མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པ་རེབ་གོང་རོང་བོ་དགོན་ཆེན་དུ་འཚོགས་པ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2017-09-30 21:19:06         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

微信图片_20170930211832.jpgkePརྗེ་ཙོང་ཁ་པའི་དྲ་བ།

ད་ལོའི་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉེར་གསུམ་པ་ནི་རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་འཚོགས་བཞིན་པ་འདི་གར་ལགས་ལ།   འདི་ལ་མདོ་སྨད་ཕྱོགས་སོ་སོ་ནས་དགོན་པ་ལྔ་བཅུ་ལྷག་དང་།    རིགས་པ་སྨྲ་བ་སྟོང་ཕྲག་གཉིས་ཡས་མས་གདན་འཛོམས་ཡོད་ལ། ཉིན་དགུའི་རིང་ལ་དགོན་པ་གཉིས་རེ་བྱས་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚན་པ་རེ་རེ་ལ་བགྲོ་གླེང་གནང་བཞིན་ཡོད་པ་རེད།
kePརྗེ་ཙོང་ཁ་པའི་དྲ་བ།

微信图片_20170930211849.jpgkePརྗེ་ཙོང་ཁ་པའི་དྲ་བ།

དེ་ཡང་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་རྩོད་པའི་སྒོ་ནས་ ལེགས་པར་སྦྱོང་བའི་ལམ་སྲོལ་ཁྱད་པར་ཅན་འཇང་དགུན་ཆོས་ཆེན་མོ་ནི།རྒྱལ་དབང་བདུན་པའི་དུས་ནས་དབུ་ཚུགས་པ་ཡིན་ལ། འདི་ཉིད་ནི་གདན་ས་སེ་འབྲས་དགེ་གསུམ་དང་།མངའ་དྭགས་རྒྱལ་གསུམ།རྭ་བ་སྟོད་པ། གཙུག་ལག་ཁང་བཅས་ཀྱི་རིགས་པ་སྨྲ་བ་སྟོང་ཕྲག་མང་པོ་ལྷ་ས་ནས་ལེ་བར་ལྔ་བཅུའི་མཚམས་ཀྱི་འཇང་ཕུ་ཞེས་པའི་དགོན་པ་ཞིག་ནས་འཚོག་དགོས་པས་འཇང་དགུན་ཆོས་ཞེས་མིང་ཐོགས་པ་ཡིན །ད་ལྟའི་བར་གངས་ཅན་པའི་ཡུལ་དུ་རིགས་པ་སྨྲ་བའི་དབང་ཕྱུག་མང་པོ་ཐང་མར་བརྡལ་པ་ནི་ཆོས་ཐོག་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ཞེས་ཀུན་གྱིས་གླེང་ལ།རང་རེའི་མདོ་སྨད་དུ་སྤྱི་ལོ༡༩༩༥ལོ་ནས་གསར་འཛུགས་མཛད་ནས་ད་ལྟའི་བར་དུ་ཐེངས་ཉེར་གསུམ་ཚོགས་ཤིང་། ད་རེ་ཐེངས་ཉེར་གསུམ་པ་འདི་ནི་རེབ་གོང་རོང་བོ་དགོན་ཆེན་དུ་འཚོགས་ཐེངས་གསུམ་པ་དེ་ཆགས་ཡོད་ལ། ལམ་སྲོལ་ཁྱད་པར་ཅན་འདི་ཚུགས་པ་ལ་བརྟེན་ནས་མདོ་སྨད་གྱི་དགོན་སྡེ་དག་གི་ཕན་ཚུན་གྱི་མཛའ་མཐུན་དང་།ཆོས་འཆད་ཉན།བསླབ་པ་སློབ་གཉེར་སོགས་ལ་སྔར་མེད་ཀྱི་ནུས་པ་ཐོན་པ་མ་ཟད།ཐུགས་མཐུན་ཁྲིམས་གཙང་བའི་ངོས་ནས་འཆད་རྩོད་རྩོམ་གསུམ་དང་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་བླ་ན་མེད་པའི་ནུས་པ་ཐོན་ཡོད།kePརྗེ་ཙོང་ཁ་པའི་དྲ་བ།


kePརྗེ་ཙོང་ཁ་པའི་དྲ་བ།

kePརྗེ་ཙོང་ཁ་པའི་དྲ་བ།

kePརྗེ་ཙོང་ཁ་པའི་དྲ་བ།

འཇང་དགུན་ཆོས་ཀྱི་རྩོད་གཞུང་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཡིན་ལ། ལེའུ་གཉིས་པའི་བདེན་བཞིའི་སྐོར་དེ་ཕར་ཕྱིན་ལ་འབྲེལ་ཞིང་། ལེའུ་གསུམ་པའི་མངོན་རྗེས་ཀྱི་སྐོར་དབུ་མར་འབྲེལ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་སྐོར་དེ་མཛོད་ལ་འབྲེལ་བ།གཞལ་བྱ་ཤིན་ལྐོག་གི་སྐོར་དེ་འདུལ་བ་ལ་འབྲེལ་བ། གཞན་སེལ་སོགས་དྲང་ངེས་ལ་འབྲེལ་བས་རིགས་པའི་བརྡར་ཤ་དཔྱིས་ཕྱིན་པར་གཅོད་པ་ལ་གཞུང་ཆེན་བཀའ་པོད་ལྔ་བོ་ལ་ངེས་པར་དུ་བྱང་ཆ་ཆེ་བ་ཞིག་ཡིན་དགོས།kePརྗེ་ཙོང་ཁ་པའི་དྲ་བ།

微信图片༣༣_20170930211902.jpg微信图片_20170930211910.jpgkePརྗེ་ཙོང་ཁ་པའི་དྲ་བ།

འདི་ནི་རྒྱལ་ཕམ་དང་མཚན་སྙན་གྲགས་ཀྱི་དབྱེ་བ་ཞིག་གི་ཆེད་མ་ཡིན་པར།རིགས་པ་སྨྲ་བ་སོ་སོའི་རིག་པའི་གསང་ཚིག་དང་། རྣམ་དཔྱོད་ཀྱི་རྣོ་མྱུར། གཞུང་ལུགས་ཀྱི་གོ་བས་ཕན་ཚུན་ལ་བློ་བསྐྱེད་དང་། གཞུང་ལུགས་ལ་ཞུན་ཐར་གཅོད་པ་གཙོ་བོ་ཡིན་ལ། ཡིག་ཆ་ཡང་གྲྭ་ས་སོ་སོས་རང་གི་ཡིག་ཆ་ལས་བརྒལ་ནས་འཇམ་མགོན་ཡབ་སྲས་ཀྱི་གསུང་ཚད་མར་འཛིན་པ་ཡིན་ལ། ཐད་ཀར་རྒྱལ་བའི་གསུང་དང་རྒྱ་གར་པན་གྲུབ་ཀྱི་ཕྱི་མོའི་གཞུང་ལ་འཇུག་པར་བྱེད་པ་ཡིན་ནོ། །kePརྗེ་ཙོང་ཁ་པའི་དྲ་བ།

kePརྗེ་ཙོང་ཁ་པའི་དྲ་བ།

kePརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K