མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྐུ་འབུམ་ལྔ་རིག་སྐྱེད་ཚལ་གླིང་གིས་ལོ་འཁོར་གཅིག་གི་མཇུག་རྒྱུགས་བླངས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས།  2018-11-28 11:43:31     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

微信图片_20181127105746.jpgPQuརྗེ་ཙོང་ཁ་པའི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གཙུག་ལག་རིག་གནས་སློབ་གྲྭ་སྟེ་སྐུ་འབུམ་ལྔ་རིག་སྐྱེད་ཚང་གླིང་གིས་ཧོར་ཟླ10པའི་ཚེས16ནས་ཉིན་གསུམ་གྱི་རིང་ལོ་འཁོར་གཅིག་གི་མཇུག་རྒྱུགས་བླངས།  PQuརྗེ་ཙོང་ཁ་པའི་དྲ་བ།

微信图片_20181127105730.jpgPQuརྗེ་ཙོང་ཁ་པའི་དྲ་བ།

ལོ་འཁོར་གཅིག་གི་མཇུག་རྒྱུགས་སྟེང་ལོ་སྔོན་མ་དག་དང་འདྲ་བར་གྲ་སྒྲིག་འཛིན་གྲྭ་ནས་འཛིན་གྲྭ་གསུམ་པའི་བར་དང་། བསྡུས་གྲྭའི་འཛིན་གྲྭ་གསུམ་བཅས་འཛིན་གྲྭ་བདུན་གྱི་སློབ་མ་ཉིས་བརྒྱ་ཉི་ཤུ་ལྷག་སྔར་སྲོལ་བཞིན་ཐེངས་འདིའི་མཇུག་རྒྱུགས་ལ་ཞུགས།  དགོན་པའི་དོ་དམ་ཁང་དང་ཚོགས་ཆེན་ཞལ་ངོ་སོགས་ཀྱི་གཟིགས་ཞིབ་དང་། དགེ་རྒན་རྣམས་ཀྱི་ལྟ་རྟོགས་དང་རྒྱུགས་ལེན་དུས་ཚོད་ཀྱི་བཀོད་སྒྲིག་ལྟར་འཛིན་གྲྭ་རང་རང་གི་བསླབ་གཞིའི་མཇུག་རྒྱུགས་རེ་རེ་བདེ་ལེགས་ངང་བླངས། PQuརྗེ་ཙོང་ཁ་པའི་དྲ་བ།

微信图片_20181127105632.jpgPQuརྗེ་ཙོང་ཁ་པའི་དྲ་བ།

སྐུ་འབུམ་དགོན་པའི་ལྔ་རིག་སྐྱེད་ཚལ་གླིང་ནི༧ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གིས། “དགོན་པའི་སློབ་གསོ་སློབ་གྲྭའི་སློབ་གསོར་བསྒྱུར་དགོས་”ཞེས་པའི་བསླབ་བྱའི་ཐུགས་དགོངས་དང་བསྟུན་ནས།  སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཕྱི་ལོ1991ལོའི་ས་ག་ཟླ་བའི་ཚེས་གཅིག་ཉིན་དགོན་པར་གསར་དུ་བཙུགས་པའི་སློབ་གྲྭ་ཞིག་ཡིན་ལ།  གནའ་བོའི་བོད་ཀྱི་དགོན་སྡེ་སློབ་གསོའི་རྨང་གཞིའི་སྟེང་དེང་རབས་ཀྱི་སློབ་གྲྭའི་སློབ་གསོའི་ལམ་ལུགས་ཀྱིས་ཟུར་བརྒྱན་པས་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་སློབ་གླིང་ཞིག་ཏུ་གྱུར་ཡོད།  སློབ་ཡུན་ལོ་ངོ་དྲུག་གམ་བདུན་གྱི་རིང་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག  ལམ་རིམ་དང་འབྲེལ་བའི་བསླབ་བྱ། བསྡུས་གྲྭ།   ཡིག་གཟུགས་དབུ་ཅན་དང་འབྲུ་ཚ།  ཚུགས་རིང་དང་ལཉྫ།  འཁྱུག་བྲིས་སོགས་ཡིག་གཟུགས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད།   PQuརྗེ་ཙོང་ཁ་པའི་དྲ་བ།

微信图片_20181127105714.jpgPQuརྗེ་ཙོང་ཁ་པའི་དྲ་བ།

སློབ་གླིང་བཙུགས་ནས་བགྲང་བྱ་ཉེར་ལྔ་ལྷག་གི་རིང་། སྐུ་འབུམ་དགོན་པའི་དོ་དམ་ཁང་དང་ལས་སྣེ་དག་གི་གཟིགས་སྐྱོང་། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ས་གནས་དང་མི་རིགས་མི་འདྲ་བའི་ན་གཞོན་དགེ་འདུན་པ་དགུ་བརྒྱ་ལྷག་སློབ་མཐར་ཕྱིན་ཏེ། བོད་ཀྱི་རིག་གནས་འཛིན་སྐྱོང་སྤྱི་དང་། བྱེ་བྲག་ཏུ་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་རྗེ་སྐུ་འབུམ་བྱམས་པ་གླིང་གི་གྲྭ་ཚང་བཞིའི་འཆད་ཉན་ཡར་སྐུལ་ལ་ནུས་པ་བླ་མེད་འཐོན་བཞིན་ཡོད།  །PQuརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K