མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ཚོགས་འདུའི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ཁག

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2017-01-15 15:07:13     རྩོམ་པ་པོ།   གདོང་གཞུག་ཟླ་བ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

IMG_0520.JPGbDbརྗེ་ཙོང་ཁ་པའི་དྲ་བ།

      ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་ཚོགས་འདུ་འདི་ནི།མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་སྟེ།ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་༧ ཉིན་གྱི་དུས་ཚོད་དགུ་བའི་ཐོག་མཚོ་སྔོན་ཟི་ལིང་གི་海悦མགྲོན་ཁང་ཆེན་པོའི་ནང་དངོས་སུ་མགོ་ཚུགས།ཚོགས་འདུ་འདིར་ཕེབས་པའི་མི་སྣ་གཙོ་བོ། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་པད་མ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན་སོགས་ཞིང་ཆེན་ཕྱི་ནང་གི་དབུ་ཁྲིད་བློ་མཐུན་དང་། བླ་སྤྲུལ། དགེ་བཤེས། དགེ་རྒན། ཤེས་ཡོན་པ་བརྒྱ་ཕྲག་ལྷག་ཞུགས།bDbརྗེ་ཙོང་ཁ་པའི་དྲ་བ།

0115_1.jpgbDbརྗེ་ཙོང་ཁ་པའི་དྲ་བ།

      ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༧ ཉིན། སྔ་དྲོ། མཚོ་སྔོན་རྗེ་ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་གྲུབ་ལགས་ཀྱིས་རྗེས་དྲན་ཚོགས་འདུར་འགོ་འཛིན་བྱས། མགོ་འཛིན་གྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་བཅུ་པ་མཆོག་ལ་རྗེས་དྲན་བྱེད་ཚུལ་ཡང་ཁོང་གི་གསུང་དང་དྲང་བདེན།སྙིང་སྟོབས།རིགས་ཞེན་སོགས་ལ་རྗེས་དྲན་བྱེད་དགོས་ཚུལ་དང་།ཁོང་སྐུ་གཤེགས་པ་ནི་བོད་ཙམ་མ་ཟད།ཀྲུང་གོ་རྒྱལ་ཁབ་ཆེན་པོའི་གྱོང་གུད་ཡིན་ཞིང་།ཁོང་གིས་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ་ཕུལ་བ་སོགས་ལ་周恩来སོགས་ཀྱིས་བསྔགས་བརྗོད་གནང་བ་སོགས་ཀྱི་བརྗོད་དོན་ནས་བརྩམས་ཏེ་དུས་ཡུན་སྐར་མ་བཅོ་ལྔའི་རིང་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_2.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དང་པོ། གཙང་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་མི་སྣ་བཀའ་ཆེན་རྡོ་རྗེ་རྒྱལ་མཚན་ཚང་གིས་ཤིས་ཚིག་དང་སྦྲགས་གསུང་བཤད་གནང་།གསུང་བཤད་ཀྱི་བརྗོད་གཙོ་བོ། ཀུན་གཟིགས་བཅུ་པ་པཎ་ཆེན་རིན་པོ་ཆེ་ཁོང་གཙང་དུ་ཕེབས་ཤིང་། དཀའ་ཆེན་ཉི་མ་རྒྱལ་མཚན་སོགས་ཡོངས་འཛིན་དུ་བཀུར་ནས་སློབ་གཉེར་གནང་ཚུལ་དང་། ཕྱིས་སུ་གཙང་བཀྲ་ཤིས་ལྷུན་པོར་དགེ་ཚུལ་སློང་གི་བསླབ་ཁྲིམས་ལ་དག་ཐེར་གནང་ཞིང་། སུམ་རྟགས་རིག་གནས། སྒྲ་རྩིས་སྙན་ངག།།ལྷག་ཏུ་ལན་ཛ་དང་ཝརྟུ་སོགས་ལ་དམིགས་ཀྱིས་སློབ་གཉེར་གནང་དགོས་པའི་བཀའ་ཕབ་པ་སོགས་དང་། དམངས་གཙོའི་བསྒྱུར་བཅོས་རྗེས་ནས་ཀྱང་། དཔའ་སྟོབས་ཞུམ་མེད་ཀྱིས་བོད་ཀྱི་ལས་དོན་བསམ་ཡུལ་ལས་འདས་པ་གནང་བ་སོགས་ཀྱི་སྐོར་ལས་བརྩམས་ཏེ་སྐར་མ་བཅུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_3.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ།ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་མཆོག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་འདྲིས་བྱུང་བའི་གོ་རྟོགས་ཐད་ཀྱི་གསུང་བཤད་གནང་། གསུང་བཤད་ཀྱི་ནང་དོན་གཙོ་བོ། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་དགེ་བའི་གཉེན་གསེར་གྱི་རི་འདྲ་བ་མང་པོ་བསྟེན་ཏེ་ལོ་མང་རིང་སློབ་གཉེར་གནང་བས་ཆོས་ལུགས་ལ་མཁས་པའི་ཕུལ་དུ་ཕྱིན་པ་མ་ཟད། དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐད་ནས་འཛམ་གླིང་སྤྱིའི་འགྲོས་དང་མཐུན་པའི་གཟིགས་རྒྱང་རིང་བའི་སློབ་དཔོན་ཆེན་པོ་ཞིག་ཡིན་པའི་སྐོར་སོགས་དང་། ཁོང་དང་པོ་མཇལ་བ་དང་བར་དུ་མཇལ་བ་ཐ་མར་མཇལ་བ་སོགས་ནས་བློ་སྟོབས་དང་སྤོབས་པ་བྱིན་ལུགས་སོགས་ནས་གསུངས།bDbརྗེ་ཙོང་ཁ་པའི་དྲ་བ།

0115_4.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ཟུར་བ། བློ་བཟང་ལྷུན་འགྲུབ་རྡོ་རྗེ་ཚང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་རིགས་སོ་སོའི་འབྲེལ་བ་དང་སྤྱི་ཚོགས་འཆམ་མཐུན་སྐོར་ལ་གནང་བའི་བཀའ་སློབ་སོགས་ལ་ཉམས་ཞིབ་དང་རྒྱུད་འཛིན་བྱེད་ཚུལ་གྱི་སྐོར་ནས་བརྩམས་ཏེ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_5.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བཞི་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཚང་གི་སྐུ་ཚ་ཨ་ལགས་སྒར་བའི་ཡིག་ཐོག་ནས་པན་ཆེན་རིན་པོ་ཆེའི་རྣམ་ཐར་རགས་བསྡུས་ཤིག་སྐར་མ་བཅུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

      ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༧ ཉིན།ཕྱི་དྲོ། ཚད་མ་རིག་པའི་འབུམ་རམས་པ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གླིང་གཙོ་བཀྲ་ཤིས་ཟླ་བས་གསུང་བཤད་མགོ་འཛིན་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_6.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དང་པོ། སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རགས་བསྡུས་དང་། ཁོང་རྣམ་པས་བསྟན་པ་ལ་བཞག་པའི་མཛད་རྗེས་དང་། པཎ་ཆེན་སྐུ་ཕྲེང་གསུམ་པ་ནས་དབེན་ས་སྙན་བརྒྱུད་ཀྱི་གདམས་པ་བྱུང་ལུགས་དང་། པཎ་ཆེན་སྐུ་ཕྲེང་བཞི་པས་བླ་མའི་རྣལ་འབྱོར་དགའ་ལྡན་སྤྲུལ་བའི་གླེགས་བམ་ཡིག་ཐོག་ཕབ་པའི་བཤད་ཚུལ་ཡོད་པ་མ་ཟད། པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་ཐོགས་ལུགས། པཎ་ཆེན་སྐུ་ཕྲེང་ལྔ་བས་ལམ་རིམ་མྱུར་ལམ་དམར་ཁྲིད་ཀྱི་མཛད་འཕྲིན་གྱི་སྐོར་དང་། པན་ཆེན་སྐུ་ཕྲེང་དྲུག་པས་རྒྱལ་ས་པེ་ཅིན་ན་བཞུགས་པའི་དགའ་ལྡན་བྱིན་ཆགས་གླིང་བཞེངས་པའི་ཚུལ། པཎ་ཆེན་སྐུ་ཕྲེང་དགུ་པ་དང་བཅུ་པ་གཉིས་ཀྱི་རྒྱ་ནག་གཞུང་དང་འབྲེལ་བ་ཐོག་ནས་མི་རིགས་དང་ཆོས་ལུགས་རིག་གཞུང་དང་བཅས་པ་སྤྱི་ལ་ཕྱག་ལས་གནང་བའི་ཚུལ་ནས་བརྩམས་ཏེ་གསུང་བཤད་སྐར་མ་སུམ་ཅུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_7.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། ཨ་ལགས་གསེར་ཁྲི་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་སྐུ་ཆུང་བའི་དུས་ཀྱི་སློབ་སྦྱོང་གི་རྣམ་ཐར་དང་། ཕྱིས་སུ་ཁ་བཤད་གཙོ་བོ་མ་ཡིན་པར་ལག་ལེན་དངོས་ཀྱི་ཐོག་ཕྱག་ལས་གནང་ལུགས། ང་ཚོས་ཁོང་ལ་རྗེས་དྲན་ཞུ་ན་ཡང་ཁ་བཤད་གཙོ་བོ་མི་འཛིན་པར་མི་རིགས་ལས་དོན་གྱི་ལག་ལེན་དངོས་ལ་ཞུགས་ན་ད་གཟོད་རྗེས་དྲན་ངོ་མ་ཡིན་ཚུལ་སྐོར་ནས་གསུང་བཤད་སྐར་མ་བཅོ་ལྔའི་རུང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_8.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། ལྷ་རམས་དགེ་བཤེས་བིས་མདོ་དགོན་པའི་དགེ་རྒན་འཇིགས་མེད་བསྟན་འཛིན་གྱིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རིགས་རུས་ཕུན་སུམ་ཚོགས་པར་འཁྲུངས་ནས་གདན་ས་འཁོད་པའི་མཛད་འཕྲིན་དང་། བསྟན་པ་དང་འགྲོ་བ་སྤྱིའི་དོན་རྒྱ་ཆེར་བྱས་པའི་མཛད་འཕྲིན། བིས་མདོ་འཁྲུངས་གཞིས་ཀྱིས་མཚོན་པའི་མཚོ་ཤར་ས་ཁུལ་གྱི་མཛད་འཕྲིན་སོགས་ལས་བརྩམས་ཏེ་གསུང་བཤད་སྐར་མ་བཅོ་ལྔའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_9.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བཞི་པ།བཀྲིས་ལྷུན་དཀའ་ཆེན་བློ་བཟང་ཉི་མས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོ་གཙོས་གཙང་ཕྱོགས་སུ་མཛད་འཕྲིན་སྐོར་ལ་ཉམས་ཞིབ་དང་འབྲེལ་བའི་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_10.jpgbDbརྗེ་ཙོང་ཁ་པའི་དྲ་བ།

ལྔ་པ། སྡེ་རོང་ཚེ་རིང་དོན་འགྲུབ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་མཆོག་གི་མི་རིགས་རང་སྐྱོང་གི་ས་ཁུལ་སོ་སོའི་ལས་ཁུངས་དང་སློབ་གྲྭ་སོགས་གཙོ་བོར་བྱས་ཏེ་སྐད་ཡིག་རྒྱུན་འཛིན་དང་། དར་སྤེལ། བེད་སྤྱོད་སོགས་བྱ་དགོས་པའི་རླབས་ཆེ་བའི་མཛད་རྗེས་ཁག་ལ་ཉམས་ཞིབ་དང་རྒྱུད་འཛིན་བྱེད་ཚུལ་སྐོར་ནས་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_11.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དྲུག་པ། རྙིང་མའི་མཁན་ཨོ་རྒྱན་རིག་འཛིན་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྙིང་མའི་ཆོས་བརྒྱུད་ཁག་ཏུ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་ལ་ཉམས་ཞིབ་དང་འབྲེལ་བའི་ཐོག་པཎ་ཆེན་སྐུ་ཕྲེེང་བཅུ་པ་ཆེན་པོ་མཆོག་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་གནང་ཞིང་། རྒྱབ་སྐྱོང་བླ་མེད་མཛད་ཚུལ་སྐོར་སོགས་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_12.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བདུན་པ། བཀའ་བརྒྱུད་མཁན་དོན་འགྲུབ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ཁག་ཏུ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་སྐོར་དང་། ལྷག་ཏུ་བཀའ་བསྟན་པར་གཞི་སྒྲིག་སྒྱུར་དང་ཕྱོགས་བསྒྲིགས་ཇི་ལྟར་གནང་ཚུལ་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_13.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བརྒྱད་པ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཇོ་ནང་ཆོས་བརྒྱུད་ཁག་ཏུ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་དང་། དགོན་སྡེའི་སློབ་དེབ་ཐོག་མ་གངས་རྒྱན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་ཕྱོགས་བསྒྲིགས་ཇི་ལྟར་གནང་ཚུལ་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

      ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༨ཉིན།སྔ་དྲོ་ལ་ཚོགས་འདུའི་མགོ་འཛིན་པ་སྟོབས་ལྡན་གྱིས་ཚོགས་འདུའི་མགོ་འཛིན་གནང་། མགོ་འཛིན་གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཐེངས་འདིའི་ཚོགས་ཐོགས་སུ་ཕེབས་པའི་ཚོགས་ཞུགས་མི་སྣར་མཚོན་ན་བླ་སྤྲུལ་དགེ་བཤེས་དང་། ལས་བྱེད་མི་སྣ་སྐད་གྲགས་ཅན་མང་བོ་ཕེབས་ཡོད་པས། ཚོགས་འདུ་འདི་བྱིན་རླབས་ཆེ་ཞིང་། པཎ་ཆེན་རིན་པོ་ཆེ་ལ་རྗེས་དྲན་བྱེད་བཞིན་ཡོད་པས་ཟིལ་ཤུགས་ལྡན་པ་སོགས་མདོར་ན་ཚོགས་ར་རྒྱ་ཆེ་ཞིང་། གྲ་སྒྲིག་ཕུན་སུམ་ཚོགས་ཚུལ་ནས་བརྩམས་ཏེ་གསུང་བཤད་མགོ་འཛིན་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_14.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དང་པོ། དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ།ཀུན་གཟིགས་མཆོག་བཙོན་གྲོལ་ཐོབ་མ་ཐག་ཟི་ལིང་ནས་ཐོག་མར་མཇལ་བའི་སྐབས་དེར། ཁོང་གི་རྐང་ལག་ལ་སྒྲོག་བརྒྱབ་སྟེ་བཙོན་ཁང་ནས་ལོ་མང་ལ་བཞུགས་པ་དེ་མི་རིགས་ཀྱི་ལ་རྒྱ་ཡིན། ཁོང་གི་ལ་རྒྱ་ཡིན་ཞེས་གསུངས་མྱོང་ཚུལ་སྐོར་དང་། བོད་ཅིག་ཡིན་ན་བོད་སྐད་མ་བཤད་ན་བོད་ཀྱི་ཞབས་འདྲེན་དང་། བོད་ཅིག་ཡིན་ན་བོད་ཡིག་མ་བྲིས་ན་ཞབས་འདྲེན་ཡིན་ཚུལ་སྐོར། ཁོང་གིས་ཉི་མ་བཅུ་དགུའི་རིང་དངོས་སུ་སྤྱན་གཟིགས་གནང་སྟེ་པེ་ཅིན་ནས་རྭ་རྒྱ་དགོན་པའི་སྒྲིག་ལམ་དང་སློབ་གཉེར་ཁ་ཕྱོགས་དང་། དེ་མིན་ཨ་རིག་དགེ་བཤེས་ཚང་གི་སྐུ་གདུང་བསྐྱར་བཞེང་སྐོར་གྱི་གནས་ཚུལ་དང་། མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས། ཁོས་ཁ་བཏོན་འདོན་བཞིན་ཡོད་ལ་ཚོང་དཔོན་ཡང་བྱེད་ཀྱིན་ཡོད། ཆོས་ལུགས་ལས་དོན་ཡང་སྒྲུབ་བཞིན་ཡོད། འདི་དག་འགལ་བ་མ་རེད་ཅེས་གསུངས་པའི་སྐོར་དང་། འདི་ལྟ་བུ་གསུང་གསེར་ནག་གི་ཐིགས་པ་རེ་རེ་མྱངས་པ་ལ་བརྟེན་ནས་ཁོ་ལ་གཏན་དུ་འགྱུར་བ་མེད་པའི་བསམ་བློ་ཞིག་མི་རིགས་ཀྱི་ལས་དོན་བསྒྲུབས་ཤིང་། ཚང་མས་ཆིག་སྒྲིལ་བྱས་ནས་བསྒྲུབ་དགོས་པ་ལས་བཤད་པས་ཕན་མི་ཐོགས་པའི་སྐོར་ནས་གསུང་བཤད་ཡ་མཚན་ཞིང་རྡོ་རྗེའི་ཚིག་ལྟ་བུའི་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_15.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། པེ་ཅིང་བོད་རིག་པའི་ཞིབ་འཇུག་པ་འཇིགས་མེད་བསམ་འགྲུབ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་བཅུ་པ་མཆོག་གིས་བོད་རྗེས་ལུས་ཀྱི་རྣམ་པ་འདི་མ་བསྒྱུར་ན་ང་གཉིད་མི་འོང་གི་ཞེས་གསུངས་ནས་ཁོང་གིས་བོད་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐོག་ལ་བཞག་པའི་མཛད་རྗེས་སྐོར་ནས་ཐེབས་རྩ་ཚོགས་པ་མང་བོ་བཙུགས་ཚུལ་དང་། མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་གཙོ་བོ་ཆབ་དཔལ་རིག་གསུམ་ལ་བཞག་པའི་མཛད་རྗེས་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_16.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། ཨ་ལགས་ཨོའུ་རྒྱ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། པཎ་ཆེན་རིན་པོ་ཆེའི་མཛད་རྗེས་ལས་བརྩམས་ཏེ་ནང་བསྟན་སློབ་གྲྭ་བཙུགས་པའི་སྐོར་དང་། དེ་མིན་པཎ་ཆེན་རིན་པོ་ཆེ་ཁོང་ལ་གོང་རིམ་ནས་ཇི་ལྟར་གཅར་རྡུང་དང་མནར་གཅོད་བཏང་རུང་མི་རིགས་འདིའི་ཁྱིམ་ཚང་རེ་རེའི་མགོ་མཇུག་བར་གསུམ་ཐ་ན་སྒོ་ཟོག་ཚུན་ཆད་ནས་ཐུགས་ཁུར་གནང་སྟངས་སྐོར་དང་། པཎ་ཆེན་བཅུ་བ་ཁོང་གིས་སྐབས་ཤིག་ལ་ཁོང་གི་མ་ཡུམ་ལ་ཁྱེད་ཧ་ཅང་སྐྱིད་པོ་རེད་སྡུག་ན་སེམས་གཏམ་ང་ལ་བཤད་ན་ཆོག་གི།ང་སྡུག་ན་སྡུག་གཏམ་སུ་ལ་བཤད་ཅེས་གསུངས་པའི་སྐོར་ནས་སྐར་མ་ཉི་ཤུའི་རིང་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_17.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བཞི་བ། རྒན་རྒྱ་ཡེ་བཀྲ་བྷོས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། པཎ་ཆེན་རིན་པོ་ཆེ་མཆོག་གིས་གོང་རིམ་ལ་ཆོག་ཆན་ཞུས་ཏེ་མཚོ་ལྷོའི་ས་ཆར་ཡོད་པའི་དམག་སྒར་ཞིག་གི་ས་ཆ་བླངས་ནས་མཚོ་སྔོན་དགེ་འོས་སློབ་གླིང་གསར་དུ་ཚུགས་པའི་སྐོར་དང་། པཎ་ཆེན་རིན་པོ་ཆེ་ཁོང་གིས་སློབ་གླིང་འདིའི་མཚན་འཛིན་སློབ་གཙོའི་འགན་བཞེས་པ་དང་། ཁོང་སྐུ་བཞུགས་པའི་སྐབས་གནང་བའི་ཞལ་གདམས་གཉིས་ཏེ་སྲོལ་བཟང་བོ་ཚུགས་གསུངས་པ་དེ་དང་། བྲིས་ཡག་པོ་སྦྱོངས་གསུངས་པ་གཞིར་བྱས་ནས་ད་སྐབས་སློབ་གླིང་དུ་པཎ་ཆེན་ཞིབ་འཇུག་གླིང་བཙུགས་ནས་པན་ཆེན་རིན་པོ་ཆེ་ཚང་གི་གསུང་འབུམ་དཔར་རྩིས་ཡོད་པའི་སྐོར་དང་། ཡིག་གཟུགས་སྦྱངས་པའི་སྲོལ་བཙུགས་ཤིང་རྒྱུན་བཟུང་བའི་སྐོར་ལས་བརྩམས་ཏེ་གསུང་བཤད་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_18.jpgbDbརྗེ་ཙོང་ཁ་པའི་དྲ་བ།

ལྔ་པ། དགེ་རྒན་གཡང་མོ་མཚོས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། མི་གཤིས་ཀུན་སྤྱོད་སྐོར་ལ་གནང་བའི་བཀའ་སློབ་སོགས་ལ་ཉམས་ཞིབ་དང་རྒྱུན་འཛིན་བྱེད་དགོས་སྐོར། མི་ཆོས་གཙང་མ་བཅུ་དྲུག་དང་འབྲེལ་བའི་ཐོག་ནས་ཀུན་གཟིགས་བཅུ་པ་མཆོག་གི་གསུང་བཤད་གནང་ཡོད་ཚུལ་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_19.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དྲུག་པ། རྒན་ཐུབ་བསྟན་ཕུན་ཚོགས་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་བཅུ་བ་མཆོག་གིས་དམངས་སྲོལ་རིག་གནས་ཉམས་གསོ་ལ་གནང་བའི་མཛད་རྗེས་སྐོར་དང་། ཆབ་མདོའི་སློབ་གྲྭས་ཕེབས་བསུ་བྱེད་སྐབས་བོད་སྐད་ཡག་པོ་མ་བཤད་པས་བཀའ་བཀྱོན་གནང་བའི་སྐོར་སོགས་མདོར་ན་གང་ནས་མ་འགྲིག་ན་དེ་མ་ཐག་བཀའ་བཀྱོན་གནང་ནས་བསྒྱུར་བཅོས་གནང་བ་དང་། དམངས་སྲོལ་རིག་གནས་ཡར་རྒྱས་སུ་བཏང་བའི་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

      ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༨ཉིན།ཕྱི་དྲོ། མདོ་འཛིན་པ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཀུན་དགའ་དབང་ཕྱུག་གིས་གསུང་བཤད་མགོ་འཛིན་མཛད།bDbརྗེ་ཙོང་ཁ་པའི་དྲ་བ།

0115_20.jpgbDbརྗེ་ཙོང་ཁ་པའི་དྲ་བ།

དང་པོ། རྫོང་སར་མཁན་པོ་ཕུན་ཚོགས་རྣམ་རྒྱལ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀྲུང་གོའི་ཆབ་སྲིད་ཀྱི་ལྟེ་བ་རྒྱལ་ས་པེ་ཅིན་དུ་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་བོད་ཁམས་ནས་བཞུགས་པའི་དགེ་བཤེས་བླ་སྤྲུལ་མང་བོ་གདན་ཞུས་ཀྱིས་རིག་གཞུང་གི་མིག་འབྱེད་ལྟ་བུའི་ཕྱག་ལས་གནང་བའི་སྐོར་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ས་སྐྱའི་ཆོས་བརྒྱུད་ཀྱི་དགོན་སྡེ་ཁག་ཏུ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་སྐོར་དང་སྡེ་དགེའི་པར་མཛོད་ཆེན་མོ་བསྐྱར་བཞེངས་གནང་ཚུལ་དང་། རྫོང་སར་བཤད་གྲྭ་གསར་དུ་ཚུགས་པའི་སྐོར་དང་། ཞིང་ཆེན་ལྔའི་སློབ་གྲྭའི་སློབ་དེབ་བསྒྲིགས་པ་དང་། ལོ་བཞི་བཅུའི་མན་ལ་ངེས་པར་བོད་ཡིག་སྦྱང་དགོས་པའི་བཀའ་ཕབ་པ་སོགས་ཀྱི་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

IMG_0602.JPG bDbརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། སྒང་བ་བསྟན་པའི་རྒྱལ་མཚན་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྔ་བ་བོད་རིགས་རང་སྐྱོང་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་ནས་ཕྱག་ལས་གནང་བའི་སྐོར་དང་། བཀའ་བསྟན་གཉིས་འཕྲུལ་པར་དུ་སྐྲུན་པའི་མཐུན་རྐྱེན་གནང་ཚུལ་དང་། སྐབས་དེར་ཁོང་གིས་སྐྱ་སེར་དམངས་ཚོགས་འབུམ་ཕྲག་ལྷག་ལ་གནང་བའི་གསུང་བཤད་ཟིན་བྲིས་སུ་ཕབ་པ་སྒྲོག་འདོན་གནང་བ་སོགས་ཀྱི་སྐོར་ལས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_21.jpgbDbརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་རྒན་བཛྲ་ཚུལ་ཁྲིམས་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་བཅུ་བ་མཆོག་བླ་བྲང་དང་ཀན་ལྷོའི་ས་ཆར་ཆིབས་བསྒྱུར་གནང་ནས་ཕྱག་ལས་གནང་ཚུལ་སྐོར་དང་། ཁོང་ལོ་ཆུང་དུས་ནས་བཟུང་པཎ་ཆེན་རིན་པོ་ཆེ་དང་མཇལ་བའི་མཐོང་ཐོས་སྐོར་ནས་བརྩམས་ཏེ་གསུང་བཤད་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_23.jpgbDbརྗེ་ཙོང་ཁ་པའི་དྲ་བ།

བཞི་པ། ལམ་བྲག་སྤྲུལ་སྐུ་གཡུ་རྒྱལ་རིན་པོ་ཆེ་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ཡུན་རིང་འགྲོགས་འདྲིས་སྐབས་ཀྱི་ཚོར་སྣང་སྐོར་ནས་བརྩམས་ཏེ་སྐར་མ་ཉི་ཤུའི་རིང་ལ་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

0115_22.jpgbDbརྗེ་ཙོང་ཁ་པའི་དྲ་བ།

ལྔ་པ། གཡུང་དྲུང་བོན་གྱི་སྤྲུལ་སྐུ་བོན་པོ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོན་པོའི་ཆོས་བརྒྱུད་ཁག་ཏུ་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་སྐོར་དང་། བོན་དགོན་མང་བོའི་ཆོས་སྒོ་ཕྱེས་ཚུལ་དང་། གཞིས་ཀ་རྩེར་བོན་པོའི་བསྟན་པ་བསྐྱར་གསོ་གནང་བར་སྒོར་མོ་ཁྲི་བཅོ་བརྒྱད་དང་རྟེན་སྐལ་བཅས་གནང་བའི་སྐོར་དང་། པཎ་ཆེན་རིན་པོ་ཆེའི་འཁྲུངས་གཞིས་དཔོན་ཚང་གི་ཡབ་མེས་ལོ་རྒྱུས་དང་འབྲེལ་བའི་སྐོར་ནས་བརྩམས་ཏེ་དུས་ཡུན་སྐར་མ་ཉི་ཤུའི་རིང་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།
དྲུག་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལིས་ཆིན་གྱིས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགོ་ལོག་ལ་ཕེབས་ཏེ་མགོ་ལོག་མི་དམངས་ལ་བརྩེ་གཟིགས་གནང་བའི་སྐོར་ནས་བརྩམས་ཏེ་རྒྱ་སྐད་ལམ་ནས་སྐར་མ་ཉི་ཤུའི་རིང་ལ་གསུང་བཤད་གནང་།bDbརྗེ་ཙོང་ཁ་པའི་དྲ་བ།

IMG_0607.JPGbDbརྗེ་ཙོང་ཁ་པའི་དྲ་བ།

བདུན་པ། ལྷ་རམས་དགེ་བཤེས་བློ་བཟང་ཡར་རྒྱས་ཀྱིས་མཇུག་བསྡུས་གསུང་བཤད་གནང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ་ནི། ཚོགས་འདུ་དང་བགྲོ་གླེང་ཧ་ཅང་གྲ་རྒྱས་ཤིང་གཟི་བརྗིད་ལྡན་པ་འདི་འདྲ་བ་ཞིག་འཚོགས་ཐུབ་པ་འདི་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་དང་། ཙོང་ཁ་པ་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྒན་གཞོན་དྲུང་དང་བཅས་པས་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ཡོད་པས་ཁོང་ཚོ་ལ་བཀའ་དྲིན་ཆེ་ཞུ་བ་དང་། དེ་མིན་མཁས་དབང་རྣམས་དང་ཆོས་བརྒྱུད་སོ་སོའི་འབྲེལ་ཡོད་མི་སྣ་གལ་ཆེན་དག་གིས་རང་རང་གི་བྱ་བའི་འཕྲོ་བསྐྱུར་ནས་འདིར་ཕེབས་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ཚོགས་འདུའི་དམིགས་ཡུལ་དང་དགོངས་དོན་ནི། ཁོང་ནི་དོན་དམ་པའི་མི་རིགས་ཀྱི་དེད་དཔོན། ཆོས་ལུགས་རིས་སུ་མེད་པའི་དད་དམ་འགྱུར་བ་མེད་པར་སྙིང་དབུས་ཀྱི་བླ་མ། རིག་གཞུང་གི་བདག་པོ། དཀའ་ངལ་ཆེ་བའི་སྐབས་གདོང་ལེན་ཐུབ་པའི་མི་རིགས་ཀྱི་དཔའ་བོ། ལོ་ངོ་སུམ་ཅུ་ཟིན་ལ་ཉེ་ཡང་སྔོན་གྱི་བསླབ་བྱ་དང་སློབ་གསོ་རེ་རེ་བསྐྱར་ཟློས་བྱེད་སྐབས་གསར་གཏོད་དང་སྔོན་ཐོན་ཐུབ་པའི་སློབ་གསོ་བ་ཆེན་མོ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ། རིམ་པ་གོང་འོག་དང་ཕྱི་ནང་བར་གསུམ་པོས་ཡིད་ཆེས་བློ་ཐུབ་ཀྱི་གསེར་ཟམ་ཆེན་མོ། མི་རིགས་རིག་གཞུང་དང་བཅས་པ་ཉམ་རྒུད་དང་འཕེལ་རྒྱས་ཀྱི་རྩ་བ་ཚོང་ལས་ལ་རག་པས་ན། ཁེ་ལས། ཆེད་ལས། ཚང་ལས་ལྷག་པར་དུ་ཞིང་འབྲོག་སོ་སོར་ཚོང་ལས་དཔལ་འབྱོར་གཞི་རྩ་བཟུང་ནས་ཞིང་ཕྱུག་ལས་འཕེལ་རྒྱས་བཏང་སྟེ་མི་དམངས་འཚོ་བ་ཐུགས་འགན་བཞེས་པའི་ཕ་མ་ལྟ་བུ། མདོར་ན་མི་རིགས་རིག་གཞུང་དང་བཅས་པ་སྲོག་རྩ་ཆད་ལ་ཉེ་བའི་སྐབས་ཀྱི་སྲོག་བླུ་བ་ཆེན་མོ་ཞིག་ཡིན་པས། ང་ཚོས་བཀའ་དགོངས་ཀྱི་ཆ་ཤས་རེ་རེ་ལག་བསྟར་ཐུབ་པའི་དམིགས་ཡུལ་ཡིན་ལ་རེ་བ་ཡང་ཡིན། ཁོང་ལྟ་བུ་བྱོན་ནས་ད་ལྟའི་བར་མི་ལོ་ཉེ་ཤུ་རྩ་བརྒྱད་ཐོན་ལ་ཉེན་ཡང་། རྗེས་དྲན་ཚོགས་འདུ་ཟབ་རྒྱས་ཞིག་འཚོགས་མ་ཐུབ་པ་དེ་ང་ཚོའི་ནོར་འཁྲུལ་ཡིན་ལ། ད་རུང་ཀུན་གཟིགས་རིན་པོ་ཆེའི་སྲས་མོ་དང་། བསེ་ཚང་བློ་བཟང་དཔལ་ལྡན། ཨ་ལགས་དོར་ཞི། སེར་ཤུལ་ཁྲི་རིན་པོ་ཆེ། མཁན་ཆེན་བསོད་ནམས་དར་རྒྱས། བཞག་པ་མཆོག་སྤྲུལ། དབུས་ཀྱི་གདན་ས་སོགས་འབྲེལ་ཡོད་མི་སྣ་མང་བོ་ཞིག་ལ་འབྲེལ་བ་བྱས་རུང་ཕེབས་ཐུབ་མེད། རྗེས་མར་རྗེས་དྲན་ཚོགས་འདུ་འདིར་ཐུགས་ཁུར་གནང་བའི་རེ་བ་ཡོད། ད་ཐེངས་རྗེས་དྲན་ཚོགས་འདུ་འདིར་རྒྱབ་སྐྱོར་རོགས་དངུལ་གནང་བའི་བཀའ་དྲིན་ཅན་གྱི་མི་སྣ་ཁོང་རྣམས་ལ་བཀའ་དྲིན་ཞུས་བ་དང་། དམིགས་བསལ་བཀའ་དྲིན་ཞུ་ཡུལ་མཁས་དབང་འཇམ་དཔལ་བློ་ཤེས་དང་། དགེ་རྒན་འཇིགས་མེད་བསམ་གྲུབ་སོགས་ནས་ཐུགས་ཁུར་བླ་མེད་གནང་བར་ཐུགས་རྗེ་ཆེ། སླད་རྗེ་ཙོང་ཁ་པ་ཞིབ་འཇུག་ཚོགས་པས་ལོ་གཉིས་རེའི་ནང་ཐེངས་གཅིག་རེ་འཚོགས་རྒྱུའི་གཏན་ཁེལ་ཡོད། མདོར་ན་ཚོགས་རའི་ནང་གི་དགེ་བཤེས་དང་དགེ་རྒན་རྣམ་པས་རྒྱབ་སྐྱོར་དང་ཕྱོགས་སོ་སོར་བཞུགས་པའི་བླ་སྤྲུལ་དགེ་བཤེས་མང་བོ་ཞིག་གིས་ཐུགས་ཁུར་ལ་བརྟེན་ནས་རྗེས་དྲན་ཚོགས་འདུ་གཟི་བརྗིད་ལྡན་པ་དང་དོན་སྙིང་ལྡན་པ་འཚོགས་ཐུབ་པར་སླར་ཡང་བཀའ་དྲིན་ཆེ་ཞུ་བ་དང་བཅས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་གྲུབ་པར་གནང་སོང་།ཚོགས་འདུའི་གསར་འགོད་པ་གདོང་གཞུག་ཟླ་བས།༢༠༡༧/༡/༡༠/ཉིན།bDbརྗེ་ཙོང་ཁ་པའི་དྲ་བ།
 bDbརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K