མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི2018ལོའི་ཚོགས་མིའི་འཆད་ཁྲིད་ཟི་ལིང་ནས་བསྡུས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས།  2018-05-15 09:55:27         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1112.jpgFvAརྗེ་ཙོང་ཁ་པའི་དྲ་བ།

ཚོགས་རའི་ཡུལ་དངོས།FvAརྗེ་ཙོང་ཁ་པའི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། <གསར་འགོད་པ།ཚེ་རིང་རྒྱ་མཚོ་དང་ཚེ་མཁར་རྒྱལ།>2018ལོའི་ཟླ5བའི་ཚེས13ཉིན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི2018ལོའི་ཚོགས་མིའི་འཆད་ཁྲིད་གནའ་མཁར་ཟི་ལིང་གི་མ་སྐྱེས་ཨ་མའི་བོད་ཟས་ཟ་ཁང་དུ་ཚོགས། ཐེངས་འདིའི་འཆད་ཁྲིད་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་ཀྱིས་ཐེངས་འདིའི་འཆད་ཁྲིད་ལ་འགོ་འཛིན་བྱས། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁོར་སྲུང་འཕེལ་རྒྱས་ཡར་སྐུལ་ལྷན་ཚོགས་འཕྲོད་བསྟེན་དྲིལ་བསྒྲགས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆོས་དཔལ་བཟང་བོས་བོད་ཁུལ་ཨེ་ཛི་ནད་ཡམས་ཀྱི་ཁྱབ་འབྱམས་རྣམ་པ་དང་སྔོན་འགོག་བྱ་ཐབས་སྐོར་ནས་འཆད་ཁྲིད་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་སྟོབས་ལྡན་གྱིས་མི་ཚེ་དང་སློབ་སྦྱོང་གི་སྐོར་ནས་འཆད་ཁྲིད་བྱས། ཚོགས་མི200ལྷག་ཐེངས་འདིའི་འཆད་ཁྲིད་སྟེང་ཞུགས་ཡོད།FvAརྗེ་ཙོང་ཁ་པའི་དྲ་བ།

44445.jpgFvAརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཞིང་ཆེན་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་ཀྱིས་ཐེངས་འདིའི་འཆད་ཁྲིད་ལ་འགོ་འཛིན་མཛད་པ།FvAརྗེ་ཙོང་ཁ་པའི་དྲ་བ།

སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁོར་སྲུང་འཕེལ་རྒྱས་ཡར་སྐུལ་ལྷན་ཚོགས་འཕྲོད་བསྟེན་དྲིལ་བསྒྲགས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆོས་དཔལ་བཟང་བོས་འཆད་ཁྲིད་བྱེད་སྐབས་བརྗོད་བྱ་གཙོར་བཟུང་ནས་ཁ་གསལ་གོ་བདེ་བའི་སྒོ་ནས་ཀྲུང་གོའི་ཨེ་ཛི་ནད་པ་བྱུང་འཕར་གྱི་ས་ཁྲ་དང་ལོ་ཚོད། བོད་ཁུལ་གྱི་ཨེ་ཛིའི་ནད་ཡམས་ཁྱབ་ཚུལ། ནད་ཡམས་འགོས་པའི་ནད་པའི་འཚོ་གཞེས་ཀྱི་གནས་ཚུལ་དང་ནད་རྟགས། བགྲོ་གླེང་སོགས་ཀྱི་སྒོ་ནས་ཨེ་ཙེའི་ནད་ཡམས་འགོ་བའི་ཐབས་ལམ་དང་དེའི་ཉེན་ཁ་སོགས་ངོ་སྤྲོད་བྱས་པ་དང་། མི་རྣམས་ཀྱིས་རང་སྟེང་ནས་བཟུང་ཨེ་ཙིའི་ནད་ཡམས་སྔོན་འགོག་བྱེད་དགོས་པའི་ཉེན་བརྡ་བཏང་བར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཨེ་ཙིའི་ནད་ཡམས་འགོས་པའི་ནད་པ་ལ་ཐུགས་ཁུར་དང་རོགས་སྐྱོར་བྱས་ནས་ཁོ་ཚོ་འཚོ་བའི་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་འབོད་སྐུལ་བཏང་། །FvAརྗེ་ཙོང་ཁ་པའི་དྲ་བ།

66667.jpgFvAརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་སྟོབས་ལྡན་གྱིས་མི་ཚེ་དང་སློབ་སྦྱོང་གི་སྐོར་ནས་འཆད་ཁྲིད་མཛད་བཞིན་པ།FvAརྗེ་ཙོང་ཁ་པའི་དྲ་བ།

འཆད་ཁྲིད་བྱས་པར་གཞིགས་ན། 1985ལོར་ཀྲུང་གོར་ཨེ་ཛིའི་ནད་འགོས་པའི་ནད་པ་དང་པོ་དེ་ཐོན་པའི་ཚུན་ནས། མིག་སྔར་རྒྱལ་ཡོངས་ཀྱི་ནད་ཡམས་གནས་ཚུལ་སྤྱི་ཡོངས་ནས་འགོས་ཁྱབ་ཆུང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཀྱང་། ས་ཁུལ་ཁག་ཅིག་ལ་འགོས་ཁྱབ་བྱུང་ཚད་ཆེ་བ་དང་། དུག་འཐེན་མཁན་གྱིས་ཁྲག་རྩར་ཁབ་བརྒྱབ་ནས་འགོས་པ་དང་ཕོ་མོའི་འཁྲིག་སྤྱོད་བརྒྱུད་འགོས་པ་དེ་ནད་དུག་འགོ་བའི་བརྒྱུད་ལམ་གཙོ་བོར་གྱུར་ཡོད་ལ། ས་གནས་ཁག་ལ་འགོས་ཁྱབ་འགྲོ་བའི་རྣམ་པར་ཧེ་བག་ཡོད་ཅིང་། དར་མ་དང་རྒན་རྒོན། སློབ་མ་སོགས་གཙོ་གནད་མི་ཚོགས་ནང་ནད་ཡམས་འགོས་ཚད་མངོན་གསལ་ངང་ཇེ་ཆེར་ཕྱིན་ཞིང་། གསོན་པོར་གནས་པའི་ནད་དུག་འགོས་མཁན་དང་ནད་པའི་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ནད་རྟགས་ཐོན་མཁན་གྱི་མི་གྲངས་མང་དུ་ཕྱིན་པ་བཅས་རེད། །FvAརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K