མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །རྗེ་ཙོང་ཁ་པའི་དུས་དེབ་ཀྱི་རྩོམ་བསྡུ་བརྡ་ཐོ།

    སྤེལ་དུས།  2019-06-19 12:01:54         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1.jpgxzuརྗེ་ཙོང་ཁ་པའི་དྲ་བ།

༄༅། །ལུགས་གཉིས་གཙུག་ལག་སྨྲ་ལ་མཁྱེན་རབ་ཀྱི་ཀློང་བརྡོལ་བའི་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།xzuརྗེ་ཙོང་ཁ་པའི་དྲ་བ།

 གུས་ཞུ། xzuརྗེ་ཙོང་ཁ་པའི་དྲ་བ།

མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཚོགས་པས་ལོ་རེ་བཞིན་ཤེས་རིག་ལ་ཁ་ཕྱོགས་པའི་དུས་དེབ་རེ་འགྲེམ་སྤེལ་བྱེད་བཞིན་ཡོད་ཀྱང། འདི་ལོ་དམིགས་གསལ་ཞིག་ལ་དཔལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ནས་ལོ་ ༦༠༠ འཁོར་བས། རང་རེ་ཚོས་ཀྱང་ཁོང་གི་བཀའ་དྲིན་རྗེས་དྲན་ཆེད་དེབ་ཅིག་འགྲེམ་སྤེལ་བྱེད་རྩིས་ཡོད་པས། ཁྱེད་རྩོམ་པ་པོ་རྣམས་ཀྱིས་ཁོང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པས་བསྟན་པ་སྤྱི་ལ་ཤུགས་རྐྱེན་ཅི་ཙམ་ཡོད་མེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བཀའ་དྲིན་ཇི་ལྟར་བསྐྱངས་ཚུལ། ལྷག་པར་དུ་མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་མཛད་ཚུལ། གསུང་རྩོམ་གྱི་རིན་ཐང་། རླབས་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་སྐྱེད་སྲིང་། ཁོང་དང་ཁོང་གི་རྗེས་འབྲང་དག་གིས་ཆོས་སྡེ་ཕྱག་བཏབ་ཚུལ། བོད་ཀྱི་སྐད་ཡིག་སོགས་འཕེལ་རྒྱས་དང་ཡུན་སྲིང་མཛད་ཚུལ། མདོར་ན་ལོ་དྲུག་བརྒྱའི་ནང་བོད་ཡུལ་སྤྱི་དང་ལྷག་ཏུ་རྒྱ་ཡུལ། སོག་ཡུལ། ཡུལ་གྲུ་གཞན་དག ད་ལྟའི་དུས་ཚོད་ལ་འཛམ་གླིང་ཡུལ་གྲུ་གང་སར་བོད་བརྒྱུད་ནང་བསྟན་སྤྱི་དང་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་འདི་དར་ཁྱབ་དང་ཤུགས་རྐྱེན་ཇི་ལྟར་ཡོད་མེད་སྐོར་དོན་གྱི་གནད་ཚང་ལ་མང་ཉུང་རན་པར་ཞིག་ཚིག་བཅད་ཚིག་ལྷུག་གང་ཡིན་ཡང་ཆོག་པས། རེ་བསྐུལ་ཞུ་དོན་བཞིན་བརྩམས་ཆོས་གྲུབ་པ་རྣམས་དྲ་བྱང jetsongkhapa@qq.com སྟེང་སྐུར་གནང་སྐྱབས་འཇུག་ཡོང་བ་ཞུ་རྒྱུ་ལགས། རེ་འདུན་ཏེ་རྩོམ་ཡིག་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་སྔོན་ན་ལ་ངེས་པར་དུ་འབྱོར་དགོས།།xzuརྗེ་ཙོང་ཁ་པའི་དྲ་བ།

 ཕྱི་ལོ ༢༠༡༩ ཟླ༦ ཚེས༡༨ ཉིན་མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་རྗེ་ཙོང་ཁ་པའི་དུས་དེབ་རྩོམ་སྒྲིག་ལག་བསྟར་པས།  xzuརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།