མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་གསལ་བསྒྲགས།

    སྤེལ་དུས།  2016-03-24 21:46:45         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0316_3.jpgJcmརྗེ་ཙོང་ཁ་པའི་དྲ་བ།

        ༄༅།།བསྟན་སྲིད་ཀྱི་ཐུགས་འགན་ཕྲག་ཏུ་བཞེས་ཤིང་། མི་རིགས་རིག་གནས་ཀྱི་བླ་སྲོག་གྱེན་དུ་འདེགས་པའི་རིས་སུ་མ་མཆིས་པའི་ཆོས་སྡེ་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ།སློབ་གྲྭ་ཁག་གི་སློབ་དཔོན་དང་དགེ་རྒན་རྣམ་པ།མི་དམངས་ཀྱི་འཐུས་ཚབས་སོགས་སྤྱི་སེམས་ལྷག་བསམ་ཅན་རྣམས་ཀྱི་སྙན་ལམ་ཟབ་མོའི་དྲུང་དུ།Jcmརྗེ་ཙོང་ཁ་པའི་དྲ་བ།

        ཆེད་དུ་གསལ་བསྒྲགས་ཞུ་རྒྱུར།Jcmརྗེ་ཙོང་ཁ་པའི་དྲ་བ།

0323_1.jpgJcmརྗེ་ཙོང་ཁ་པའི་དྲ་བ།

        ད་ལོའི་དབྱར་ཁར་ཁམས་ཕྱོགས་སེར་ཤུལ་རྗོང་ཁོངས་འདན་ཐུབ་བསྟན་སྡེ་དགོན་བཤད་སྒྲུབ་དར་རྒྱས་གླིང་དུ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་འཚོག་རྒྱུའི་སྔོན་འགྲོའི་གསལ་བསྒྲགས་ཤིག་སྤེལ་བ་ཡིན།དེ་ཡང་དགོན་འདིའི་མཁན་པོ་གཙོའི་དགོན་སྡེ་གཉིས་ཀྱི་སེར་སྐྱ་གནད་ཡོད་ཀུན་བསམ་པ་གཅིག་མཐུན་གྱིས་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་དེ་རང་ཡུལ་འདན་ཁོག་འདིར་འཚོགས་ཐུབ་ན་ཆོས་དང་རིག་གཞུང་ཡུལ་སྲོལ་གམས་གཤིས་སོགས་ལ་ཕན་ཐོགས་ཆེན་པོ་འབྱུང་ཐུབ་པའི་རེ་བ་བཅས།མདོ་ཁམས་འཇང་དགུན་ཆོས་སྐབས་ལྔ་པའི་རྒྱུན་ལས་ལྷན་ཚོགས་ལ་སྙན་གསན་ཚུལ་མཐུན་དུ་ཞུས་ཏེ།ཚོགས་རྒྱུའི་ཞལ་བཞེས་སྔར་ནས་ལེགས་པར་ཐོབ་པ་ཡིན།འཚོགས་དུས་ནི།བོད་རབ་གནས་མེ་སྤྲེལ་ལོའི་ཟླ་5ཚེས་3དང་།ཕྱི་ལོ་2016ལོའི་ཟླ་7ཚེས7ཉིན་དབུ་འཛུགས་ཀྱིས་ཉིན་ལྔའི་རིང་འཚོགས་གཏན་ཁེལ་སོང་བས་འབྲེལ་ཡོད་ཚང་མས་ཐུགས་སྣང་མཛད་དགོས་པའི་གནད་དོན་ཁ་ཤས་གསལ་བཤད་ཞུ་རྒྱུ་ཡིན།Jcmརྗེ་ཙོང་ཁ་པའི་དྲ་བ།

0323_2.jpgJcmརྗེ་ཙོང་ཁ་པའི་དྲ་བ།

        1ལྷན་ཚོགས་འདི་འཚོགས་དགོས་པའི་དམིགས་ཡུལ་ནི།རང་རེའི་རྫོང་ཁོངས་ཀྱི་བླ་སྤྲུལ་དགེ་བཤེས་མཁས་དབང་འདྲ་མིན་གདན་ཞུས་ཀྱིས།འདན་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་སོ་སོའི་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་བླང་དོར་བྱ་ལུགས་ཀྱི་གོ་རྟོགས་བཟང་པོ་ཐོབ་པའི་ཆེད་དུ་ཡིན།Jcmརྗེ་ཙོང་ཁ་པའི་དྲ་བ།

        2ཚོགས་པའི་དབུ་ཁྲིད་རྣམ་པར་དགོངས་སྐོར་ཞུས་ཏེ།ལྷན་ཚོགས་འདིའི་ཐོག་ནས་བོད་རང་གི་བཅུ་ཕྲག་རིག་གནས་སྤྱི་དང་།ཁྱད་པར་དུ་གཞུང་ཆེན་བཀའ་པོད་ཆེན་པོ་ལྔ་དང་།སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས་ལ་བགྲོ་གླེང་གནང་སྟེ།རང་ཡུལ་གྱི་དགོན་སྡེའི་མཁས་པ་དང་བསམ་བློ་ཅན་རྣམས་ལ་གོ་རྟོགས་དང་བློ་སྒོ་གསར་བ་ཞིག་འབྱེད་ཐུབ་པའི་རེ་བ་ཞུས་ཡོད།Jcmརྗེ་ཙོང་ཁ་པའི་དྲ་བ།

        3ལྷན་ཚོགས་འདིའི་ཐོག་ཏུ་མདོ་ཁམས་འཇང་དགུན་ཆོས་ཚོགས་པའི་སྒྲིག་ལམ་གཞིར་བཟུང་གིས།རང་རེའི་རྫོང་ཁོངས་ཀྱི་མཁས་པ་དང་བསམ་བློ་ཅན་མང་དག་ཅིག་གིས་ཆེད་དུ་གདན་འདྲེན་ཞུ་ཡིག་ཕུལ་ཡོང་བའི་སྐབས་སུ།ཁྱེད་རྣམ་པས་ཀྱང་སྤྱིར་བསྟན་པ་མི་རིགས་དང་ལྷག་པར་འདན་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་དང་རིག་གཞུང་གི་དགོས་མཁོ་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་ངེས་པར་ཕེབས་ཡོང་བའི་རེ་འདུན་ཞུ་རྒྱུ་ནི་གསལ་བསྒྲགས་འདིའི་དགོས་དོན་གཙོ་བོ་དེ་ཡིན། 4ལྷན་ཚོགས་འདི་ནི་མཁས་པའི་ལྷན་ཚོགས་ཤིག་ཡིན་པས།ཆེད་དུ་གདན་ཞུས་བྱས་པ་མ་གཏོགས་རང་དགར་ཞུགས་ཆོག་པ་ཞིག་མིན་པ་དང་།ལྷག་པར་མདོ་ཁམས་འཇང་དགུན་ཆོས་ཚོགས་པའི་སྒྲིག་ལམ་དང་བཀོད་སྒྲིག་གཞིར་བཟུང་སྟེ་ལག་ལེན་བྱེད་དགོས་པ་ཡིན་པས།གདན་ཞུས་མཁས་དབང་དང་བསམ་བློ་ཅན་མ་གཏོགས་དངོས་ཞུགས་མི་ཆོག་པ་ཡིན།འོན་ཀྱང་ཟུར་ཉན་གྱིས་གོ་སྐབས་ཡོད་པ་ཡིན། 5ལྷན་ཚོགས་འདི་ད་བར་དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་གཉིས་སུ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཐོག་ཐེངས་བཅུ་ཚོགས་ཟིན་པ་ཡིན་པས།ད་ལམ་ཡང་འདིར་གདན་ཞུ་མཁས་དབང་རྣམ་པ་ཡང་ཁྲིམས་མཐུན་ལུགས་མཐུན་གྱི་ཐོག་ནས་གདན་འདྲེན་ཞུ་རྒྱུ་ཡིན་པས།སྡེ་བ་དང་དགོན་པ་གཉིས་ཀྱི་ངོས་ནས་ཀྱང་ཁྲིམས་མཐུན་གཙོ་བོར་བྱེད་དགོས་པ་བཅས། འདན་སྡེ་དགོན་དགོན་པའི་མཁས་པའི་ལྷན་ཚོགས་གྲ་སྒྲིག་ཚོ་ཆུང་ནས། སྤྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༢༠ཉིན།Jcmརྗེ་ཙོང་ཁ་པའི་དྲ་བ།

འབྲེལ་གཏུགས་ཁ་པར། 18283669777Jcmརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K