མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ངེད་ཀྱི་སྐོར། > ནང་དོན་དངོས།

༄༅།།གངས་ལྗོངས་དགོན་སྡེའི་སློབ་དེབ་པར་བསྐྲུན་འགྲེམ་སྤེལ་སྟེང་གི་གསུང་བཤད།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2014-09-03 17:33:11     རྩོམ་པ་པོ།   སེར་ཤུལ་ཁྲི་པ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

32.jpgjd5རྗེ་ཙོང་ཁ་པའི་དྲ་བ།

 jd5རྗེ་ཙོང་ཁ་པའི་དྲ་བ།

 བོད་པའི་རིག་གནས་ལ་ཤ་ཞེན་ཆེ་བའི་འགོ་ཁྲིད་རྣམ་པ། མཁས་དབང་རྣམ་པ། གྲོགས་པོ་རྣམ་པ།jd5རྗེ་ཙོང་ཁ་པའི་དྲ་བ།
        ཁྱེད་རྣམ་པ་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམ་པར་ཚོགས་འདུར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་པ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུ་པ་ཡིན། དེ་རིང་གངས་ལྗོངས་དགོན་སྡེའི་སློབ་དེབ་པར་སྐྲུན་འགྲེམ་སྤེལ་གནང་བའི་ཉིན་བཟང་སྐར་བཟང་གི་ཉིན་མོ་ཡིན་ལ། ལྗིད་ཟུངས་ལྡན་པའི་གླེགས་བམ་བཅུ་གཉིས་འདི་ལེགས་འགྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་པའི་ཉིན་མོའང་ཡིན། གཤམ་དུ་བདག་གིས་གངས་ལྗོངས་དགོན་སྡེའི་སློབ་དེབ་བཅུ་གཉིས་འདི་རྩོམ་སྒྲིག་གནང་བའི་དམིགས་ཡུལ་དང་ཀུན་སློང་། དགེ་མཚན། ཡང་ན་དཔེ་ཚོགས་འདིའི་བརྗོད་བྱ་དང་རྗོད་བྱེད་བཅས་རགས་ཙམ་ངོ་སྤྲོད་བགྱིས་ན་འདི་ལྟ་སྟེ།jd5རྗེ་ཙོང་ཁ་པའི་དྲ་བ།
        དེ་ཡང་དགོན་སྡེའི་སློབ་དེབ་དེབ་གྲངས་བཅུ་གཉིས་ཅན་འདི་བགྲང་བྱ་གསུམ་ལྷག་རིང་ལ་བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་འགའི་ཆེད་མཁས་སམ་དགེ་རྒན་ཆེན་མོ་དང་དགོན་སྡེ་འགའི་དགེ་པའི་བཤེས་གཉེན་རྣམ་པས་ལྷག་བསམ་ཟོལ་མེད་ཀྱི་འབད་འབུངས་ལྷོད་མེད་ལ་བརྟེན་ནས་ད་ལྟ་ཆ་ཚང་སྤུས་ལེགས་ངང་པར་སྐྲུན་གནང་ཐུབ་པའི་སྐལ་བ་ལྡན་པ་འདིར་ཁོ་བོས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་རྩོམ་སྒྲིག་པ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་བ་ཡིན།jd5རྗེ་ཙོང་ཁ་པའི་དྲ་བ།
        དགོན་སྡེའི་སློབ་དེབ་འདི་གསར་སྒྲིག་བགྱི་བའི་དམིགས་ཡུལ་ལམ་བསམ་བྱ་གཙོ་བོ་སྟེ། དེ་ཡང་སྐད་གྲགས་ཅན་གྱི་མདོ་ཁམས་འཇང་དགུན་ཆོས་ཀྱི་ཆོས་ཚོགས་ཆེན་མོའི་བགྲོ་གླེང་སྐབས་སུ་བླ་གྲྭ་མང་པོས་དེང་རབས་འཛམ་གླིང་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ཇི་བཞིན་འགྲོ་བཞིན་པའི་དུས་སྐབས་འདིར་རང་རེའི་དགོན་སྡེའི་བླ་གྲྭ་ཐམས་ཅད་ཀྱང་སྤྱི་ཚོགས་ཡོངས་ཀྱི་འཕེལ་འགྱུར་གོམ་འགྲོས་དང་བསྟུན་དགོས་ན་གངས་ཅན་བོད་པའི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པོ་བགྱིད་པ་གཞིར་བཞག་སྟེང་གཞན་གྱི་ཚན་རིག་རིག་གནས་དང་བཅས་པའི་ཤེས་བྱ་མང་པོ་ལ་སྦྱོང་བ་གང་ལེགས་མ་མཛད་ན་མི་ཆོག་པའི་དབང་གིས་དགོན་སྡེའི་སློབ་དེབ་ཆ་ཚང་སྤུས་ལེགས་ཤིག་དགོས་པའི་འདུན་པ་དྲག་པོ་ཡང་ནས་ཡང་དུ་གསུངས་པར་བརྟེན། ཁོ་བོས་ཀྱང་ལས་དོན་གལ་ཆེན་ཞིག་ཡིན་པར་བསམས་ནས་སྤྲོ་བ་རྒྱས་ཏེ་དགོན་སྡེའི་སློབ་དེབ་ཀྱི་འགྲོ་སོང་མ་དངུལ་ཐམས་ཅད་གཏོང་རྒྱུའི་ཁས་བླངས་པ་དང་ཆབས་ཅིག་རྒན་གཅོད་པ་དོན་གྲུབ་དང་དགེ་བཤེས་བསོད་ནམས་དང་བཅས་པར་ལྷན་དུ་གྲོས་སྡུར་བགྱིས་ནས་ལས་ཀ་རླབས་པོ་ཆེ་འདི་བསྒྲུབ་རྒྱུ་ཐག་བཅད་པ་ལགས།jd5རྗེ་ཙོང་ཁ་པའི་དྲ་བ།
        སློབ་དེབ་འདི་སྒྲིག་རྩོམ་བགྱིད་པའི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་རིམ་དང་རྒྱལ་ནང་གི་སྒྲིག་སྲོལ་རྣམས་དང་གང་ནུས་ཀྱིས་མཐུན་པ་ཡོངས་པའི་སླད་དུ་རྒན་གཅོད་པ་དོན་གྲུབ་ཀྱིས་འགོ་འཛིན་གང་ལེགས་ཀྱིས་བོད་ཡིག་དང་རྒྱ་ཡིག་གི་སློབ་དེབ་མང་པོར་ཟུར་ལྟ་གནང་སྟེ། ཁྱད་པར་དུ་ཞིང་ལྗོངས་ལྔའི་སློབ་མ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་དང་མཚོ་ལྷོ་ཁུལ་གྱི་འགན་བབས་སློབ་གསོའི་བོད་ཡིག་ཚོད་ལྟའི་སློབ་དེབ་གཞིར་བཟུང་སྟེ་སྒྲིག་གཞི་གཏན་འཁེལ་དང་དེབ་བཅུ་གཉིས་ཀྱི་ནང་དོན་གཏན་འབེབས་བགྱིས་ཐོག་དེབ་རེ་རེའི་ཆེད་མཁས་རྩོམ་སྒྲིག་པ་གདན་འདྲེན་ཞུས་ནས་བྱ་བ་འདིར་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་བསྒྲུབས། ངེད་ཅག་གིས་སློབ་དེབ་ཀྱི་སྤུས་ཚད་མཐོར་འདེགས་དང་སྒྲིག་སྟངས་གཅིག་གྱུར་ཡོང་ཕྱིར་རྩོམ་སྒྲིག་པ་རྣམས་ཐེངས་མང་ལ་ལྷན་དུ་བསྡུས་ཏེ་གྲོས་མོལ་བགྱིས་ནས་དཀའ་གནད་མི་ཉུང་པ་ཐག་བཅད་ཅིང་། སློབ་དེབ་བཅུ་གཉིས་ཡོངས་སུ་གྲུབ་རྗེས་ཆེད་མཁས་པ་སྐོར་ཞིག་གདན་ཞུ་གནང་སྟེ་ནན་ཏན་གྱིས་ཞུ་དག་མཛད་དོ། །jd5རྗེ་ཙོང་ཁ་པའི་དྲ་བ།

31.jpgjd5རྗེ་ཙོང་ཁ་པའི་དྲ་བ།

        གསར་སྒྲིག་གི་དགོན་སྡེའི་སློབ་དེབ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་སྟེ། གཅིག་ནི་དེང་རབས་ཀྱི་སྔོན་ཐོན་སློབ་དེབ་སྒྲིག་སྟངས་ལྟར་དགོན་སྡེའི་བླ་གྲྭའི་བློ་རིག་དང་ལོ་ཚད་བཅས་པར་འཚམ་པའི་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སློབ་དེབ་བསྒྲིགས་ཡོད། གཉིས་ནི་ནང་དོན་གྱི་ཆ་ནས་བོད་ཀྱི་སྐད་ཡིག་འབྲི་ཀློག་དང་བརྡ་སྤྲོད་སྙན་ངག་མངོན་བརྗོད་ལོ་རྒྱུས་ཚད་མ་ནང་དོན་རིག་པ་དང་བཅས་པ་ཚང་པ་ལས་གཞན་སེམས་ཁམས་རིག་པ་དང་ཁྲིམས་ལུགས་སོགས་ཀྱི་ནང་དོན་གསར་བའང་ཆེད་དུ་བསྒྲིགས་ཡོད། གསུམ་ནི་སློབ་དེབ་སྒྲིག་སྐབས་གྲུབ་མཐའ་དང་ཕྱོགས་རིས་ཀྱི་དབང་དུ་མ་སོང་བར་དྲང་བདེན་ངང་ནས་བསྒྲིགས་ཡོད་པས་ཡུལ་ཁམས་གང་དང་གྲུབ་མཐའ་གང་གིས་ཀྱང་དོགས་མེད་ཀྱིས་སྤྱོད་ཆོག་གོ ། གང་ལྟར་ཡང་གསེར་ལ་བསླད་མ་འདྲེས་པ་དང་མི་ལ་སྐྱོན་མ་གོས་པ་མེད་པའི་དཔེ་བཞིན་ད་དུང་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པས་ཁྱེད་རྣམ་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་མཁས་དབང་རྣམ་པས་དོགས་མེད་ཀྱིས་དགོངས་འཆར་གནང་བར་མཛོད་ཅིག མཇུག་མཐར། ཁྱེད་རྣམ་པ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ། གཏན་དུ་བདེ་བ་ཐོབ་པར་ཤོག །jd5རྗེ་ཙོང་ཁ་པའི་དྲ་བ།

 jd5རྗེ་ཙོང་ཁ་པའི་དྲ་བ།

jd5རྗེ་ཙོང་ཁ་པའི་དྲ་བ།
2013ལོའི་ཟླ6པའི་ཚེས་པ4ལ་ཕུལ།jd5རྗེ་ཙོང་ཁ་པའི་དྲ་བ།

 jd5རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K