མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།༢༠༡༦ལོའི་མགོ་ལོག་འཇང་དགུན་ཆོས་ཐེངས་བཅུ་བདུན་པ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-08-01 19:09:34         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

[CropImg]0801_1.jpg LyLརྗེ་ཙོང་ཁ་པའི་དྲ་བ།

༄༅།  ། མགོ་ལོག་འཇང་དགུན་ཆོས་ཚོགས་ཆེན་མོ་ནི་༧ ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་ལྡན་དཔལ་བཟང་པོ་མཆོག་གིས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག་གི་ལོ་སྟེ།  ཕྱི་ལོ་༢༠༠༠ ལོར་གསར་འཛུགས་མཛད།  ཚོགས་ཐེངས་དང་པོ་དཔལ་སྙན་རི་རྣམ་རྒྱལ་དགེ་ལྡན་གླིང་དུ་འཚོགས་ཏེ་ཡུལ་མགོ་ལོག་དུ་མ་ཡུམ་དབུས་ཀྱི་འཇང་དགུན་ཆོས་ཆེན་མོའི་སྲོལ་བཟང་དར་བར་མཛད།   དེ་ནས་རིམ་བཞིན་ཕྱི་ལོ་༢༠༡༦བར་ཐེངས་བཅུ་བདུན་ལ་འཚོགས་ཤིང་།  གཉན་པོ་གཡུ་རྩེའི་རི་འདབ་དུ་ཆགས་པའི་མགོ་ལོག་ལུང་དཀར་དགོན་གྱིས་ཉིས་སྟོང་བཞི་ཡི་ལོར་ཚོགས་ཐེངས་བཞི་བའི་སྦྱིན་བདག་བྱས་ཤིང་།    དེ་ནས་སླར་ཡང་ད་ལོ་ཉིས་སྟོང་བཅུ་དྲུག་ལོར་ཚོགས་ཐེངས་བཅུ་བདུན་པ་འཚོགས་པའི་སྦྱིན་བདག་མཛད་དེ་བོད་ཟླ་བཞི་བ་སྔ་མའི་ཚེས་ཉི་ཤུ་ནས་ཉིན་བཅུའི་རིང་ལ་འཚོགས།LyLརྗེ་ཙོང་ཁ་པའི་དྲ་བ།

0801_2.jpgLyLརྗེ་ཙོང་ཁ་པའི་དྲ་བ།

0801_3.jpgLyLརྗེ་ཙོང་ཁ་པའི་དྲ་བ།

ཐེངས་འདིའི་ཆོས་ཚོགས་སྟེང་ཕེབས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཞག་པ་རིན་པོ་ཆེ་༧དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་མཆོག་དང་། དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས། ལྷ་རམས་པ་ལྷོ་བ་འབྲུག་གྲགས། ལྷ་རམས་པ་བློ་བཟང་ཡར་རྒྱས།  ལྷ་རམས་པ་ཡ་མ་བསོད་ནམས་དང་ཡ་མ་བཟང་བོ། མདོ་སྔགས་རབ་འབྱམས་པ་ཀླུ་སྒྲུབ་བཟོད་པ་ཆུང་བ། ལྷ་རམས་པ་ཀླུ་སྒྲུབ་བཟོད་པ་ཆ་ེབ། དགེ་བའི་བཤེས་གཉེན་ཆེན་པོ་གཙང་དར་རྒྱས་རྒྱ་མཚོ། དགེ་བཤེས་བུ་དགུའི་ཟླ་གྲགས།  མཛོད་ཚང་བརྩོན་འགྲུས། དམེ་སྐོར་ཐབས་མཁས། དགེ་བཤེས་དངོས་གྲུབ་དཔལ།  དབོན་པོའི་དགྲ་བླ། བོད་ཀྱི་སློབ་གསོ་བ་ཆེན་པོ་དགེན་འཇིགས་མེད་རྒྱལ་མཚན་སོགས་དགེ་བཤེས་རབ་འབྱམས་པ་བཅུ་ཕྲག་བཞི་ཙམ་དངོས་སུ་ཞུགས་ནས་བསླབ་བྱ་དང་ལེགས་བཤད་རིན་ཐང་བྲལ་བ་ཕངས་མེད་དུ་གནང་། མདོ་སྨད་མགོ་ལོག་འཇང་དགུན་ཆོས་ཐེངས་བཅུ་བདུན་པར་དངོས་སུ་མཉམ་ཞུགས་གནང་ཐུབ་པའི་དགོན་པ། ཨ་མཆོག་མཚན་ཉིད་དགོན། རྭ་རྒྱ་དགོན། ཨ་མདོ་གཙང་དགོན་པ། མང་དགེ་དགོན།  དབོན་པོ་དགོན།  ཉི་དར་རྒྱས་དགོན།  ལབ་དགོན།  འབུམ་སྟེང་དགོན། དཀར་མཛེས་དགོན།  མཐོ་ལས་དགོན།  རྔ་བ་ཀིརྟི་དགོན།   རྔ་བ་སྒོ་མང་དགོན།  བུ་རྒུ་དགོན། ཀ་བཞི་དགོན།  ཨ་འདུས་དགོན་གོང་མ།    ཨ་འདུས་དགོན་ཞོལ་མ།  སྨར་ཁམས་དགོན།   གླིང་ཡག་དགོན།  ལྷ་ཐོག་དགོན།  ཡི་མོ་དགོན།  སྨིན་ཐང་དགོན།  གྱང་རང་དགོན། ཆོས་ཐང་དགོན།  མཁར་ནང་དགོན།  ཀརྨ་དགོན།  ཁྲོམ་རྡོ་ཁ་དགོན།  དྷུ་ཕུ་དགོན།  མདོ་འགབ་མ་དགོན།  ཡེ་ངོས་དགོན།   ཤར་འོད་དགོན།  སྟོང་སྐྱབས་དགོན།  ཁྲ་ཚོགས་དགོན།  སྙན་མོ་དགོན། ལུང་སྔོན་དགོན།  ལྷ་རི་དགོན་བཅས་དགོན་ཁག་སུམ་བཅུ་ལྷག་ལ་ལུང་དཀར་དགོན་གྱི་ལྷ་སྡེ་གཙོའི་དད་སྟོབས་སྦྱིན་བདག་རྣམས་ཀྱིས་ཆོས་མཐུན་དོན་ལྡན་གྱི་མཐུན་སྦྱོར་གང་ལེགས་གནང་།ཉིན་བཅུའི་རིང་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སུམ་བཅུ་ལྷག་གི་བླ་སྤྲུལ་དགེ་བཤེས།   མཁས་དབང་དགེ་འདུན་པའི་ཞལ་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་གྲྭ་ཚང་ཕན་ཚུན་བར་བཞེད་དགོངས་རྒྱུས་ལོན་དང་ཐུགས་བསྐྱེད་བརྗེ་རེས་ཀྱི་ཚུལ་དུ།   གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ།    ཕར་ཕྱིན། ལམ་རིམ་སོགས་ལ་འཆད་རྩོད་རྩོམ་གསུམ་གྱིས་ཐོག་ནས་ཕྱོགས་དང་ཕྱོགས་ཀྱི་བློ་གསར་དོན་གཉེར་བ་ཚོས་ཐོས་བརྩོན་གྱི་ཤེས་རབ་བསྐྱེད་པའི་རྒྱུ་དང་།    རྒྱལ་བསྟན་རིན་པོ་ཆེའི་གསོས་སུ་འགྱུར་བ་འདི་ལགས་སོ།LyLརྗེ་ཙོང་ཁ་པའི་དྲ་བ།

0801_4.jpgLyLརྗེ་ཙོང་ཁ་པའི་དྲ་བ།

0801_5.jpgLyLརྗེ་ཙོང་ཁ་པའི་དྲ་བ།

0801_7.jpgLyLརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K