མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །མཉམ་མེད་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྗེས་དྲན་ཚོགས་ཆེན་གྱི་གསལ་བརྡ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2017-06-07 13:17:58         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

QQ截图20170607132345.pngDckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་འདུའི་གླེང་གཞི།Dckརྗེ་ཙོང་ཁ་པའི་དྲ་བ།

༄༅། །མཉམ་མེདྋ  ཙོང་ཁ་པ་ཆེན་པོའི་ཐོག་མའི་ཡོངས་འཛིན་ཆེན་པོ།  ཤར་ཕྱོགས་པ་རིགས་པའི་དཔའ་བོ། ྋ  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ནི་མཁས་གྲུབ་སྟོང་གི་ཁྲོད་ན་འགྲན་ཟླ་དང་བྲལ་ཞིང་། བསྟན་པ་དང་འགྲོ་བའི་དོན་དུ་བསམ་བཞིན་དུ་ངུར་སྨྲིག་གི་གར་དུ་བྱོན་པའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་མོས་པ་བཞིན་འགྲོ་བ་ཡོངས་ལ་ཕན་བདེ་བསྐྲུན་ཞིང་།  དགེ་ལྡན་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་དགོན་པ་གཙོས་བཤད་སྒྲུབ་ཀྱི་ཆོས་སྡེ་མང་བོ་ཕྱག་འདེབས་གནང་བ་དང་། བསྟན་འཛིན་གྱི་སློབ་བུ་སྟོང་ཕྲག་མང་བོ་གཅེས་སྐྱོང་མཛད། ཁྱད་པར་དུ་རྗེ་ཙོང་ཁ་བ་ཆེན་པོ་གཞོན་ནུའི་དུས་ནས་གཅེས་པར་བསྐྱངས་ཤིང་། ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་པ་དང་།  རབ་ཏུ་བྱུང་བ།  རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པ། དབུས་གཙང་དུ་ཕེབས་ཁར་རྫོངས་ཏ་མཛད་པ་སོགས་ཆོས་སྲིད་གཉིས་ཀྱི་ཐད་ནས་ཉེ་བར་བསྐྱངས་པའི་བཀའ་དྲིན་བླ་ན་མེད།  དེའི་ཕྱིར་ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུའང་། དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད། །ཅེས་དང་། སྔགས་རིམ་ཆེན་མོའི་མཛད་བྱང་དུ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད། ཅེས་དང་། རྟག་ངུའི་རྟོགས་བརྗོད་དུ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོར་ལེན་ཅིང་། ཞེས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ། དུས་ཕྱིས་ཀྱང་བླ་མ་དེའི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་། སྤྱན་ཆབ་འབྱིན་པ། མྱ་ངན་ལས་འདས་ནས་ཟླ་མཆོད་མ་ཆག་པར་གནང་བ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མ་གཅིག་ཏུ་མཛད་དོ། །Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་འདུའི་དམིགས་ཡུལ།Dckརྗེ་ཙོང་ཁ་པའི་དྲ་བ།

ྋཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་འཁོར་དྲུག་བརྒྱ་དང་སོ་གཉིས་འཁོར་བའི་སྐབས་འདིར།  འབྲེལ་ཡོད་ཀྱི་མགོ་ཁྲིད་དང་། མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོ།   ཁོང་གི་སློབ་བརྒྱུད་ཀྱི་དགོན་པ་དང་ས་གནས་ཀྱི་འཐུས་ཚབ། ཆེད་མཁས་པ་སོགས་མི་སྣ་སྐོར་ཞིག་གདན་དྲངས་ནས།  ཁོང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་རྗེས་དང་འཕྲིན་ལས་ལ་རྗེས་དྲན་དང་། བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་ཚུལ། བྱམས་བརྩེའི་བསམ་བློ་དང་། ཤེས་རབ་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་དང་གོང་བཀུར་བྱེད་པ་དམིགས་སུ་བཟུང་ནས་ཆོས་དང་རིག་གནས་དར་སྤེལ་དང་།  སློབ་གསོ་གོང་འཕེལ། འཛམ་གླིང་ཞི་བདེ། སྤྱི་ཚོགས་ཡར་རྒྱས་སུ་གཏོང་བ་བཅས་ཡིན།Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་འདུའི་བརྗོད་གཞི།Dckརྗེ་ཙོང་ཁ་པའི་དྲ་བ།

དང་པོ། ྋ  ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་སྐོར་གྱི་དཔྱད་གླེང་། Dckརྗེ་ཙོང་ཁ་པའི་དྲ་བ།

གཉིས་པ། ཁོང་གིས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཇི་ལྟར་བསྐྱངས་པའི་སྐོར་དང་འབྲེལ་ནས་ད་ལྟའི་མི་སྣ་གསོ་སྐྱོང་སྐོར་གྱི་དཔྱད་གླེང་། Dckརྗེ་ཙོང་ཁ་པའི་དྲ་བ།

གསུམ་པ། ཁོང་གི་གསུང་རྩོམ་དང་འབྲེལ་ནས་བདེ་གཤེགས་སྙིང་པོའི་སྐོར་གྱི་དཔྱད་གླེང་། Dckརྗེ་ཙོང་ཁ་པའི་དྲ་བ།

བཞི་པ། ཁོང་གིས་བཤད་སྒྲུབ་ཀྱི་ཆོས་སྡེ་མང་བོ་ཇི་ལྟར་བསྐྱངས་པའི་སྐོར་དང་འབྲེལ་ནས་ད་ལྟའི་བཤད་སྒྲུབ་འཆད་ཉན་འཕེལ་རྒྱས་སྐོར་གྱི་དཔྱད་གླེང་།Dckརྗེ་ཙོང་ཁ་པའི་དྲ་བ།

ལྔ་བ། ཁོང་གིས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཚུལ་དང་འབྲེལ་ནས་ད་ལྟའི་ཆོས་རིག་དར་སྤེལ་སྐོར་གྱི་དཔྱད་གླེང་།  Dckརྗེ་ཙོང་ཁ་པའི་དྲ་བ།

གསལ་བཤད།Dckརྗེ་ཙོང་ཁ་པའི་དྲ་བ།

ཆོས་སྲིད་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་རྣམས་ཀྱིས་གོང་གི་བརྗོད་གཞི་དང་མཐུན་པའི་དཔྱད་རྩོམ་དང་། སྙན་ངག་གི་ལམ་ནས་རྗེས་དྲན་གྱི་མཆོད་པ་ཅི་རིགས་རྩོམ་གནང་མཛད་ནས་བསྐུར་རྒྱུ་མཁྱེན། བརྗོད་གཞི་དང་མཐུན་པའི་དཔྱད་རྩོམ་དག་སྤྱི་ལོ༢༠༡༧ལོའི་ཟླ༨པའི་ཚེས༡གི་སྔོན་ལ་འབྱོར་དགོས་ཤིང་། དཔྱད་རྩོམ་ལྟར་དུ་གདན་ཞུ་བྱེད་རྒྱུ་ཡིན། འབྲེལ་ཡོད་དཔྱད་རྩོམ་དང་རྗེས་དྲན་སྙན་ངག་རྣམས་ཚོགས་འདུའི་རྗེས་སུ་དཔེ་དེབ་ཏུ་བཟོས་ནས་འགྲེམ་སྤེལ་བྱེད་རྒྱུ་ཡིན།    གདན་ཞུ་མི་སྣ་རྣམས་ཀྱི་ལམ་གླ་དང་། བཞུགས་གནས། བཟའ་བཏུང་སོགས་བཀོད་སྒྲིག་བྱེད་རྒྱུ་ཡིན།Dckརྗེ་ཙོང་ཁ་པའི་དྲ་བ།

གཙོ་སྒྲུབ་ལས་ཁུངས།  མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ།Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་གནས།  མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་། Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་དུས།  སྤྱི་ལོ༢༠༡༧ལོའི་ཟླ༨པའི་ཚེས༡༢དང༡༣ཉིན་གཉིས་ཀྱི་རིང་། ༼    ཚེས༡༡ཉིན་མིང་ཐོ་འགོད་པ།  ཚེས༡༣ཉིན་གྱི་ཕྱི་དྲོ་ཚོགས་འདུའི་མཇུག་གྲོལ་རྒྱུ།    ༽Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་འདུའི་གྲ་སྒྲིག་ཚོགས་ཆུང་།Dckརྗེ་ཙོང་ཁ་པའི་དྲ་བ།

སྤྱི་ཁྱབ་བློ་འདོན་པ།        བྱ་ཁྱུང་དགོན་པའི་ཨ་ལགས་དགེ་བཤེས་ཚང་། Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་གཙོ།               དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ། Dckརྗེ་ཙོང་ཁ་པའི་དྲ་བ།

ཚོགས་གཙོ་གཞོན་པ།      དགེ་བཤེས་བློ་བཟང་དགེ་འདུན། དགེ་རྒན་ཆེན་མོ་སྟོབས་ལྡན།Dckརྗེ་ཙོང་ཁ་པའི་དྲ་བ།

དྲུང་ཡིག །                 སྤྲིན་གྱི་མེ་ཏོག །Dckརྗེ་ཙོང་ཁ་པའི་དྲ་བ།

ལས་འཛིན་པ།             འཇམ་དབྱངས།   མཁའ་འགྲོ་ཚེ་བརྟན།  ནོར་བུ་རྒྱ་མཚོ། Dckརྗེ་ཙོང་ཁ་པའི་དྲ་བ།

འབྲེལ་གཏུག་བྱེད་ཡུལ།Dckརྗེ་ཙོང་ཁ་པའི་དྲ་བ།

ཨ་ལགས་དགེ་བཤེས།  13997382233
Dckརྗེ་ཙོང་ཁ་པའི་དྲ་བ།

གཅོད་པ་དོན་གྲུབ།    13519766596    Dckརྗེ་ཙོང་ཁ་པའི་དྲ་བ།

བློ་བཟང་དགེ་འདུན།   13299854939Dckརྗེ་ཙོང་ཁ་པའི་དྲ་བ།

སྤྲིན་གྱི་མེ་ཏོག  17051732999Dckརྗེ་ཙོང་ཁ་པའི་དྲ་བ།

རྩོམ་བསྐུར་ཡུལ། ཡིག་ཟམ། zhenjimeiduo@163.comDckརྗེ་ཙོང་ཁ་པའི་དྲ་བ།

 ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྗེས་དྲན་ཚོགས་འདུའི་གྲ་སྒྲིག་ཚོགས་ཆུང་།Dckརྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༢༠༡༧ལོའི་ཟླ༦པའི་ཚེས༡ཉིན། Dckརྗེ་ཙོང་ཁ་པའི་དྲ་བ།


Dckརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K