་གྱི་མཛད་བཟང་གིས་བསྟན་འགྲོའི་ཕན་བདེ་བླ་མེད་བསྐྱངས་པའི་བཀའ་དྲིན་གཏང་རག་དང་། སླད་མར་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་ལྷུན་ཆགས་ཏེ་སྐྱེ་དགུའི་གཙུག་རྒྱན་དུ་གཡོ་མེད་རྟག་བརྟན་བཞུགས་པའི་ཞལ་བཞེས་འགྱུར་མེད་རྡོ་རྗེ་གསུང་གི་སྒྲ་དབྱངས་དད་ལྡན་ཡོངས་ཀྱི་རྣ་བའི་དཔྱིད་དུ་བསྩལ་བའི་བཀའ་དྲིན་དང་ཐུགས་རྗེ་གཏང་རག་ཏུ། ཁོང་གི་གདན་ས་གཏེར་ལུང་ཡིད་དགའ་ཆོས་འཛིན་དུ་ས་རུ་སྒར་བཅུ་གཅིག་གིས་གཙོས་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་མགོན་ཀིརྟི་ཚང་གི་གདན་ས་ཆེ་བ་བཞི་དང་། གཞན་༧བསེ་རྡོ་རྗེ་འཆང་གིས་ཆོས་སྲིད་ལུགས་གཉིས་ཀྱིས་སྐྱོང་བའི་དགོན་སྡེ་མང་པོ་དང་། དད་ལྡན་གྲངས་མེད་ཐུན་མོང་ནས་བརྟན་བཞུགས་ཟབ་རྒྱས་དང་དགའ་སྟོན་རྟེན་འབྲེལ་རྒྱ་ཆེར་མཛད་པའི་པར་རིས་ཉུང་བསྡུས།བསེ་རྡོ་རྗེ་འཆང་ཉིད་གྱ་སྟོན་གྱི་ཚོགས་འགོར་ཕེབས་པ་དང་། བརྟན་བཞུགས་འབུལ་བ། གྱ་སྟོན་གྱི་ལེགས་སྐྱེས་ཕུལ་བ། སྐུ་མགྲོན་རྣམས་ལ་བཞེས་པ་འདྲེན་པ་དང་། མཇལ་ཁ་གནང་བ་སོགས་སོ།།MDdརྗེ་ཙོང་ཁ་པའི་དྲ་བ།

0517_5.jpgMDdརྗེ་ཙོང་ཁ་པའི་དྲ་བ།

ཀུན་བཟང་འཁོར་ལོ་བཀྲ་ཤིས་བུམ་གཟུགས་འདི་སྟག་ཚང་ལྷ་མོ་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་བཟོད་པ་ཚང་གིས་སྐུའི་གྱ་སྟོན་དུ་ཕུལ།MDdརྗེ་ཙོང་ཁ་པའི་དྲ་བ།


རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K