མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཧི་མ་ལའི་རིག་མཛོད་དཔྱད་ཞིབ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས།  2017-07-10 22:20:05         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

微信图片_20170710222113.jpgP1yརྗེ་ཙོང་ཁ་པའི་དྲ་བ།

   སྤྱི་ཟླ7པའི་ཚེས8ནས་ཚེས9ཉིན་བར་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་གཞི་གལ་ཆེན་ཏེ་སྤྲུལ་སྐུ་ཚེ་རིང་རྡོ་རྗེས་བཙུགས་པའི་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་ཧི་མ་ལ་ཡ་རིག་མཛོད་ཆེན་མོའི་བོད་ཀྱི་དཔེ་རྙིང་རིག་གཞུང་དབྱེ་ཞིབ་དང་བསྡུ་སྒྲིག་པར་སྐྲུན་དཔྱད་ཞིབ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས་པ་རེད།P1yརྗེ་ཙོང་ཁ་པའི་དྲ་བ།

微信图片_20170710222121.jpgP1yརྗེ་ཙོང་ཁ་པའི་དྲ་བ།

      ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཧི་མ་ལའི་རིག་མཛོད་ཆེན་མོའི་ཚན་པ་དབྱེ་སྟངས་དང་སྒྲིག་སྟངས་ཐད་གྲོས་མོལ་དང་དགོངས་འཆར་བསྡུ་ལེན་བྱས་པ་རེད།P1yརྗེ་ཙོང་ཁ་པའི་དྲ་བ།

      ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་པ་གཙོ་བོ་དགྲ་འདུལ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སྐལ་བཟང་རྒྱལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་དབུ་ཁྲིད་རྒན་པ་ལི་ཏུང་ཧྲེན། སི་ཁྲོན་མི་རིགས་དོན་གཅོད་ཨུ་ལྷན་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཀྲུའུ་རེན་ལོང་ཡོན།P1yརྗེ་ཙོང་ཁ་པའི་དྲ་བ།

微信图片_20170710222126.jpgP1yརྗེ་ཙོང་ཁ་པའི་དྲ་བ།

    སི་ཁྲོན་རིག་གནས་ཐིང་གི་འགན་འཛིན་གཞོན་པ་ཟུར་པ་ཚེ་པོ། ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ་སོགས་ཕེབས་ཡོད་པ་དང་། དེ་མིན་བོད་ཀྱི་མཁས་དབང་ཆེན་མོ་འཇམ་དཔལ་རྒྱ་མཚོ། ནོར་བྲང་ཨོ་རྒྱན། འཇུ་སྐལ་བཟང་། དཀོན་མཆོག་བསྟན་འཛིན། སྡེ་རོང་ཚེ་རིང་དོན་འགྲུབ། བཙན་ལྷ་ངག་དབང་ཚུལ་ཁྲིམས། དཔའ་རིས་སངས་རྒྱས། རྒྱལ་མོ་འབྲུག་པ། ཁ་སྒང་བཀྲ་ཤིས་ཚེ་རིང་། ཨ་སྔགས་ཚེ་རིང་བཀྲ་ཤིས། ཚེ་རིང་འགྱུར་མེད། རྒྱ་ཡེ་བཀྲ་བྷོ། གསང་སྔགས་རྡོ་རྗེ། P1yརྗེ་ཙོང་ཁ་པའི་དྲ་བ།

དགོན་སྡེ་ཕྱོགས་ཀྱི་མཁས་དབང་ཨ་ལག་དོར་ཞི། སེར་ཤུལ་ཁྲི་པ་རིན་པོ་ཆེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁས་དབང་ལྷ་རམས་པ་འཇམ་དཔལ་བློ་ཤེས། སློབ་གསོ་བ་ལྡོང་ཡོན་ཏན་རྒྱ་འཚོ་སོགས་ཆོས་བརྒྱུད་ཁག་དྲུག་གི་ཕྱོགས་ནས་དང་སྡོམ་པས་མཁས་དབང60ལྷག་ཚོགས་འདུར་ཕེབས་ཤིང་ཕྱོགས་གང་འཐད་ནས་གྲུབ་འབྲས་མི་དམན་པ་ཐོབ་ནས་རྒྱལ་ཁའི་ངང་མཇུག་གྲོལ་པ་རེད།  P1yརྗེ་ཙོང་ཁ་པའི་དྲ་བ།

微信图片_20170710222129.jpgP1yརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K