མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཞིས་ཅིན་ཕིང་གི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་གསུང་བཤད།

ཡོང་ཁུངས།   མི་དམངས་དྲ་བ།     སྤེལ་དུས།  2016-04-29 08:58:19         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

MAIN201411040859000083605869534.jpg LHbརྗེ་ཙོང་ཁ་པའི་དྲ་བ།

        སྤྱི་ཟླ་4ཚེས་22དང་23ཉིན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དུས་བབ་གསར་པའི་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་དུས་བབ་ལ་དབྱེ་ཞིབ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ལས་དོན་ཐད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་པ། ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒྲིག་འཛུགས་སྔར་བས་ཡག་པ་དང་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།LHbརྗེ་ཙོང་ཁ་པའི་དྲ་བ།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན། ཆོས་ལུགས་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གལ་ཆེའི་གནད་དོན་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་དང་གལ་ཆེའི་རང་བཞིན་ལྡན་ཡོད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་དང་འབྲེལ་བ་ཡོད། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་དུས་བབ་ནི་སྤྱི་ཡོངས་ནས་ཡག་པོ་ཡོད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་ལག་བསྟར་ཐུབ་པ། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་མངོན་གསལ་དོད་པོས་ཤུགས་སྣོན་ཐེབས་པ། ཆོས་ལུགས་བྱེད་སྒོ་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། ཆོས་ལུགས་གནད་དོན་སྐོར་གྱི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ནི་ཡང་དག་པ་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱེད་ཐུབ།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཆོས་དད་རང་མོས་སྐོར་གྱི་ཏང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་ཀྱིས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆོས་ལུགས་ཀྱི་ཞིབ་ཕྲའི་གནས་ཚུལ་དངོས་ནས་འགོ་བཙུགས་ཏེ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ནས་གཏན་འཁེལ་བྱས་པ་ཞིག་རེད། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རྒྱ་ཆེའི་ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གྱི་མང་ཚོགས་མཐུན་སྒྲིལ་ཡོང་བ་བྱེད་དགོས་པ་དེ་རེད། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ནི་དད་ལྡན་མང་ཚོགས་ལ་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་སྲུང་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་བསྟུན་ནས་ཞབས་འདེགས་ཞུ་དགོས་པ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་དུ་བཀུར་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བྱེད་པ་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་ནས་ཆོས་ལུགས་ཀྱི་བསྟན་དོན་དེ་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཧུར་ཐག་བྱེད་དགོས་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དོ་དམ་བྱ་རྒྱུར་རང་རྟོགས་ངང་དང་ལེན་ཞུ་དགོས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ་དང་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་ཡག་པོ་བྱེད་པའི་འགག་རྩ་ནི“ཁྲིད་སྟོན”ཐད་བསམ་གཞིག་གཏིང་ཟབ་དང་། མཐིལ་རྟོགས་ཐུབ་པ། སྟངས་འཛིན་ཐུབ་པ་བཅས་བྱས་ཐོག“ཁྲིད་སྟོན”བྱེད་མཁས་པ་དང་། “ཁྲིད་སྟོན”བྱེད་ཤུགས་ཆེ་བ། “ཁྲིད་སྟོན”གྱི་ཕན་འབྲས་ཐོན་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པ་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་བསྟན་དོན། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་པར་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་ཆོས་ལུགས་ལ་ངོས་འཛིན་དང་བརྩི་མཐོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐག་གཅོད་འོས་འཚམ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་དང་འགྱུར་ལྡོག་དང་། ཆོས་ལུགས་ལས་དོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རང་རྒྱལ་ཀྱི་ཆོས་ལུགས་ལས་དོན་གྱི་ལག་བསྟར་ལ་མཛུབ་སྟོན་སྔར་བས་ཡག་པོ་བྱེད་དགོས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པར་ལས་འགན་གལ་ཆེན་ཞིག་ཡོད་པ་ནི་རང་རྒྱལ་གྱི་ཆོས་ལུགས་ཐད་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་དེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དང་སློབ་གསོ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། མཐུན་སྒྲིལ་ཡར་ཐོན་དང་ཞི་བདེ་བཟོད་སྒོམ་སོགས་ཀྱི་འདུ་ཤེས་ལ་བརྟེན་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱེད་པ། ཆོས་ལུགས་ཁག་གིས་གཞི་རྩའི་དད་མོས་དང་། བསྟན་དོན་སྙིང་པོ། གུས་སྲོལ་ལམ་ལུགས་སོགས་མཐའ་འཁྱོངས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་གྱི་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་དེང་རབས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་ཞིག་འཛུགས་དགོས་པ་སྟེ། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བའི་ཁོངས་སུ་ཏང་དང་སྲིད་གཞུང་དང་། ཆོས་ལུགས་དབར་དང་། སྤྱི་ཚོགས་དང་ཆོས་ལུགས་དབར། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བའི་དབར། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་དབར། དད་ལྡན་མང་ཚོགས་དང་ཆོས་ལུགས་ལ་དད་པ་མི་བྱེད་མཁན་གྱི་མང་ཚོགས་དབར་བཅས་ཀྱི་འབྲེལ་བ་ཚུད་ཡོད་པ། ཆོས་ལུགས་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བར་གོང་གི་འབྲེལ་བ་འདི་དག་ཚང་མ་ཐག་གཅོད་ཡག་པོ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བ་ཐག་གཅོད་བྱེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་བ་སྟངས་འཛིན་ནན་པོ་བྱེད་དགོས། ཆོས་སྲིད་ཐ་དད་བྱེད་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ཀྱིས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་ཐད་ཐེ་ཇུས་བྱེད་མི་ཆོག་པ་དང་། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་ཁྲིམས་ལུགས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་སྲིད་གཞུང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་ཁྲིམས་ལུགས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱེད་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཤིང་། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་ཁྲིམས་དང་ཆོས་ཁྲིམས་དབར་གྱི་འབྲེལ་བ་ཤེས་རྟོགས་ཡང་དག་དང་ཐག་གཅོད་ཡང་དག་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱས་ནས་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་རེད། དེས་ན་ཁོང་ཚོས་ལས་དོན་སྤེལ་བར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་ཆབས་ཅིག་ཆོས་ལུགས་ཀྱི་ནང་ཁུལ་ལས་དོན་ནང་གི་ཁོང་ཚོའི་ནུས་པར་བརྩི་འཇོག་དང་ཁོང་ཚོའི་ནུས་པ་འདོན་སྤེལ་བྱས་ནས་ཆབ་སྲིད་ཐད་ཡིད་རྟོན་རུང་བ་དང་། སྤྱོད་ཚུལ་ཐད་དམངས་གཙོ་ལྡན་པ། ལས་དོན་ཐད་ཕན་འབྲས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་འགོ་ཁྲིད་ཚན་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་ཀུན་གྱི་བློ་མོས་ཐོབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་རིགས་ལ་རྒྱབ་སྐྱོར་བྱས་ནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་དགོས། ས་མཚམས་ཕྱི་ཡིས་ཆོས་ལུགས་ལ་ཁ་གཡར་ནས་སིམ་འཛུལ་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་ཐལ་སྐྱོད་པའི་བསམ་བློའི་གནོད་འཚེ་ཕོག་རྒྱུར་དོགས་ཟོན་བྱེད་དགོས། དྲ་སྦྲེལ་ནང་གི་ཆོས་ལུགས་གནད་དོན་ལ་མཐོང་ཆེན་བྱས་ཏེ་དྲ་སྦྲེལ་བརྒྱུད་ཏང་གི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དྲང་ཕྱོགས་ཀྱི་འབོད་སྒྲ་སྒྲོག་སྤེལ་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་གྱི་ཁྱབ་ཁོངས་ཆེ་ལ་ལས་འགན་ཡང་ལྕི་པོ་ཡོད། དེས་ན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་དུ་ཚད་བརྒལ་ཡང་ཡོང་བ་བྱེད་དགོས། ཆོས་ལུགས་ཀྱི་གནས་ཚུལ་སྣ་ཚོགས་དང་ཟུང་འབྲེལ་གྱིས་འགལ་བ་གཙོ་བོར་དམ་འཛིན་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས། གཙོ་གནད་ལས་དོན་ཁག་ཡག་པོ་སྤེལ་ནས་ཁྱོན་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་དོན་དེ་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་འཇུག་པ་དང་ཆོས་ལུགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཆོས་ལུགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་ལ་དོན་འཁྱོལ་ཡང་བྱེད་དགོས། ཆོས་ལུགས་གནད་དོན་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་དང་ཆོས་ལུགས་ཀྱི་གཞི་རྩའི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་གནད་དོན་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་འཆར་གཞིའི་ནང་བཀོད་ནས་རིམ་ཁག་ལས་བྱེད་པས་ཁོང་དུ་ཆུད་གང་ཐུབ་བྱེད་དགོས། ཕན་ནུས་ཆེན་པོ་ལྡན་པའི་འགོ་ཁྲིད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆོས་ལུགས་ལས་རིགས་ལ་སྣེ་ཁྲིད་དང་། འཆར་འགོད། མཛུབ་ཁྲིད། ལྟ་སྐུལ་བཅས་ཡག་པོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་འདྲེན་མཐུན་སྦྱོར་གྱི་འགན་འཁྲི་ཁུར་བ་དང་། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཁྲིམས་ལྟར་དོ་དམ་བྱེད་པའི་འགན་འཁྲི་ཁུར་བ། འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རིག་མཐུན་ཚོགས་སོགས་མི་དམངས་ཚོགས་པས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ཐོག་ནས་ཆོས་ལུགས་ལས་དོན་ཐུན་མོང་ཐོག་ལེགས་པར་སྒྲུབ་དགོས། ཆོས་ལུགས་གནད་དོན་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་། ཆོས་ལུགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་དགོས་པ་མ་ཟད། ད་དུང་ཆོས་ལུགས་ཐད་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་དང་ལྷག་པར་དུ་ཆོས་ལུགས་ལས་དོན་གྱི་ལས་འགན་ལྕི་བའི་ས་གནས་གཞི་རིམ་རྩ་འཛུགས་ཀྱིས་ཆོས་ལུགས་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་པ་དང་། དད་ལྡན་མང་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གུང་ཁྲན་ཏང་ཡོན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་པོ་མཐར་ཕྱིན་པ་ཞིག་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་གཏན་འབེབས་ནན་གྱིས་སྲུང་དགོས་པ། ཕུགས་བསམ་དད་སེམས་བརྟན་དུ་གཏོང་དགོས་པ། ཏང་གི་དམིགས་ཡུལ་བློ་རུ་བརྟན་པོར་ངེས་དགོས་པ་ལས་ཆོས་ལུགས་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་དང་དད་སེམས་འཚོལ་ཐབས་གཏན་ནས་བྱེད་མི་རུང་། གཞོན་ནུ་ལོ་ཆུང་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དྲིལ་བསྒྲགས་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོར་ཚན་རིག་ལ་ཡིད་ཆེས་དང་། ཚན་རིག་སློབ་སྦྱོང་། ཚན་རིག་ཁྱབ་སྤེལ་བཅས་བྱ་རྒྱུའི་ཁྲིད་སྟོན་དང་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཆོས་ལུགས་ལས་རིགས་དང་འཐབ་ཕྱོགས་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་རང་རེའི་ཏང་གིས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྱད་ཆོས་མངོན་གསལ་དོད་པ་ཞིག་རེད་ལ་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཀྱང་རེད། ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དང་། དད་མོས་ཐད་ཕན་ཚུན་བརྩི་འཇོག་བྱ་རྒྱུ། འབྲེལ་གཏུག་མང་ཙམ་བྱ་རྒྱུ། སྙིང་གཏམ་ཤོད་རེས་མང་ཙམ་བྱ་རྒྱུ། རོགས་རམ་མང་ཙམ་བྱ་རྒྱུ། གནས་ལུགས་རྒྱུ་མཚན་བཤད་ནས་གོ་སྐོན་བློ་འགུག་བྱ་རྒྱུ། ལྷད་མེད་བརྩེ་སེམས་བཅངས་ནས་མི་སེམས་འགུལ་བར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས། དཀའ་ངལ་དངོས་སེལ་རོགས་བྱས་པ་བརྒྱུད་མི་རྣམས་ཀྱི་སེམས་པ་འགུག་ཐབས་དང་མི་རྣམས་ལ་མཐུན་སྒྲིལ་ཐུབ་ཐབས་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་ཆོས་ལུགས་ལས་དོན་ཐད་འཕྲད་པའི་དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་ཡོད་པ་དང་། ཆོས་ལུགས་ལས་དོན་གྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་གསལ་བཤད་གཏིང་ཟབ་གནང་ཡོད་པ་མ་ཟད། ད་དུང་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་གནང་ཡོད། དེ་ནི་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས་ཚང་མས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཞིབ་བསྡུར་གཏིབ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལས་དོན་ཁྲོད་ཀྱི་ཆོས་ལུགས་ལས་དོན་གྱི་དམིགས་བསལ་གལ་ཆེན་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་རང་ངོས་ཀྱི་ཆོས་ཉིད་སྔར་བས་སྟངས་འཛིན་བྱེད་པ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྤྱི་ཚོགས་ཞི་མཐུན་ཡོང་བ་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        ཡུས་ཀྲེང་ཧྲེང་གིས་ཕྱོགས་སྡོམ་གསུང་བཤད་ནང་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་ཆོས་ལུགས་ལས་དོན་ཐད་འཕྲད་པའི་དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་གསལ་པོར་བཏོན་གནང་བ། ཆོས་ལུགས་ལས་དོན་གྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ཡོད། དེའི་ཐོག་ནས་ཆོས་ལུགས་ཀྱི་གནད་དོན་དང་ཆོས་ལུགས་ལས་དོན་ཐད་རང་རེའི་ཏང་ལ་ངོས་འཛིན་བྱུང་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད། དེ་ནི་ང་ཚོས་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་འགག་རྩ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྟངས་འཛིན་ཡང་དག་བྱ་རྒྱུར་ཐུག་ཡོད། གསུང་བཤད་ནང་གི་ཆོས་ལུགས་གནད་དོན་སྐོར་གྱི་བསམ་ཕྱོགས་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པ་སྟེ། ཆོས་ལུགས་ལས་དོན་གྱི་དམིགས་བསལ་གལ་ཆེན་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་སྔར་བས་རང་འགུལ་ཆེན་པོས་ལེགས་པར་སྒྲུབ་དགོས་པ་དང་། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ལས་དོན་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་མང་ཚོགས་ལས་དོན་གྱི་བསམ་ཕྱོགས་དང་བྱེད་ཐབས་ལེགས་པར་སྤྱད་ནས་ལས་དོན་སྤེལ་དགོས། རང་རྒྱལ་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཏེ་ཆོས་ལུགས་ཀྱི་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འདོན་སྤེལ་ཧུར་ཐག་དང་ཆོས་ལུགས་ཀྱི་གནོད་ནུས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཚོད་འཛིན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་གོ་བ་གཏིང་ཟབ་བླངས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྐྱོན་བྲལ་གྱི་ཆོས་ལུགས་ཀྱི་འབྲེལ་བ་ཧུར་ཐག་འཛུགས་རྒྱུར་གོ་བ་གཏིང་ཟབ་བླངས་ཏེ་ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་དང་དངོས་གནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཆོས་ལུགས་ལས་དོན་དེ་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གོ་བ་གཏིང་ཟབ་བླངས་ཏེ་ཆོས་ལུགས་ཁྱབ་ཁོངས་ཁྲོད་ཀྱི་གནད་དོན་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་ཡང་དག་བྱེད་དགོས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།LHbརྗེ་ཙོང་ཁ་པའི་དྲ་བ།

        སློབ་གསོ་པུའུ་དང་། སྤྱི་བདེ་པུའུ། ཧོ་པེ་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།LHbརྗེ་ཙོང་ཁ་པའི་དྲ་བ།

 LHbརྗེ་ཙོང་ཁ་པའི་དྲ་བ།

 LHbརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K