མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔེ་དེབ་ཆེད་རྩོམ་གསལ་བརྡ།

    སྤེལ་དུས།  2019-05-13 11:14:27         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 དེ་ཡང་རང་རེའི་ཁ་བ་གངས་ཅན་ལྗོངས་ལ་ལོ་དྲུག་བརྒྱའི་སྔོན་དུ་བྱོན་པའི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ ༧ རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དེ་ཉིད་སྐུ་གཤེགས་ནས་བགྲང་བྱ་དྲུག་བརྒྱ་ཧྲིལ་པོར་འཁོར་བའི་སྐབས་འདིར་གུས་པས་དཀའ་བ་དང་བླངས་ཀྱིས་ཁོང་གི་རྗེས་དྲན་དཔེ་དེབ་ཚད་ལྡན་ཞིག་འགྲེམས་སྤེལ་བྱེད་འཆར་ལགས་ན། ༧ བླ་སྤྲུལ་དགེ་བའི་བཤེས་གཉེན་དང་རྩོམ་རིག་སྒྱུ་རྩལ་ལ་གཤོག་ཟུང་རྒྱས་པའི་མཁས་དབང་རྣམ་པས་གུས་པ་བདག་ལ་རྒྱབ་སྐྱོར་གྱི་ཚུལ་དུ ༧ རྗེ་བདག་ཉིད་ཆེན་པོ་ཁོང་གི་མཛད་པ་རྣམ་ཐར་དང་འབྲེལ་བའི་ཆེད་རྩོམ་གང་མང་གནང་སྐྱོང་ཡོང་བར་ཞུ་རྒྱུ་ཡིན། POYརྗེ་ཙོང་ཁ་པའི་དྲ་བ།

དེ་ཡང་ཆེད་རྩོམ་གྱི་བརྗོད་གཞི་གལ་ཆེ་བ་ནི། རྗེ་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་སྐོར་དང་། ཁོང་ཉིད་སྐུ་ན་གཞོན་པའི་སྐབས་ཀྱི་གཤིས་སྤྱོད་ཀྱི་སྐོར། ཁོང་གིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟངས་ཀྱི་སྐོར། ཁོང་གི་དྲང་ངེས་ལེགས་བཤད་སྙིང་པོ་དང་ལེགས་བཤད་གསེར་ཕྲེང་འདི་དག་གི་མཚོན་པའི་གཞུང་ཆེན་ཁག་ནས་དོགས་སློང་གི་སྐོར།ཁོང་གི་རྩོམ་རིག་སྒྱུ་རྩལ་གྱི་སྐོར། ཁོང་གིས་གསང་སྔགས་རྒྱུད་སྡེ་ཁག་ཉམས་བཞེས་ཇི་ལྟར་གནང་བའི་སྐོར། ཁོང་གི་བརྩམས་ཆོས་ཁག་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་སྐོར། ཁོང་གི་བརྩམས་ཆོས་ཁག་ལས་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་སྐོར་སོགས་གཙོ་བོར་བཟུང་ནས་དཔྱད་རྩོམ་དང་། སྙན་ངག རྣམ་ཐར་སོགས་ཀྱི་རྣམ་པ་མངོན་པའི་རྩོམ་ཡིག་གང་མང་མཁོ་སྤྲོད་བྱ་རྒྱུར་བཀའ་དྲིན་ཆེ། རྩོམ་ཡིག་ལ་རང་ངོས་ནས་ཞུ་དག་ཡིད་གཟབ་གནང་རོགས་ཞུ་བ་དང་རྩོམ་ཡིག་རྣམས་རྩོམ་དེབ་ཏུ་དགོད་འོས་མིན་རྩོམ་སྒྲིག་པ་ལ་དབང་ཚད་ཡོད་དགོས། རྩོམ་ལུས་ལ།བཅད་མ། རང་མོས། ལྷུག་མ་སོགས་སྐུ་ཉིད་ཀྱི་འདོད་མོས་ལྟར་ཡིན།རྩོམ་པ་པོའི་ཁྱབ་ཁོངས་ལ་མི་རིགས། ཆོས་ལུགས། གྲུབ་མཐའ།སྐྱ་སེར་ཕོ་མོའི་དབྱེ་བ་མེད་པར་ཞུགས་ཆོག དཔེ་དེབ་རྩོམ་སྒྲིག་པ་མགོ་ལོག་ལུང་དཀར་དགོན་གྱི་གྲྭ་བཙུན་རྩོམ་པ་པོ་མགོ་ལོག་ཉི་མ་ཡིན། སྐུ་ཉིད་ཀྱི་བརྩམས་ཆོས་སྤྱི་ཟླ ༦ པའི་སྔོན་ལ་འབྱོར་དགོས་ལ། དེ་མིན་བོད་ཟླ ༧ པའི་ནང་དཔེ་ཆ་དཔར་བསྐྲུན་དང་། བོད་ཟླ ༨ པའི་ནང་དཔེ་ཆ་དངོས་སུ་སྒོར་དགྲམ་འཆར་ཡིན། དེ་ལྟར་ཐུགས་ལ་འཇགས་པར་འཚལ། ཆེད་ཞུ། ད་སྔ་དེབ་ཏུ་གཏན་འཁེལ་བའི་དགེ་བཤེས་བཅུ་ཕྲག་ཅིག་ཡོད། སྤྱིར་བཏང་གི་བོད་ཕྱི་ནང་གཉིས་ཀའི་དགེ་བཤེས་ཉི་ཤུ་ལྷག་གི་དཔྱད་རྩོམ་བསྡུ་འཆར་ཡོད། དེ་ལྟར་དགེ་བཤེས་དང་མཁན་པོ་དགེ་རྒན་གྲྭ་བཙུན་རིག་སྨྲ་བ་རྣམས་ཀྱིས་ཐུགས་ལ་འཛིན་རོགས་ཞུ།POYརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པའི་འབྲེལ་ལམ།POYརྗེ་ཙོང་ཁ་པའི་དྲ་བ།

ཡིག་ཟམ། nima8999@qq.comPOYརྗེ་ཙོང་ཁ་པའི་དྲ་བ།

སྐད་འཕྲིན་འབྲེལ་ལམ། 170 2504 8999POYརྗེ་ཙོང་ཁ་པའི་དྲ་བ།

ཁ་པར་ཨང་གྲངས། 178 4836 4488  170 2504 8999POYརྗེ་ཙོང་ཁ་པའི་དྲ་བ།


POYརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།