མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །བདེ་ཐང་ལམ་སྟོན་གྱི་ཚོགས་འདུ་བྲག་དཀར་རྫོང་དུ་བསྡུས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2018-01-31 17:24:02         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༢༠༡༨ལོའི་ཟླ་༡ཚེས་༢༨ཉིན་བོད་ཀྱི་གྲྭ་བཙུན་ལྷག་བསམ་ཅན་སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ་བམ་ཞག་སྒྲོན་ལགས་དང་།བློ་བཟང་བསྟན་དར་རམ་ས་སྨྱུག་ལྷ་ལུང་དཔལ་སྡེའི་རྟ་མགྲིན་རྡོ་རྗེ་གསུམ་གྱིས་གཙོ་སྒྲུབ་འོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ནས་བགྲང་བྱ་ཉེར་དགུ་ལོན་པར་རྗེས་དྲན་དང་།ཐེངས་གཉིས་པའི་བདེ་ཐང་ལམ་སྟོན་འོད་སྡེར་འགྲེམ་སྤེལ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་བསྡུས།GJ4རྗེ་ཙོང་ཁ་པའི་དྲ་བ།

2.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

ཚོགས་ཐོག་ཏུ་མདོ་དབུས་མཐོ་སྒང་གི་ཞིབ་འཇུག་ཚོགས་པ་དང་།ཀྲུང་ཧྭ་རྒྱལ་ཡོངས་འཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས།ལན་ཀྲུའུ་སློབ་ཆེན་དང་།ནུབ་བྱང་མི་རིགས་སློབ་ཆེན།ཡུན་ནན་མི་རིགས་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱི་གདན་ཞུའི་སློབ་དཔོན་ཆེན་མོ།སྔོན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་དང་།མདོ་སྨད་བྲག་དཀར་སྤྲེལ་རྫོང་དགོན་ཆེན་གྱི་ཁྲི་རབས་བཅུ་གསུམ་པ།བྲག་དཀར་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་ཁོ་ནག་ཚང་།གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་ཆེན་མོའི་དགེ་རྒན་དང་དབུ་འཛིན་ཆེན་མོ།ཇོ་ནང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་དངོས་གྲུབ་དཔལ་ཚང་།མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ།སེར་བྱེས་ལྷ་རམས་པ་མཁར་ནང་དགེ་བཤེས་བློ་བཟང་ཡར་རྒྱས་ཚང་།མདོ་སྨད་བྲག་དཀར་སྤྲེལ་རྫོང་དགོན་ཆེན་གྱི་ཁྲི་རབས་བཅུ་དྲུག་པ།གདན་ས་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཞུགས་བླ་མ་འབྲས་སྒོ་ཀླུ་འབུལ་ཕུར་ཚྭ་སྐུ་ཕྲེང་བཞི་བ་བློ་བཟང་བསོད་ནམས་རྒྱ་མཚོ་ཚང་།མདོ་སྨད་བྲག་དཀར་སྤྲེལ་རྫོང་དགོན་ཆེན་གྱི་བླ་མ་དང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་བཀའ་བཞི་འཛིན་གྲྭའི་སློབ་མ་མཆོག་སྤྲུལ་ངག་དབང་རྣམ་མཁྱེན་ཚང་།དཔལ་ཡུལ་ཁྱབ་གདལ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་འཕྲིན་ལས་ལྷུན་གྲུབ་གླིང་གི་དགོན་གཙོ།བླ་མ་གཞུང་ལས་པ་སྤྲུལ་སྐུ་ཐུབ་བསྟན་ཆོས་དབྱིངས་རྡོ་རྗེ་ཚང་།རྨ་དགོན་བཀྲ་ཤིས་ཆོས་གླིང་གི་ཚོགས་ཆེན་མཁན་པོ་ལས་ཐོག་པ།རྨ་གླིང་གསེར་འཁོར་ཆོས་རིག་ཡར་སྤེལ་ཚོགས་པའི་བློ་འདོན་པ།གསེར་འཁོར་རྩོམ་སྒྲིག་པ་ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ་ཚང་།མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་གཞོན་པ།གྱང་རིང་དགོན་རྨ་རྒྱལ་ཆོས་རིག་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ།ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་མགོ་གཙོ།དཔལ་ལྡན་ས་སྐྱ་བའི་སྐུ་ཚབ་ས་སྒང་འཇམ་དབྱངས་མཁྱེན་རབ་ཚང་།GJ4རྗེ་ཙོང་ཁ་པའི་དྲ་བ།

3.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་གཙོ།གངས་ལྗོངས་དགའ་ཡ་བཟོ་གྲྭའི་འགོ་གཙོ།དཔའ་ལུང་རྫོང་གི་བོད་སྐད་ཡིག་སློབ་གསོའི་དམིགས་བསལ་ལྟ་རྟོག་པ།མཚོ་ཤར་གྲོང་ཁྱེར་གྱི་རྒྱུན་ལས་སྲིད་གྲོས་ཨུ་ཡོན་དཔའ་ལུང་བ་ཤེས་རབ་རྒྱ་མཚོ་ཚང་།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།བོད་ཀྱི་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།ཞང་ཞུང་ཤེས་རིག་ཞིབ་འཇུག་ཚན་ཆུང་གི་ཚན་གཙོ།གངས་ལྗོངས་ལྷག་བསམ་མདུན་བསྐྱོད་ཚོགས་པའི་ཚོགས་གཙོ།མདོ་སྨད་རྟོགས་ལྡན་དགོན་ཆེན་གྱི་ཀྲུའུ་རིན་གཞོན་པ།གཡང་དྲུང་བོན་གྱི་སྐུ་ཚབ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ཚང་།འཛམ་གླིང་ཀྲུང་མཐུན་བོད་གསོ་མཐུན་ཚོགས་དང་མཚོ་སྔོན་རྩོམ་པ་པོ་ལྷན་ཚོགས་ཀྱི་ཚོགས་མི།བཀའ་བརྒྱུད་དབྱར་ཆོས་ཚོགས་པའི་ཚོགས་གཙོ།འབྲི་གུང་རྟོགས་ལྡན་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་གི་རིག་གནས་ཚན་གཙོ་མཁན་པོ་དཀོན་མཆོག་འཕྲིན་ལས་ཚང་།རྒྱལ་ཡོངས་སུ་མིང་དུ་གྲགས་པའི་བོད་གསོ་རིག་རིག་གཞུང་ཉམས་མྱོང་རྒྱུན་འཛིན་སློབ་དཔོན་ཆེན་མོ།རྒྱལ་ཡོངས་སྨན་པ་རྒན་རབས་པའི་རྒྱུད་འཛིན་སློབ་མའི་དགེ་རྒན།མཚོ་སྔོན་ཞིང་ཆེན་བོད་རྒྱ་གསོ་རིག་གི་ཆེད་མཁས་སྨན་པ།GJ4རྗེ་ཙོང་ཁ་པའི་དྲ་བ།

4.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གསོ་རིག་རིག་གཞུང་སྣེ་ཁྲིད་པ།གསོ་རིག་ཆེད་མཁས་བློ་འབའམ་བློ་བཟང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ཚང་།མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་སྟེ་བོད་ཀྱི་ན་གཞོན་སློབ་གསོ་བ་རྟའུ་ཐུབ་བསྟན་ཉི་མ་མཆོགམཚོ་སྔོན་འཁྱམ་རུ་དགོན་དང་རྒྱལ་མོ་དགོན་གཉིས་ཀྱི་དཔེ་ཁྲིད་དགེ་རྒན་འབྲས་སྒོ་མང་ལྷ་རམས་པ་འཇམ་དབྱངས་རྒྱ་མཚོ་ཚང་།རྔ་བ་ཇོ་ནང་བསེ་དགོན་པའི་དགོན་བདག་བླ་མ།དཔལ་རྒྱལ་བ་ཇོ་ནང་བའི་སྐུ་ཚབ་མཁར་སྤྲུལ་བཀྲ་ཤིས་དོན་གོ་ཚང་།ཀྲུང་གོའི་བོད་ཡིག་ཚིག་མཛོད་ཆེན་མོའི་བོན་དང་ཞང་ཞུང་སྡེ་ཚན་གྱི་རྩོམ་སྒྲིག་པ།བོན་གྱི་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཚང་།མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་བ།རྫ་ཀ་བཞི་དགོན་པའི་དགེ་རྒན་ལས་འཛིན་པ།ཀ་བཞི་རོང་ཊིཀ་པ་ཚང་།མདོ་སྨད་བྲག་དཀར་རྫོང་སྤྲེལ་རྫོང་དགོན་ཆེན་གྱི་བླ་མ།བྲག་དཀར་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལགས་དཀར་དམར་ཚང་།མདོ་སྨད་རྟོགས་ལྡན་དགོན་གྱི་དགོན་བདག་བླ་མ།GJ4རྗེ་ཙོང་ཁ་པའི་དྲ་བ།

5.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།བྲག་དཀར་རྫོང་སྲིད་གྲོས་ཀྱི་ཨུ་ཡོན།མདོ་ཁམས་འབྲི་གུང་བཀའ་བརྒྱུད་སྤྲུལ་སྐུ་ལྷན་ཚོགས་ཀྱི་རྒྱན་ལས་ལས་འཛིན།མདོ་ཁམས་འབྲི་གུང་བཀའ་བརྒྱུད་སྲི་ཞུ་ཚོགས་པའི་དྲུང་ཡིག་ཆེན་མོ་སྤྲུལ་རྟོགས་ལྡན་ཚང་།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་།ཆུ་སྔོན་ཡུལ་ཚོ་ཐར་སྟོན་བྲག་དཀར་དགོན་བཤད་སྒྲུབ་དགེ་འཕེལ་པད་དཀར་ཆོས་རྫོང་གླིང་གི་དགོན་བདག་བླ་མ་བསྟན་སྐྱོང་ཀུན་དགའ་ཡོན་ཏན་ཆོས་ཀྱི་རྒྱལ་མཚན་ཚང་།སྔ་འགྱུར་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་དགོན་གྱི་ཀྲུའུ་རིན་དང་ཆུ་དམར་ལེབ་རྫོང་གི་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་གེ་སར་རིག་གནས་ཞིབ་འཇུག་ཚོགས་པའི་རྒྱུན་ལས།མདོ་སྟོད་ཆུ་དམར་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་དགོན་གྱི་མཁན་སྤྲུལ་སྟགས་སྐྱབས་རིན་པོ་ཆེ་ཚང་།ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་གླིང་གི་དགེ་བསྐོས་ཟུར་བ།རོང་བོ་དགོན་ཆེན་གྱི་ཁྲི་རབས་དོན་བདུན་པ་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་མཆོག་གི་སྐུ་ཚབ་དགེ་འདུན་ཆོས་སྐྱོང་ཚང་།གྱང་རིང་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་གི་དགོན་གཙོ་གཞོན་པ།གྱང་རིང་དགོན་རྨ་རྒྱལ་ཆོས་རིག་སློབ་གླིང་གི་སློབ་གཙོ།དགེ་རྒན་འཕྲིན་ལས་ཉི་མ་མཆོགGJ4རྗེ་ཙོང་ཁ་པའི་དྲ་བ།

6.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

སྤྲེལ་རྫོང་དགོན་པའི་མདོ་སྔགས་གཉིས་ཀྱི་དགེ་རྒན།སྤྲེལ་རྫོང་དགོན་ལྔ་རིག་སློབ་གླིང་གི་སློབ་གཙོ།བྲག་དཀར་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཆེན་མོ།མཚོ་ལྷོ་ཁུལ་བླ་གྲྭ་གསོ་སྦྱོང་ལྟེ་གནས་ཀྱི་གདན་ཞུའི་དགེ་རྒན་ཆེན་མོ།མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།གཙང་གསུམ་རིག་ལྡན་ཆོས་འཁོར་གླིང་གི་སློབ་དཔོན་ཆེན་མོ་དཀའ་བཅུ་རྡོ་རམས་པ་དགེ་བཤེས་བསྟན་འཛིན་རྒྱ་མཚོ་མཆོགགངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ།GJ4རྗེ་ཙོང་ཁ་པའི་དྲ་བ།

7.jpgGJ4རྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་སཾ་བྷོ་ཊ་ཐེབས་རྩ་ཚོགས་པའི་ལས་འཛིན་དང་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ།བཙན་པོའི་མགར་གྱི་དྲ་བའི་དྲ་བདགགངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་དོ་དམ་པ་དང་གཙོ་སྐྱོང་བ་ཁཱ་ཤེས་རབ་རྒྱ་མཚོ་ཚང་།བཙུན་དགོན་བདེ་ཆེན་ཤེས་རབ་མཐར་ཕྱིན་གླིང་གི་འགན་གཙོ།བཙུན་མའི་སྐུ་ཚབ་བདེ་སྟོང་དབང་མོ་ཚང་།མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཞོན་དང་དྲུང་ཡིག་ཆེན་མོ།མཚོ་སྔོན་མ་སྐྱེས་ཨ་མ་ཚད་ཡོད་ཀུང་ཟིའི་སྤྱིའི་ལས་འཛིན་དཔོན།མཚོ་སྔོན་ཡུལ་སྐོར་རིག་གནས་གསར་ཐོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་པདྨ་བསྟན་འཛིན་མཆོག་བཅས་ཚོགས་ཞུགས་གནངས།དེ་ལས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་རྣམ་པ་དང་བླ་མ་དགེ་བཤེས་མཁས་དབང་ལྷ་རྗེ་བ་འགའ་ཤས་ཀྱིས་རིན་ཐང་གཞལ་བར་དཀའ་བའི་གསུང་བཤད་ཡིད་འཁུལ་བ་གནངས།གཙོ་སྒྲུབ་མི་སྣ་དག་གིས་བདེ་ཐང་ལམ་སྟོན་གྱི་སྤྱི་ཁྱབ་བློ་འདྲི་ཡུལ་བོད་ཀྱི་རྩོམ་པ་བོ་དང་སློབ་གསོ་བ་གྲགས་ཅན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་གངས་ལྗོངས་ལྷག་བསམ་མི་སྣའི་བྱ་དགའ་ཕུལ།མཐར་སེར་བྱེས་ལྷ་རམས་པ་བློ་བཟང་ཡར་རྒྱས་མཆོག་གིས་ཚོགས་འདུར་སྤྱི་སྡོམ་བྱས་ཏེ་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་གྲོལ་བའོ།།GJ4རྗེ་ཙོང་ཁ་པའི་དྲ་བ།

8.jpgGJ4རྗེ་ཙོང་ཁ་པའི་དྲ་བ།


GJ4རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K