མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2018ལོའི་ལོ་ཚོགས་བསྡུས།

ཡོང་ཁུངས།   མཚོ་སྔོན་པོ་དྲ་བ།     སྤེལ་དུས།  2018-11-15 10:06:48         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1.jpg4Tqརྗེ་ཙོང་ཁ་པའི་དྲ་བ།

 སྤྱི་ཟླ11པའི་ཚེས10ཉིན། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2018ལོའི་ལོ་ཚོགས་དེ་སྐུ་འབུམ་རྫོང་མཚོ་སྔོན་པད་མ་འདབ་བརྒྱད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཉམས་ལེན་ལྟེ་གནས་སུ་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་ཀུན་གྱི་མཁས་དབང60ཙམ་ལོ་ཚོགས་སུ་ཞུགས་པ་རེད།4Tqརྗེ་ཙོང་ཁ་པའི་དྲ་བ།

2.jpg4Tqརྗེ་ཙོང་ཁ་པའི་དྲ་བ།

     མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་ངོ་ཚབ་གཅོད་པ་དོན་གྲུབ་ལགས་ཀྱིས་མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་ལོ་གཅིག་ཙམ་གྱི་རིང་ལ་བསྒྲུབས་ཟིན་པའི་ལས་དོན་ཕྱོགས་བསྡོམས་དང་སང་ལོའི་ལས་དོན་འཆར་གཞི་དང་བཀོད་སྒྲིག་སྐོར་སྙན་ཞུ་ཕུལ་ཞིང་ཚོགས་འདུ་གཙོ་སྐྱོང་མཛད་པ་རེད།4Tqརྗེ་ཙོང་ཁ་པའི་དྲ་བ།

3.jpg4Tqརྗེ་ཙོང་ཁ་པའི་དྲ་བ།

     ཉེ་བའི་ལོ་འགའི་ནང་། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་རང་སྟེང་གི་ཁྱད་འཕགས་འདོན་སྤེལ་གང་ལེགས་སྒོས་སྔ་གཞུག་ཏུ《རྗེ་ཙོང་ཁ་པ》དུས་དེབ་འདོན་ཐེངས8སྤེལ་བ་དང་། རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་དྲ་བ་བཙུགས་ཤིང་། བོད་རྒྱ་གཉིས་ཀྱི་དྲ་ངོས་དང་པར་མཛོད། སྒྲ་སོགས་ཀྱི་རྣམས་པས་ལེ་ཚན་གཙོ་བོ13དང་ལེ་ཚན་ཆུང་བ63གྱིས་གྲུབ་པ་དང་། ད་སྔ་བརྩམས་ཆོས600-1000ལྷག་ནང་འཇུག་བྱས་ཡོད་ཅིང་། དེ་ལས་བཀའ་བསྟན་འགྱུར་གྱི་དཔེ་ཆ་ཚང་དང་སྒྲའི་ཡིག་ཆ1100ལྷག་འདུས་ཏེ་ཆུ་ཚོད700ལྷག་ལ་གཏང་ཆོག དེ་མིན《གངས་ལྗོངས་བོད་ཁུལ་གྱི་དགོན་པའི་ཀློག་དེབ》པོད12པར་དུ་བསྐྲུན་ཏེ་བོད་ཁུལ་གྱི་དགོན་པའི་གྲྭ་བཙུན་ལ་གཅིག་གྱུར་གྱི་ཀློག་དཔེ་མེད་པའི་སྟོང་ཆ་བསྐངས། ད་དུང་བོད་རིག་པའི་རིག་མཛོད་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་སྲོང་བཙན་ཤེས་རིག་བྱ་དགའ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས། བོད་བརྒྱུད་ནང་བསྟན་གྱི་གྲགས་ཅན་ལོ་རྒྱུས་མི་སྣ་བླ་ཆན་དགོངས་པ་རབ་གསལ་གྱི་མི་ཚེ་ཧྲིལ་བོའི་མཛད་རྗེས་དང་དྲན་རྟེན་ཁང་གསར་བ་སོགས་འབྲེལ་ཡོད་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཏེ་ལོ་འཁོར28ལོན་པའི་བཞུགས་མོལ་ཚོགས་འདུ། རྗེ་ཙོང་ཁ་པའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་རྗེས་དྲན་གྱི་བཞུགས་མོལ་ཚོགས་འདུ་སོགས་རིག་གཞུང་བགྲོ་གླེང་ཚོགས་འདུ་ཆེན་པོ་སྤེལ།4Tqརྗེ་ཙོང་ཁ་པའི་དྲ་བ།

4.jpg4Tqརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K