མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་དཔྱད་གླེང་ཚོགས་འདུ་བསྡུས་པ།

    སྤེལ་དུས།  2018-12-21 10:48:44     རྩོམ་པ་པོ།   བསྟན་རྒྱན་དང་པད་རྡོར།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

2018ལོའི་ཟླ12པའི་ཚེས20དང་བོད་རབ་གནས་ས་ཁྱི་ལོའི་ཟླ11པའི་ཚེས13ཉིན་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་འཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་གཅིག་བཞེས་པ་སྤྱི་ལོ1408ལོར་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལདྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་དཔྱད་གླེང་ཚོགས་འདུ་སྤོས་ལྡན་གྲོང་ཁྱེར་ནས་འཚོགས།vUaརྗེ་ཙོང་ཁ་པའི་དྲ་བ།

vUaརྗེ་ཙོང་ཁ་པའི་དྲ་བ།

27.jpgvUaརྗེ་ཙོང་ཁ་པའི་དྲ་བ།

vUaརྗེ་ཙོང་ཁ་པའི་དྲ་བ།

དཔྱད་གླེང་ཚོགས་འདུ་དེར་ལྷ་རམས་པ་བློ་བཟང་ཆོས་འཕགས་ལགས་དང་། ལྷ་རམས་པ་འཇམ་དབྱངས།ལྷ་རམས་པ་བློ་བཟང་ཡར་རྒྱས། ལྷ་རམས་པ་ཡ་མ་བཟང་པོ། ལྷ་རམས་པ་འཕྲིན་ལས་ཐོགས་མེད། དགེ་བཤེས་དར་རྒྱས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་གི་རྡོ་རྗེ་ཚེ་བརྟན། ལྷ་མོ་སྒྲོལ་མ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཚོགས་གཙོ་ཁྲོཾ་ཐར་འཇམ་བློ།སྨིན་དབུས་པོ། གཞན་ཡང་རྒན་རྟ་མགྲིན་སྐྱབས། བཀའ་བསྟན་དཔེ་བབསྡུར་ཁང་གི་བསྟན་འཛིན་གྲགས་པ་སོགས་མཉམ་ཞུགས་གནང་ཡོད།vUaརྗེ་ཙོང་ཁ་པའི་དྲ་བ།

28.jpgvUaརྗེ་ཙོང་ཁ་པའི་དྲ་བ།

vUaརྗེ་ཙོང་ཁ་པའི་དྲ་བ།

ཐོག་མར་གཙོ་སྒྲུབ་པ་ཁྲོཾ་ཐར་འཇམ་བློ་ལགས་ཀྱིས་མདོ་འཛིན་དང་འབྲེལ་ཚོགས་འདུའི་བརྗོད་སྙིང་གཙོ་བོ་ངོ་སྤྲོད་གནང་དོན།འཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་གཅིག་བཞེས་པ་སྤྱི་ལོ་༡༤༠༨ལོར་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ་ཞེས་ས་ཡི་སྟེང་གི་ཉི་ཟླ་ལྟ་བུ་འདི་ཉིད་གཙོ་བོར་བཟུང་།དེའི་དགོངས་འགྲེལ་དང་། མཐའ་དཔྱོད། སྤྱི་དོན། བསྡུས་དོན། བརྒལ་ལན་སོགས་གཞུང་བཟང་རིན་པོ་ཆེ་འདི་དང་འབྲེལ་ཡོད་ཀྱི་ཡིག་ཆ་གང་མང་ཞིག་ལོ་མང་པོའི་ཡར་སྔོན་ནས་བཙལ་འཚོལ་བྱས་པ་ཡིན་ལ།ལག་སོན་བྱུང་བ་དང་མ་བྱུང་བའི་སྐོར་གྱི་མཚན་ཐོ་ཟུར་གསལ་ལྟར། ང་ཚོ་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་དང་།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་གཉིས་མཉམ་འབྲེལ་གྱིས་དཔེ་སྐྲུན་བྱ་རྒྱུ་གཏན་ཁེལ་བྱས་ཤིང་།སང་ལོ་མཉམ་མེད་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར600ལོན་པའི་དུས་ཆེན་ཁྱད་པར་བ་ལ་ཁེལ་ཡོད་པས་དུས་དེར་འགྲེམ་སྤེལ་མཛད་སྒོ་སྤེལ་ཐུབ་ན་སྙམ་པའི་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་པས།འདིར་ཕེབས་ཀྱི་མཁས་དབང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཇི་ལྟར་བསྒྲིག་དགོས་ཚུལ་གྱི་ཐད་ལ། 1 དཔེ་ཚོགས་ཀྱི་མཚན་གསོལ་སྟངས་དང་། 2 གོ་རིམ་བསྒྲིག་སྟངས། 3 རྩོམ་པ་པོའི་མཚན་འགོད་སྟངས། 4 ཟུར་བཀོད་ཀྱི་སྐོར། 5 མ་དཔེའི་འཚོལ་བསྡུའི་སྐོར། 6 བསྟོད་ཆེན་བཞི་རྩ་འགྲེལ་སྐོར་བཅས་དོན་ཚན་དྲུག་གཙོ་བོར་བཟུང་ནས་གླེང་བསླངས་པ་དང་། ཚོགས་ཞུགས་མཁས་དབང་རྣམ་པས་དོན་ཚན་དེ་དག་གཞིར་བཟུང་ནས་ཀུན་ཀྱང་ཞལ་མཐུན་གྱིས་དྲང་ངེས་ལེགས་བཤད་སྙིང་པོ་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་ལས། རབ་དང་མཆོག་ཏུ་གྱུར་པ་ཡིན་པས་ལས་གཞི་འདི་ཧ་ཅང་གི་གལ་ཆེན་ཡིན་པ་དང་། སང་ལོ་མཉམ་མེད་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར600ལོན་པའི་དུས་ཆེན་ཁྱད་པར་བ་ལ་ཁེལ་ཡོད་པས་དུས་དེར་འགྲེམ་སྤེལ་མཛད་སྒོ་སྤེལ་ཐུབ་ན་ཤིན་ཏུ་ལེགས་ཚུལ་གྱི་ཐུགས་རེ་དང་འབྲེལ་ཏེ། གལ་ཆེའི་གསུང་བཤད་དང་དཔྱད་གླེང་མང་དུ་མཛད་པའི་གྲུབ་དོན། vUaརྗེ་ཙོང་ཁ་པའི་དྲ་བ།

29.jpgvUaརྗེ་ཙོང་ཁ་པའི་དྲ་བ།

1 དཔེ་ཚོགས་ཀྱི་མཚན་ལ་དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཆ་ལག་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་བློ་བཟང་རྒྱལ་བའི་དགོངས་རྒྱན་ཞེས་གསོལ་རྒྱུ་གཏན་ལ་ཕབས། 2 གོ་རིམ་བསྒྲིག་སྟངས་མཛད་པ་པོའི་འཁྲུངས་ལོ་སྔ་ཕྱི་ལྟར་འགོད་རྒྱུ་དང་། མཛད་པ་པོའི་མཚན་མི་གསལ་བ་རྣམས་ཕྱོགས་གཅིག་ཏུ་འགོད་པ།མཛད་པ་པོའི་ངོས་ནས་ཕྱི་ལོ་༡༩༤༩ཡར་སྔོན་དུ་སྐུ་འཁྲུངས་པའི་མཁས་དབང་རྣམས་ཀྱི་གསུང་རྐྱང་པ་འགོད་རྒྱུ་བཅས་གཏན་ཁེལ་གནང་། 3 མཛད་པ་པོའི་མཚན་ནི་གདན་ས་ཁག་དང་།དགོན་སྡེ། མཚན་ཐོབ་སོགས་གསལ་བོར་བཀོད་ཐོག་མཚན་ཡོངས་གྲགས་ལྟར་འགོད་རྒྱུར་གཏན་ཁེལ་གནང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ནི་དྲང་ངེས་ལེགས་བཤད་སྙིང་པོའི་དོན་འགྲེལ་ཡིན་པ་ཡོངས་གྲགས་ཡིན་པས་བཀོད་ན་ལེགས།དེ་ལས་གཞན་པའིདྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་བ་དངོས་མ་ཡིན་པ་མི་འགོད་རྒྱུ།དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་བ་ཡིན་ན་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་དབང་རྣམས་ཀྱི་གསུང་གང་སོན་འགོད་རྒྱུ།དཔེར་ན་ རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་བླ་མའི་ཐུགས་རྗེ་འོད་ཟེར་གྱིས་ཕྱེ་བའི་ལེགས་བཤད་པད་མ་དཀར་པོ།》ལྟ་བུའོ།།vUaརྗེ་ཙོང་ཁ་པའི་དྲ་བ།

30.jpgvUaརྗེ་ཙོང་ཁ་པའི་དྲ་བ།

vUaརྗེ་ཙོང་ཁ་པའི་དྲ་བ།

མཇུག་མཐར་མཁས་དབང་རྣམས་ཀྱིས་དགྱེས་ཚོར་ཆེན་པོས་མ་དཔེ་འཚོལ་བསྡུ་དང་མཛད་པ་པོའི་མཚན་དང་རྣམ་ཐར་མི་གསལ་བ་སོགས་ཀྱི་ཐད་རི་བོ་དགེ་ལྡན་པའི་མཁས་དབང་རྣམས་ལ་བཀའ་འདྲི་ཞུ་རྒྱུ་དང་། དཀར་ཆག་འདི་ཙོང་ཁ་པའི་དྲྭ་བར་བཀོད་དེ་རྩད་གཅོད་ཞིབ་བསྡུར་བཅས་ཀྱི་རོགས་འདེགས་གནང་བའི་ཞལ་བཞེས་གནང་། ཚོགས་ཞུགས་མི་སྣར་བཀའ་དྲིན་གཏང་རག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་གསང་འདུས་སྒྲོན་གསལ་དང་། དྲང་ངེས་ལེགས་བཤད་སྙིང་པོའི་རྩ་འགྲེལ་པོད་གཅིག་བཀྲ་ཤིས་པའི་ཁ་བཏགས་བཅས་ཕུལ་ནས་ཚོགས་འདུའི་མཇུག་ལེགས་པར་གྲུབ་པ་དང་། ཉིན་གོང་གི་གསོལ་ཇ་བཞེས་རྗེས་དྲན་རྟེན་མཉམ་པར་བསྒྲོན་པ་དང་མཁས་དབང་རྣམ་པ་ཕྱོགས་སོ་སོར་ཕེབས་སྐྱེལ་ཞུས་པ་བཅས་དགེ་ལེགས་འཕེལ། vUaརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K