མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །རེ་བའི་གསེར་གྱི་གཟེངས་རྟགས་སྐབས་གཉིས་པའི་གསར་འགྱུར།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2018-02-13 13:23:24         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1.jpghZwརྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༢༠༡༨ ལོའི་ཟླ་༢ པའི་ཚེས་༡༢ ཉིན་གྱི་དགོང་མོར་གནའ་མཁའ་ཟི་ལིང་དུ་རེ་བའི་གསེར་གྱི་གཟེངས་རྟགས་སྐབས་གཉིས་པ་འབུལ་བའི་དགའ་སྟོན་ཆེན་མོ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་འདི་ནི་མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བདག་སྐྱོང་འོག་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་དང་། ཡུལ་ཤུལ་རེ་བའི་བུ་ཁྱིམ་ཁང་གཉིས་མཉམ་འབྲེལ་གྱིས་ལོ་ཕྱེད་ལ་ཉེ་བའི་ནང་ཆེད་མཁས་པ་མང་པོ་གདན་འདྲེན་གྱིས་དཔྱད་སྡུར་བགྲོ་གླེང་འཚོགས་ཤིང་སྲོལ་ཡིག་གཏན་འབེབས་མཛད་རྗེས་སྔ་ཕྱིར་འོས་སྦྱོར་བསྡུ་བ་དང་། དཔྱད་འདེམས་དགེ་རྒན་གྱིས་འདེམས་ཤོག་འཕེན་པ་སོགས་ཀྱི་གོ་རིམ་ཚད་ལྡན་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》གཞིར་བཟུང་ཐོག་ལོ་གཉིས་ཀྱི་སློབ་སྦྱོང་དང་ཉམས་མྱོང་། ཚོད་བགམ་དང་གྲ་སྒྲིག་ལས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་དོན་སྙིང་དང་གཟི་བརྗིད་ལྡན་པའི་ངང་དབུ་བརྙེས།hZwརྗེ་ཙོང་ཁ་པའི་དྲ་བ།

2.jpghZwརྗེ་ཙོང་ཁ་པའི་དྲ་བ།

ཐེངས་འདིའི་གཟེངས་རྟགས་འབུལ་བའི་ཡུལ་དངོས་སུ་ཞིང་ཆེན་དང་ཁུལ་རིམ་པའི་སྲིད་གཞུང་མི་སྣ་དང་། དགེ་རྒན་ཆེན་མོ། བླ་སྤྲུལ་མཁན་གསུམ། གླུ་པ་གླུ་མ་སོགས་སེར་སྐྱ་རིས་སུ་མ་ཆད་པ་ཆིག་སྟོང་ལ་ཉེ་བ་ཕེབས་བཅར་མཛད་ཅིང་། ཐོག་མར་མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་དྲུང་ཡིག་པ་གཅོད་པ་དོན་གྲུབ་ཀྱིས་ཤིས་ཚིག་དང་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་ངོ་སྤྲོད་སྒྲོག་འདོན་དང་། ཁམས་པའི་ཕོ་སར་ཉ་མཚོ་འཇམ་དབྱངས་དཔལ་བཟང་དང་། བླ་མ་བློ་བཟང་གཉིས་ལ་བསྟོད་བསྔགས་ཕུལ་ཅིང་བཀའ་དྲིན་ཞུས་པར་མ་ཟད། མ་འོངས་པའི་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་ལམ་བུར་བླང་བྱ་ཡིད་འཁུལ་བ་བཏོན།hZwརྗེ་ཙོང་ཁ་པའི་དྲ་བ།

3.jpghZwརྗེ་ཙོང་ཁ་པའི་དྲ་བ།

རིམ་བཞིན་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་སྲོལ་འབྱེད་པ་བླ་མ་བློ་བཟང་དང་། ཉ་མཚོ་འཇམ་དབྱངས་དཔལ་བཟང་ཟུང་གིས་རེ་བའི་གསེར་གྱི་གཟེངས་རྟགས་བསྒྲུབ་པའི་ཐོག་མའི་དམིགས་ཡུལ་དང་། བར་གྱི་བརྒྱུད་རིམ། མ་འོངས་པའི་རེ་བ་བཅས་སྙན་ཞུ་ཕུལ་བར་མ་ཟད། ཉ་མཚོ་འཇམ་དབྱངས་དཔལ་བཟང་གིས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། རེ་བའི་གཟེངས་རྟགས་ལ་བདག་པོ་མེད་ཅེས་པ་སོགས་ཀྱི་འབོད་ཚིག་མཐོན་པོར་སྒྲོག་བཞིན་འབྱུང་འགྱུར་བོད་ཀྱི་ཁྱད་འཕགས་སྐྱེས་བུ་ཡོད་དོ་ཅོག་ལ་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་ཆོད་སེམས་ཡོད་པའི་རྣམ་འགྱུར་བསྟན་པ་དང་།
ཐེངས་འདིའི་རིག་རྩལ་འཁྲབ་སྟོན་དབུ་བཟུང་ཞིང་འབྲས་དཀར་དང་ཁམས་པའི་ཞབས་བྲོ། དམངས་གླུ་ཕུལ་བྱུང་པ་ཐེ་བོ་རྡོ་རྗེ་བཀྲ་ཤིས་དང་། རྡུང་ལེན་པ་རྨ་ཆུ་ཆོས་འཛོམས། གྲྭ་བཙུན་ངག་རིག་སྒྱུ་རྩལ་པ་བོད་ལྕེ། རེ་བའི་བུ་ཁྱིམ་ཁང་གི་ཉི་འོད་རོལ་ཚོགས་སོགས་ཀྱི་གླུ་དང་གར་གྱི་མཆོད་པའི་ཁྲོད་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་མཛེས་སྡུག་གིས་བཞད་པར་གདའ་འོ། ། hZwརྗེ་ཙོང་ཁ་པའི་དྲ་བ།

4.jpghZwརྗེ་ཙོང་ཁ་པའི་དྲ་བ།

མཚམས་འདི་ནས་རེ་བའི་གསེར་གྱི་གཟེངས་རྟགས་སྐབས་གཉིས་པ་དངོས་སུ་འབུལ་བའི་དབུ་བརྩམས། ཐོག་མར་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་དང་། སྐབས་དང་པོའི་རེ་བའི་རིག་གནས་གཟེངས་རྟགས་འབུལ་ཡུལ་གྱི་མཚན་བྱང་སྒྲོག་འདོན་ཞུས། ཐེངས་འདིའི་རེ་བའི་རིག་གནས་གསེར་གྱི་གཟེངས་རྟགས་དེ་བོད་ཀྱི་ཤེས་རིག་དར་སྤེལ་དང་། རིག་གཞུང་གསར་རྩོམ། སློབ་མ་གསོ་སྐྱོང་བཅས་ལ་མཛད་རྗེས་འབུར་དུ་ཐོན་པ་བོད་ཀྱི་རྒན་རབས་མཁས་དབང་ཨ་ལགས་དོར་ཞིར་རིན་པོ་ཆེར་ཐོབ་ཡོད་ལ། གཟེངས་རྟགས་འབུལ་སའི་ཡུལ་དངོས་སུ་ཁོང་གི་སྲས་དབང་ཕྱུག་ཚེ་བརྟན་དང་། སློབ་བུ་ཀུན་དགའ་གཉིས་དངོས་སུ་ཕེབས་ཡོད་ཅིང་། སློབ་བུ་ཀུན་དགས་ཨ་ལགས་རིན་པོ་ཆེའི་ཚབ་ཏུ་གསུང་བཤད་དང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་གིས་ཡང་བསྐྱར་མཛངས་པ་མཆོད་ཅིང་། དཔའ་བོ་བཀུར་བའི་བོད་ཁ་བ་ཅན་གྱི་གོམས་གཤིས་ལ་བསྟོད་པ་དང་། རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་རིན་ཐང་། ཨ་ལགས་དོར་ཞིའི་རིན་པོ་ཆེའི་ཆེ་བའི་ཡོན་ཏན་སྐོར་ནས་གསུང་བཤད་རིན་ཐང་བྲལ་བ་གནང་བར་མ་ཟད། ཨ་ལགས་མཆོག་གིས་ཐག་རིང་ནས་བསྐུར་བའི་གསུང་བཤད་བརྙན་ཟློས་ལ་སྐུ་མགྲོན་ཡོངས་ཀྱིས་གཟིགས་མོ་ཞུས། hZwརྗེ་ཙོང་ཁ་པའི་དྲ་བ།

5.jpghZwརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཙོང་ཁ་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལྷ་རམས་པ་བློ་ཡར་རྒྱས་མཆོག་གིས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་དང་། སྐབས་དང་པོའི་རེ་བའི་དགེ་ལས་གཟེངས་རྟགས་འབུལ་ཡུལ་གྱི་མི་སྣའི་མཚན་བྱང་སྒྲོག་འདོན་ཞུས། ཐེངས་འདིའི་རེ་བའི་དགེ་ལས་གཟེངས་རྟགས་དེ་མཐའ་ཡས་པའི་བོད་ཀྱི་རྩྭ་ཐང་དང་། ཅང་ཤེས་རྟ་ཕོའི་གོང་ཁ་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། ཉིན་གཅིག་ལ་སློབ་གྲྭ་འགྲིམས་མ་མྱོང་ཡང་གཏོང་ཕོད་དང་ལྷག་བསམ་ཆེས་ཆེར་ལྡན་པ་དམངས་ཁྲོད་ཚོང་དཔོན་བློ་བཟང་བརྩོན་འགྲུས་ལགས་ལ་ཐོབ། བརྙན་ཡོལ་བརྒྱུད་ཁོང་གིས་ད་ལྟའི་བར་བསྒྲུབས་པའི་དགེ་ལས་གཏམ་རྒྱུད་ཀྱི་བརྙན་ཟློས་བསྟན་རྗེས། ཁོང་གིས་གཟེངས་རྟགས་ཕྱག་ཏུ་བཞེས་ཏེ་དེ་རྨི་ལམ་ནང་ནས་ཀྱང་རྨིས་མ་མྱོང་བའི་དགའ་རྟགས་འདི་འདྲ་རིན་ཐང་ལྡན་པ་ཞིག་རེ་བ་ཁག་གཉིས་དང་། གདན་ཞུས་དཔྱད་འདེམས་དགེ་རྒན་རྣམས་ཀྱིས་གནང་བར་ཐུགས་རྗེ་ལེགས་འབུལ་དང་། དབུལ་ཕོངས་ཀྱི་མནར་གཅོད་སུ་ལ་ཡང་མི་ཐེབས་ཤིང་། འབྱུང་འགྱུར་བོད་རིགས་ཁེ་ལས་པ་དག་གིས་རེ་བའི་དགེ་ལས་གསེར་གྱི་གཟེངས་རྟགས་བཞེས་ཐུབ་པའི་སྨོན་འདུན་ཞུས་པར་མ་ཟད། ལྷ་རམས་པ་བློ་བཟང་ཡར་རྒྱས་ཀྱིས་དམངས་ཁྲོད་ཚོང་དཔོན་ཁོང་ལ་རྟེན་འབྲེལ་ཞུ་བ་དང་སྦྲགས་དགེ་ལས་ཀྱི་སྐོར་ནས་གསུང་བཤད་མདོར་བསྡུས་གནང་། hZwརྗེ་ཙོང་ཁ་པའི་དྲ་བ།

6.jpghZwརྗེ་ཙོང་ཁ་པའི་དྲ་བ།

སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོར་འདིར་ཕེབས་པའི་ཞིང་ཆེན་ཁུལ་ཕ་ཡུལ་ས་གནས་ཀྱི་དབུ་ཁྲིད་རྣམ་པ།  བླ་སྤྲུལ་དགེ་བཤེས་མཁན་པོ་གླུ་བ་གླུ་མ་རྒྱ་ཆེ་མང་ཚོགས་དང་བཅས་པ་ལ་འཚམ་འདྲི་དང་།  ལྷག་པར་དུ་བོད་ས་ཁྱི་ལོའི་གནམ་ལོ་གསར་ལ་ཉེ་བའི་སྐབས་འདིར་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ།hZwརྗེ་ཙོང་ཁ་པའི་དྲ་བ།

7.jpghZwརྗེ་ཙོང་ཁ་པའི་དྲ་བ།

འདི་ལོ་རེ་བའི་གསེར་གྱི་གཟེངས་རྟགས་ཁག་གཉིས་ལས་ཕྲན་ལ་རེ་བའི་དགེ་ལས་གསེར་གྱི་གཟེངས་རྟགས་ཀྱི་བསྐོར་ཏོག་ཙམ་ཞུ་དགོས་པའི་བཀའ་མངག་ལྟར།  དུས་ཚོད་སྐར་ཆ་ལྔ་ལས་མེད་པས་མདོར་བསྡུས་ཙམ་ཞུས་ན་སྤྱིར་གཟེངས་རྟགས་རྣམ་གྲངས་མང་པོ་ཡོད་པ་ལས་དགེ་ལས།  བྱམས་སེམས།  ཞི་བདེའི་གཟེངས་རྟགས་སོགས་བྱུང་དགོས་དོན་ནི།  ཇི་སྐད་དུ།  ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།ཞེས་གསུངས་པ་ལྟར།  བར་སྣང་སྟོང་བ་འདི་ལ་གོ་ལ་གྲངས་མེད་ཅིག་ཡོད་ན་ཡང་། ཉི་ཟླ་སྐར་གསུམ་གྱིས་གྲོགས་བྱེད་པའི་ས་སྒང་གོ་ལ་འདིར་གནས་ཀྱི་སྲོག་ཆགས་ཡོད་དོ་ཅོག་གིས་ལས་དབང་གིས་གྲུབ་པའི་འཚོ་གནས་ཐུན་མོང་གི་ཁྱིམ་གཞི་ཞིག་རེད་དེ་མིའི་འགྲོ་བ་འདོད་རྔམ་ཆེ་བ་དང་ཆོག་ཤེས་མེད་པས་དབང་གིས་རྣམ་དཔྱོད་ཀྱི་ཤེས་རབ་བེད་སྤྱོད་ལོག་པར་གཏོང་ནས་ས་སྒང་ཧྲིལ་བོ་འདི་མིའི་འགྲོ་བ་གཅིག་པུས་བདག་ཏུ་བཟུང་ནས་དེ་ལས་གཞན་པའི་སྲོག་ཆགས་ཚང་མ་ཁ་ཟས་ལྟ་བུ་བྱེད།  hZwརྗེ་ཙོང་ཁ་པའི་དྲ་བ།

8.jpghZwརྗེ་ཙོང་ཁ་པའི་དྲ་བ།

དེ་ནས་མི་དང་མིའི་བར་རང་དང་གཞན་གྱི་ས།དེ་དག་ཡར་རྒྱས་གོང་འཕེལ་གྱི་ཆེད་རང་བྱུང་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་བཟོས་པ་མ་ཟད་མིའི་སེམས་ཁམས་ལ་ཡང་དུག་གསུམ་གྱི་རྒྱུད་འཁྲུགས་མི་དང་མིའི་བར་ལ་དབང་བསྒྱུར་དམགས་འཁྲུགས་སོགས་བྱུང་།མིའི་འགྲོ་བ་དང་རིགས་གནས་སོགས་གནོད་འཚེ་ཚབས་ཆེ་བཟོས་པ་སོགས་ལ་སྲུང་སྐྱོབ་དང་དམིགས་བསལ་ཕྱག་ལས་དང་ཐུག་ཁུར་གནང་བའི་འབུར་ཐོན་གྱི་མི་བུ་ལ་གཟེངས་རྟགས་འབུལ་བའི་སྲོལ་དར།hZwརྗེ་ཙོང་ཁ་པའི་དྲ་བ།

11.jpghZwརྗེ་ཙོང་ཁ་པའི་དྲ་བ།

རེ་བའི་གསེར་གྱི་གཟེངས་རྟགས་འདི་ཡང་རྒྱ་ཆེ་ཆུང་ཙམ་ལས་དམིགས་ཡུལ་དགོས་པ་སོགས་ནི་འཛམ་གླིང་ཞི་བདེའི་གཟེངས་རྟགས་སོགས་དང་ཁྱད་མེད་པའི་བོད་ཡུལ་གྱི་གཟེངས་རྟགས་ཐོག་མར་དེ་ཡིན་པ་མ་ཟད་མ་འོངས་པ་ན་ཡང་འཛམ་གླིང་ཞི་བདེའི་གཟེངས་རྟགས་ལྟར་ཁ་ཕྱོགས་དམིགས་ཡུལ་སོགས་ཕན་ཐོག་གང་ཆེ་ཡོང་བའི་སྨོན་འདུན་ཞུས། hZwརྗེ་ཙོང་ཁ་པའི་དྲ་བ།

ཇུག་མཐར་མིང་དུ་གྲགས་པའི་བོད་ཀྱི་གླུ་པ་གངས་ཅན་པ་སྒྲོལ་མ་སྐྱབས་དང་། གནམ་མཚོ། བདེ་སྐྱིད་ཚེ་རིང་དང་ཁོའི་སློབ་བུ་བསོད་བློ། ཚེ་རིང་དབང་འདུས། ནམ་མཁའ་མཚོ། དཔལ་ཆེན་དབང་རྒྱལ། གླུ་མ་ཆུང་ཆུང་ཡེ་ཤེས་ཆོས་མཚོ། ཚེ་རིང་ནོར་བུ། ཤེར་བསྟན་སོགས་གླུ་པ་རྣམས་དང་། སྒ་སྟོད་དམངས་ཁྲོད་གླུ་གར་ཚོགས་པ་དང་། རེ་བ་ཁག་གཉིས་ཀྱི་རེ་བ་དང་ཡིད་ཆེས་ཀྱི་བརྟས་པའི་གླུ་པ་དང་བྲོ་པ་རྣམས་ཀྱིས་རྐང་པའི་སྟངས་སྟབས་དང་། ངག་གི་འགྱུར་ཁུགས། ཐོད་བརྒལ་སྒྱུ་རྩལ་གྱི་གཟི་འོད་ལམ་ལམ་ཁྲོད་ཐེངས་འདིའི་དགའ་སྟོན་མཇུག་བསྡུས་ཤིང་། འདི་ནི་བོད་གངས་ཅན་གྱི་མི་རབས་གསར་པས་བསྐྲུན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་རིན་ཐང་བྲལ་བ་ཞིག་ཏུ་གཟུར་གནས་དཔྱོད་ལྡན་ཁྲི་འབུམ་གྱིས་ངོས་འཛིན་གནང་བཞིན་ཡོད་དོ། །hZwརྗེ་ཙོང་ཁ་པའི་དྲ་བ།

10.jpghZwརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K