མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

2017ལོའི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས།   མཚོ་སྔོན་བོད་རིགས་དྲ་བ།     སྤེལ་དུས།  2017-09-18 14:48:08     རྩོམ་པ་པོ།   ཆབ་འགག་ཇོ་རུ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

loading...sZhརྗེ་ཙོང་ཁ་པའི་དྲ་བ།

ཟླ9པའི་ཚེས17ཉིན།2017ལོའི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་ཟི་ལིང་དུ་བསྡུས།sZhརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པད་མ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།  མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཟུར་པ་གཡུ་མགོན་པོ།ཁྲི་བ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན།མཚོ་སྔོན་ཞིེང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་གསེར་ཁྲི་ཚང་།དགེ་བཤེས་སྨོན་ལམ། དགེ་བཤེས་བློ་བཟང་བྱང་ཆུབ། དགེ་བཤེས་བློ་བཟང་ཡར་རྒྱས།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་།དགེ་རྒན་ཆེན་མོ་སྟོབས་ལྡན་སོགས་མགོ་ཁྲིད་དང་ཆེད་མཁས་པ། གསར་འགྱུར་སྡེ་ཁག་གི་གསར་འགོད་པ་བཅས་མི40ལྷག་ཐེངས་འདིའི་ལོ་ཚོགས་ལ་ཞུགས།sZhརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོའམ་མཚོ་སྔོན་ཞིེང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱས།sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པད་མས་གསུང་བཤད་གནང་བཞིན་པ།sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚབ་མ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུར་འགོ་འཛིན་བྱེད་བཞིན་པ།sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ་སེར་ཤུལ་ཁྲི་བས་གསུང་བཤད་གནང་བཞིན་པ།sZhརྗེ་ཙོང་ཁ་པའི་དྲ་བ།

ཉེ་བའི་ལོ་འདི་གའི་རིང་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་མཚོ་སྔོན་ཞིེང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གཉིས་ཀྱི་སྣེ་ཁྲིད་འོག་ཏང་གི་འབྲེལ་ཡོད་ཐབས་ཕྱོགས་སྲིད་ཇུས་རྒྱུན་འཁྱོངས་དང་རང་ཚོགས་པའི་འབྲེལ་ཡོད་ཁྲིམས་སྲོལ་སྒྲིག་ཡིག་ལྟར།མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ལས་དོན་བཟང་ཕྱོགས་སུ་རྒྱུད་སྒྲོག་བྱེད་པ་དང་།འཆམ་མཐུན་སྤྱི་ཚོགས་གསར་སྐྲུན་བྱེད་པའི་ཐད་ལ་རང་ནུས་ཅི་ཡོད་འདོན་བཞིན་ཡོད་དེ།སྔ་རྗེས་སུ《རྗེ་ཙོང་ཁ་པ》ཞེས་པའི་ལོ་དེབ་ཐེངས8རྩོམ་སྒྲིག་འགྲེམ་སྤེལ་བྱས་པ་དང་།2010ལོར《རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག》ཞེས་པའི་དྲ་ཚིགས་ཤར་གཏོང་བྱས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཡི་གེ་དང་པར་རིས།སྒྲ་བརྙན་སོགས་ཀྱི་རྣམ་པའི་སྟེང་ནས་བཀའ་བསྟན་འགྱུར་དང་བཅས་པའི་གསུང་རྩོམ་པོད1000ལྷག་དང་དཔེ་ཁྲིད་ཀྱི་སྒྲ་དང་བརྙན་གྱི་ཡིག་ཆ1100ལྷག༼  དུས་ཚོད་ལྟར་རྩིས་ན་ཕལ་ཆེར་དུས་ཚོད800ལྷག༽  བླུགས་ཡོད་པས་བོད་ཁུལ་དུ་ཅུང་དགའ་བསུ་ཐོབ་བཞིན་པའི་དྲ་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད།དགོན་སྡེ་ཁག་ལ་དམིགས་ནས《གངས་ལྗོངས་དགོན་སྡེ་དཔེ་དེབ》ཞེས་པའི་དེབ12ཅན་པར་སྐྲུན་འགྲེམ་སྤེལ་བྱས་པ་མ་ཟད། སྐབས་གཉིས་པའི་གཞུང་བརྒྱའི་བགྲོ་གླེང་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས།བླ་ཆེན་དགོངས་པ་རབ་གསལ་གྱི་མི་ཚེ་གྲུབ་འབྲས་དང་རྗེས་དྲན་ཁང་གསར་བཞེངས་སྐོར་གྱི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ཚོགས་འདུ། རྗེ་ཙོང་ཁ་པའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བཅས་དཔེ་དེབ་པར་སྐྲུན་དང་འབྲེལ་ཡོད་ཀྱི་ཚོགས་འདུ་ཐེངས་མང་པོ་ཚོགས་པ་རེད།sZhརྗེ་ཙོང་ཁ་པའི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པད་མས་བཤད་རྒྱུར།མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་རྒྱ་ཆེ་བའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་རྣམས་ལ་རིག་གཞུང་བརྗེ་རེས་དང་རིག་གནས་རྒྱུད་སྤེལ་གྱི་སྟེགས་བུ་ཞིག་སྐྲུན་ཡོད་ལ།  རྗེ་ཙོང་ཁ་པའི་རིག་གཞུང་བསམ་བློ་དང་སྒྱུ་རྩལ་ཁྱད་ཆོས་བཅས་ལ་རྒྱུད་འཛིན་དང་སྔོག་འདོན་བྱས་པ་མ་ཟད།རྗེ་ཙོང་ཁ་པའི་ཤུལ་བཞག་རིག་དངོས་བསྡུ་ཉར་དང་སྲུང་སྐྱོབ།ཞིབ་འཇུག་བཅས་བྱེད་པའི་ཚན་རིག་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།   མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་བཙུགས་པ་དེས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་བྱེད་པར་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། ( མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར་སྒྲིག་བྱས། )sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

loading...
sZhརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K