མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །རྫོགས་ཆེན་པདྨ་སྐལ་བཟང་མཆོག་གི་གསུང་འབུམ་དེབ་སོ་གཉིས་ཀྱི་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།

ཡོང་ཁུངས།   གངས་ལྗོངས་ཉི་གཞོན་དྲ་བ།     སྤེལ་དུས།  2018-06-04 14:48:54     རྩོམ་པ་པོ།   དཀོན་མཆོག་རྡོ་རྗེ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

Oeoརྗེ་ཙོང་ཁ་པའི་དྲ་བ།

 འགྲེམ་སྤེལ་མཛད་སྒོ།Oeoརྗེ་ཙོང་ཁ་པའི་དྲ་བ།

 གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ་དཀོན་མཆོག་རྡོ་རྗེ།)སྤྱི་ཟླ་6པའི་ཚེས་2ཉིན། ཀྲུང་གོ་མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་དངོས་མང་བཤམས་སྟོན་ཁང་དང་།  སི་ཁྲོན་སློབ་ཆེན་དངོས་མང་བཤམས་སྟོན་ཁང་། ཁྲེན་ཏུའུ་དར་རྒྱས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་སོགས་ལས་ཁུངས་བརྒྱད་ཀྱིས་གཙོ་གཉེར་བྱས་པའི་རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་དེབ་སོ་གཉིས་ཅན་གྱི་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།  སི་ཁྲོན་ཞིང་ཆེན་གྱི་དབུ་ཁྲིད་རྒན་པ་ཡངས་གླིང་རྡོ་རྗེ་དང་། སྔོན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་གཙོ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁམས་སྐུ་ཆེན་རིན་ཆེན་རྣམ་རྒྱལ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ། མཚོ་སྔོན་གསེར་གྱི་ཨ་རུ་ར་བོད་སྨན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཆེན་མོ་འོ་ཚོགས་ཆེན། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་མཁས་དབང་། ལྷོ་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ་དག་འགྲེམ་སྤེལ་མཛད་སྒོ་ཕེབས་ནས་གསུང་བཤད་གནང་།  དེ་མིན་ད་དུང་ཧྥུའུ་ཏན་སློབ་ཆེན་དང་། ལན་ཀྲོའུ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་སོགས་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ། རྩོམ་སྒྲིག་པ། གཞན་ཡང་རྩོམ་པ་པོ་དང་ཁེ་ལས་པ། གསར་འགྱུར་སྨྱན་སྦྱོར་ཁག་གི་གསར་འགོད་པ་སོགས་མི་སྣ200ལྷག་མཛད་སྒོར་ཞུགས། Oeoརྗེ་ཙོང་ཁ་པའི་དྲ་བ།

Oeoརྗེ་ཙོང་ཁ་པའི་དྲ་བ།

པད་མ་སྐལ་བཟང་གི་གསུམ་འབུམ་པོད་སོ་གཉིས་ཅན།Oeoརྗེ་ཙོང་ཁ་པའི་དྲ་བ།

         ཐེངས་འདིར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་རྗོགས་ཆེན་པདྨ་སྐལ་བཟང་གི་གསུང་འབུམ་ལ་བསྡོམས་པས་པོད་སོ་གཉིས་དང་ཡིག་འབྲུ་ཁྲི་དྲུག་བརྒྱ་ལྷག་ཡོད་པས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་བོད་ཀྱི་རྩོམ་པ་པོ་སྒེར་ངོས་ཀྱི་བརྩམས་ཆོས་ཆེས་མང་ཤོས་ཅན་དུ་གྱུར་ཡོད།Oeoརྗེ་ཙོང་ཁ་པའི་དྲ་བ།

Oeoརྗེ་ཙོང་ཁ་པའི་དྲ་བ།

བློ་བཟང་ལྷུན་རྡོ་རྗེས་གསུང་བཤད་གནང་བཞིན་པ།Oeoརྗེ་ཙོང་ཁ་པའི་དྲ་བ།

ཉིན་དེའི་ཕྱི་དྲོར་འཚོགས་པའི་པདྨ་སྐལ་བཟང་གི་གསུང་འབུམ་དཔྱད་གླེང་ཚོགས་འདུའི་ཐོག་དགོན་སྡེ་ཁག་གི་དགེ་བཤེས་མཁན་པོ་དང་། ས་གནས་སོ་སོའི་མཁས་དབང་ཚོས་པདྨ་སྐལ་བཟང་གི་བརྩམས་ཆོས་ཀྱི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། བསམ་བློའི་དོན་སྙིང་ཕུན་སུམ་ཚོགས་པ། གནའ་རབས་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་རྒྱུན་འཛིན་དང་། སྔོག་འདོན། ཞིབ་འཇུག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་མ་ཟད། དེང་གི་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་རྣམ་པའི་སྤྱི་ཚོགས་ནང་། ཕྱི་ནང་གི་ཁོར་ཡུག་དང་། མིའི་སེམས་ཁམས། དེང་དུས་ཀྱི་གནས་བབས་དང་བསྟུན་པའི་གསར་གཏོད་རང་བཞིན་ལྡན་ཞིང་། མི་རིགས་དང་རྒྱལ་མཚམས་ལས་བརྒལ་བ། ལམ་ལུགས་མི་འདྲ་བ་དང་། ཡུལ་སྲོལ་མི་འདྲ་བ། ལས་རིགས་པའི་བག་ཆགས་ལས་གྲུབ་པའི་ཕྱོགས་རེ་རིས་ཆོད་ཀྱི་འཇིག་རྟེན་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ་གྱི་དྲི་མས་མ་བསླད་པར། བློ་གཟུ་བོར་གནས་ཤིང་མིག་རྒྱང་རིང་བ། ཡོངས་ལ་ཁྱབ་ཅིང་ཀུན་ལ་སྙོམས་པའི་ཚད་མཐོའི་རང་བཞིན་གྱི་ཁྱད་ཆོས་ལྡན་པས་སྤྱི་ཚོགས་ཡོངས་ལ་བཞག་པའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་ཟབ་མོ་གནང་། Oeoརྗེ་ཙོང་ཁ་པའི་དྲ་བ།

Oeoརྗེ་ཙོང་ཁ་པའི་དྲ་བ།

དཔྱད་གླེང་ཚོགས་འདུ།Oeoརྗེ་ཙོང་ཁ་པའི་དྲ་བ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་པདྨ་སྐལ་བཟང་གི་གསུང་འབུམ་ཚར་གྲངས་ཁྲི་གཉིས་ཙམ་པར་བསྐྲུན་བྱས་པས་རྗེས་སུ་ས་གནས་སོའི་དགོན་སྡེ་དང་། སློབ་གྲྭ། དཔེ་མཛོད་ཁང་སོགས་དགོས་མཁོ་ཡོད་མཁན་ཚོ་ལ་རིན་མེད་ངང་འདོན་སྤྲོད་བྱ་རྒྱུ་རེད།།Oeoརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K