མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྭ་སྒྲེང་དགོན་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། འཇིགས་བྱེད་ཀྱི་སྐོར།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-04-11 15:15:17         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

22.jpg4FJརྗེ་ཙོང་ཁ་པའི་དྲ་བ།

  དཀར་ཆག4FJརྗེ་ཙོང་ཁ་པའི་དྲ་བ།

དཔེ་སྐྲུན་མཚམས་སྦྱོར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་བརྒྱུད་འདེབས་བཞུགས་སོ། ། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཀྱི་ངག་འདོན་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པའི་སྐབས་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་ཤིང་དངོས་གྲུབ་འོད་དཀར་འགྱེད་པའི་ཟླ་གཞོན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་ཚུལ་ནག་འགྲོས་སུ་བཀོད་པ་ཐར་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། དགེ་བསྔོའི་སྨོན་ཚིག །4FJརྗེ་ཙོང་ཁ་པའི་དྲ་བ།

༄༅། །དཔེ་སྐྲུན་མཚམས་སྦྱོར།4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་གང་། །གཅིག་བསྡུས་ཡི་དམ་ལྷར་ཤར་སྤྱན་རས་གཟིགས། །གཉིས་མེད་གཉིས་སུ་སྟོན་པའི་སྒྱུ་འཕྲུལ་ཅན། །འབྲོམ་རྗེ་རྒྱལ་བ་རྒྱ་མཚོར་སྙིང་ནས་འདུད། །གང་གི་མཛད་རྗེས་བླ་ན་མཐོ་བ་ལས། །ལེགས་པར་འབྱུང་བའི་རྭ་སྒྲེང་ཆོས་སྡེ་ཆེའི། །ཉམས་བཞེས་ཟུར་འདོན་སྐུ་རིམ་ཉེར་མཁོ་ཡི། །ཆོས་སྤྱོད་ཕྱོགས་བསྒྲིགས་དཀར་ཆག་འདི་ན་འགོད། །དེ་ཡང་སྲས་བཅས་རྒྱལ་བའི་ལུང་གིས་ཟིན་ཅིང་བཀའ་གདམས་གླེགས་བམ་སོགས་ལས་ཡང་དང་ཡང་དུ་བསྔགས་པའི་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་སྙན་པའི་གྲགས་པ་འབར་བའི་ཆོས་སྡེ་ཆེན་པོ་འདིར། མི་ལོ་དགུ་བརྒྱ་ལྔ་བཅུ་ལྷག་གི་རིང་བཀའ་གདམས་གསར་རྙིང་གི་དགེ་བའི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐུ་རིང་ལ་གསར་གཏོད་དང་། འཕེལ་རྒྱས། རྒྱུན་འཛིན་བཅས་ཡང་དག་པར་མཛད་པའི་ཕྱག་རྒྱུན་ལས་འཕོས་པའི་མདོ་དང་རྒྱུད་སྡེའི་དགོངས་དོན་ལྟར་གྱི་མཐོང་བརྒྱུད་ཀྱི་ཕྱག་ལེན་རྣམ་པར་དག་པས་བརྒྱན་པའི་ཆོ་ག་ཕྱག་ལེན་ཕུན་སུམ་ཚོགས་པ་མཆིས་ནའང་། རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོར་རིག་གསར་ཞེས་པའི་དུས་འགྱུར་ཁྲོད་ཆོས་སྡེ་འདིའི་སྣོད་བཅུད་གཉིས་ཀ་རེ་ཞིག་མིང་གི་ལྷག་མར་བཏང་། དེ་རྗེས་ལས་སྨོན་བསོད་ནམས་ཀྱི་མཐུ་ལས་གཞུང་ནས་ལྷུག་གཏོང་སྲིད་ཇུས་དོན་འཁྱོལ་གནང་བའི་སྐལ་བཟང་གི་དུས་མགོར། བཀའ་དྲིན་ཟླ་མེད་བཤེས་གཉེན་བཅུ་ཕྲག་གསུམ་ལ་ཉེ་བ་རིམ་བཞིན་གནས་འདིར་ཕེབས་ནས་དགོན་གནས་རྟེན་དང་བརྟེན་པ་སྤྱི་དང་། ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་གྱི་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་དང་། དེའི་ཆ་ལག་གཏོར་བཟོ་གར་ཐིག་རོལ་དབྱངས་སོགས་སྔར་སྲོལ་བཀའ་གདམས་གོང་མའི་སྐབས་ཀྱི་ཉམས་བཞེས་མཆིས་སོ་ཅོག་སླར་གསོ་མཐར་ཕྱིན་པ་གནང་བའི་བཀའ་དྲིན་ཤིན་ཏུ་ཆེ་ནའང་། ཕྱི་ནང་གི་རྒྱུ་རྐྱེེན་དང་འབྱོར་འཁོས་ལ་གཞིག་པའི་དཔེ་རྒྱུན་ཁུངས་མ་བཙལ་རྙེད་མ་བྱུང་བར། མ་དཔེ་ཕལ་ཆེ་བ་ལག་བྲིས་རྙིང་རུལ་མ་དག་རྒྱུན་འབྱམས་མ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་སྒྲོས་ལས་བྱུང་བ་དག་ཟིན་བྲིས་སུ་བགྱིས་པ་སོགས་ལ། ཡི་གེ་འབྲི་ཤེས་ཐམས་ཅད་ཀྱིས་བསྐྱར་བཤུ་ཡང་བཤུ་ཡང་ཡང་བགྱིས་པས། དཔེ་ཆ་རེས་བརྗོད་དོན་མི་འདྲ་བ་རེ་སྟོན་པ་སོགས་མ་དག་རྒྱུན་འབྱམས་ཀྱི་ཕུང་པོ་ཆེན་པོར་གྱུར་ཞིང་། འདི་ཡིན་འདི་མིན་གྱི་གཏད་སོ་ཅི་ཡང་མེད་པར་འགྱུར་ལ་ཉེ་བ་སོགས་རྒྱལ་བསྟན་སྤྱི་དང་། རང་ཅག་ཇོ་བོ་བཀའ་གདམས་པའི་རིང་ལུགས་དྲི་མེད་གསེར་གྱི་ཡང་ཞུན་ལྟ་བུ་ལ་བསྲེས་ལྷད་ཀྱི་རྨ་ཁ་ཆེན་པོ་ཞིག་འབྱུང་ལ་ཉེ་སྐབས། མཁྱེན་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པའི་བཀའ་དྲིན་མཉམ་མེད་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས། བསྟན་པ་སྤྱི་དང་བྱེ་བྲག་ལ་སྨན་པའི་དགོངས་བཞེད་རླབས་ཆེན་པོས། རང་དགོན་གྱི་དབུ་ཁྲིད་དང་། ངེད་ཅག་རྣམས་ལ་མ་ཕྱི་ཁུངས་མ་བཙལ་འཚོལ་གྱི་ཕྱི་རབས་ལ་སྨན་པའི་ཆོས་སྤྱོད་ཕྱོགས་སྒྲིག་ཡང་དག་པ་བགྱིས་དགོས་པ་དང་། མཐུན་རྐྱེན་ཐམས་ཅད་མཆོག་སྤྲུལ་རིན་པོ་ཆེ་ཉིད་ནས་སྦྱོར་བའི་ཞལ་བཞེས་བཟང་པོ་དང་བཅས་བཀའ་བསྩལ་དོན་ལྟར། དགོན་གྱི་དབུ་ཁྲིད་དང་ངེད་ཅག་ལྟོས་བཅས་རྣམས་མོལ་ཁྱབ་ཞིབ་ནན་བྱས་ཏེ། རབ་རྒྱན་ཆུ་འབྲུག་ལོའི་མཆུ་ཟླ་ཡར་ངོའི་དགའ་བ་གཉིས་པར་དབུ་བཙུགས། གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་ནས་སྤྱི་ཁྱབ་འགན་འཛིན་གནང་བའི་འོག །ཕྲན་གཟིགས་པ་སྤྲུལ་མིང་པ་དང་། རྒྱལ་མཚན་དོན་ཡོད། བློ་བཟང་ཆོས་རྒྱལ་བཅས་ངེད་གསུམ་ནས་དབེན་གནས་འདི་བའི་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་དཔལ་ལྡན་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་ཕྱོགས་གཅིག་ཏུ་བསྒྲིགས་པའི་དོན་ལྡན་གྱི་བྱ་བ་འདིའི་སྤྱིའི་རྐང་འཛིན་རང་ནུས་ལ་དཔགས་པའི་ལྷག་བསམ་རྣམ་དག་གིས་སྒྲུབ་ཁུལ་བྱས་ཏེ། ཞུས་དག་གི་རིམ་པ་ཐེངས་བཅུ་ཕྲག་གཅིག་ལྷག་ཞིབ་ནན་རུ་ང་ཆེན་པོས་བྱས་སྟབས་ཞུས་དག་གི་ཆ་ནས་ཡིད་བརྟན་འཕེར་ངེས་སུ་རློམ་པ་དང་། རང་དགོན་གྱི་དགེ་འདུན་རྒྱལ་མཚན་ལུང་རྟོགས་དང་། རྒྱལ་མཚན་ངག་དབང་། བློ་བཟང་སྦྱིན་པ། བློ་བཟང་དོན་ལྡན་བཅས་ཀྱིས་མ་ཕྱི་འབྲུ་འདེད་ཀྱིས་ཀློག་འདོན་མཛད། འདམ་བསྟན་འཛིན་དར་རྒྱས་ཀྱིས་མ་ཕྱི་རྩིས་འཕྲུལ་དུ་ཕབ་པ་དང་། དགེ་ཚུལ་བསྟན་འཛིན་མགོན་པོ་ནས་ཉིན་ལྟར་ཞལ་ལག་གཡོས་སྦྱོར་མཛད་པ་བཅས་ཚན་ཆུང་ཁོངས་མི་ཡོངས་ནས་ལན་དང་གྲགས་པ་སོགས་ལ་མི་ལྟ་བར་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་དམིགས་ཡུལ་ཁོ་ན་བཅངས་ཏེ་དགོན་པའི་དབྱར་གྱི་གནང་ཆེན་དང་། གཟའ་ཉི་མའི་ངལ་གསོ། རྒྱུན་གྱི་གྲོང་ཆོག་སོགས་གཡུགས་ཏེ་ལོ་ཕྱེད་དང་གཉིས་རིང་ཉིན་མཚན་མགོ་སྦྲེལ་གྱིས་བརྩོན་པ་ལྷོད་མེད་བྱས་པ་དང་། རྭ་སྒྲེང་དགོན་པ་གཞུང་དང་། བཀའ་དྲིན་ཟླ་མེད་གཟིམ་འོག་བསྟན་འཛིན་ཡེ་ཤེས་མཆོག་ནས་འཚོ་བའི་བདག་རྐྱེན་དང་། འཕྲལ་འཕྲལ་དུ་དགོས་ངེས་ཀྱི་དངོས་པོ་སྤྱི་དང་། ཁྱད་པར་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་པར་སྐྲུན་གྱི་འགྲོ་སོང་ཡོངས་རྫོགས་གནང་བ་སོགས། ངེད་ཅག་རྣམས་ཀྱི་ལས་ཀར་རོགས་རམ་གནང་མཁན་བསྟན་དང་རང་རིགས་ལ་སྨན་པའི་ལྷག་བསམ་ཅན་དུ་མས་རྒྱབ་སྐྱོར་བླ་ན་མེད་པ་མཛད་པར་བརྟེན། མཐར་རབ་རྒྱན་ཆུ་སྦྲུལ་ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ཉིན་དགེ་བར་ལེགས་པར་གྲུབ་པའི་གླེགས་བམ་དང་པོའི་དཀར་ཆག་རིམ་པར་འགོད་པ་ལ།4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་བརྒྱུད་འདེབས་བཞུགས་སོ། །4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
ལྷ་མཆོག་འཇམ་དཔལ་རྡོ་རྗེ་གཤིན་རྗེའི་གཤེད། །ལྷན་སྐྱེས་བདེ་བ་མཆོག་སྩོལ་མཁའ་འགྲོའི་གཙོ། །གྲུབ་པའི་དབང་ཕྱུག་ལཱ་ལི་ཏ་བཛྲ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །ཟུང་འཇུག་མངོན་གྱུར་དོན་ཡོད་རྡོ་རྗེ་དང་། །ལྷན་སྐྱེས་ཡེ་ཤེས་འབྱུང་གནས་སྦས་པའི་ཞབས། །རྟོགས་པ་མཆོག་བརྙེས་པདྨ་བཛྲ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །བརྟུལ་ཞུགས་སྤྱོད་པ་མར་མེ་མཛད་སྲུང་དང་། །མཐུ་སྟོབས་མངའ་བདག་རྭ་ལོ་རྡོ་རྗེ་གྲགས། །གནས་ལུགས་མངོན་གྱུར་རྗེ་བཙུན་ཆོས་རབ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །གྲུབ་པའི་རིགས་འཁྲུངས་ཡེ་ཤེས་སེང་གེ་དང་། །གཞུང་ལུགས་མང་ཐོས་རྗེ་བཙུན་འབུམ་སེང་ཞབས། །གངས་ཅན་རྣལ་འབྱོར་དབང་པོ་རྒ་ལོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །དང་པོའི་སངས་རྒྱས་ལམ་སྟོན་ཤེས་རབ་སེང་། །སྨྲ་བའི་དབང་ཕྱུག་ཡེ་ཤེས་དཔལ་བ་དང་། །མཁས་གྲུབ་ཆེན་པོ་དོན་གྲུབ་རིན་ཆེན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །རྒྱལ་བ་གཉིས་པ་འཇམ་མགོན་བློ་བཟང་གྲགས། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་བཟང་རྗེ། །རྒྱ་ཆེན་ཆོས་ཀྱི་སྤྱན་ཡངས་བ་སོ་བར། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །རྣམ་གྲོལ་ས་བརྙེས་ཆོས་ཀྱི་རྡོ་རྗེ་དང་། །འཇའ་ལུས་མངོན་གྱུར་བློ་བཟང་དོན་གྲུབ་ཞབས། །སྙན་བརྒྱུད་མཛོད་འཛིན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །དབང་ཕྱུག་བརྒྱད་ལྡན་བློ་བཟང་ཆོས་རྒྱན་དང་། །ཤེས་བྱ་ཀུན་གཟིགས་བློ་བཟང་རྒྱ་མཚོའི་སྡེ། །མང་ཐོས་མཛོད་འཛིན་འཇམ་དབྱངས་གྲགས་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །གཞུང་བརྒྱ་སྨྲ་བ་འཇམ་དབྱངས་བཞད་པ་དང་། །ལུང་རིགས་དབང་ཕྱུག་དགེ་འདུན་ཕུན་ཚོགས་ཞབས། །རྡོ་རྗེ་འཆང་དངོས་ངག་དབང་མཆོག་ལྡན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། ། ཁ་སྐོང་ནི། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་འཛིན། །གསང་སྔགས་ལམ་སྟོན་བསྐལ་བཟང་རྒྱ་མཚོའི་སྡེ། །དངོས་དང་བརྒྱུད་པའི་རྡོ་རྗེ་འཛིན་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །བློ་བཟང་མདོ་སྔགས་གཞུང་ལུགས་ཀུན་དའི་ཚལ། །དཔལ་ལྡན་ཡེ་ཤེས་འོད་བརྒྱས་རབ་ཕྱེ་བའི། །རིགས་ཀུན་བདག་པོ་རྡོ་རྗེ་འཆང་དབང་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །བློ་བཟང་ཡེ་ཤེས་འོད་སྟོང་འབུམ་ཕྲག་གིས། །མདོ་སྔགས་བསྟན་པའི་པདྨོའི་ཚལ་རབ་ཀུན། །རབ་རྒྱས་དབང་ཕྱུག་བརྒྱད་ཀྱི་བདག་ཉིད་ལ། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། ། ཅེས་པའོ། ། བདེ་ཆེན་ཆོས་དབྱིངས་འགྱུར་མེད་མཁའ་ཡི་ལུས། །མཐིང་ནག་ཁྲོ་བོའི་ཉམས་སུ་རབ་རྫོགས་པས། །ཕྱི་ནང་བདུད་དཔུང་འཇོམས་མཛད་གཤིན་རྗེའི་གཤེད། །གསོལ་བ་འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། །སྐྱེ་བ་ཀུན་ཏུ་འཇམ་དབྱངས་ཞི་ཁྲོ་ཡིས། །རྗེས་བཟུང་མཚན་ལྡན་རྡོ་རྗེ་སློབ་དཔོན་མཆོག །བསྟེན་ནས་བཀའ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །གློག་ལྟར་གཡོ་བའི་དལ་འབྱོར་མི་ལུས་འདི། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །རྣམ་དག་དམ་ཚིག་སྡོམ་པ་སྲུང་བ་སོགས། །བསླབ་གསུམ་བྱ་བས་འདའ་བར་བྱིན་གྱིས་རློབས། །སྣོད་བཅུད་དག་པའི་འཁོར་ལོར་འཆར་བ་ཡི། །བསྐྱེད་རིམ་བརྟན་པོས་བདག་རྒྱུད་སྨིན་པ་དང་། །གསང་ཆེན་རྡོ་རྗེའི་རྣལ་འབྱོར་རིམ་པ་བཞིས། །རིང་མིན་ཟུང་འཇུག་བགྲོད་པར་བྱིན་གྱིས་རློབས། །ཕྱི་ཡི་གཤིན་རྗེ་བདུད་དང་བགེགས་ཀྱི་དཔུང་། །མ་ལུས་ཕྱེ་མར་འཐག་པའི་མཐུ་གྲུབ་ཅིང་། །ནང་གི་གཤིན་རྗེ་ཉོན་མོངས་ཀུན་རྟོག་ཚོགས། །མྱུར་དུ་ཞི་ནས་ལྷན་སྐྱེས་དཔལ་ཐོབ་ཤོག ། ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་འདེབས་འདི་ནི། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ་གྱི་སྤྲུལ་སྐུ་ངག་དབང་བློ་གྲོས་ཆོས་འཕེལ། ཐོད་རི་བཤད་སྒྲུབ་གླིང་གྲྭ་རིགས་རབ་འབྱམས་པ་བློ་བཟང་ཕུན་ཚོགས་དང་། དཀའ་བཅུ་བློ་བཟང་དབང་པོ་གཉིས་བཅས་ནས་རིམ་བཞིན་བསྐུལ་མ་བྱུང་བའི་ཐོག །པེ་ཅིང་ནས་མེར་གན་རབ་འབྱམས་པ་ཤེས་རབ་བསྟན་འཛིན་གྱིས་འཕྲིན་ཡིག་གི་བསྐུལ་མ་བྱུང་བའི་ངོར་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ལས་ཐོབ་པའི་དབང་གི་བརྒྱུད་པར་མི་འདྲ་བ་དུ་མ་འདུག་ཀྱང་མོས་གུས་ཀྱི་ཆེད་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་དང་ཀུན་གཟིགས་ལྔ་པ་ཡོད་པ་འདི་བཞིན་དང་བཅས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། འདི་རྗེ་དེའི་གསུང་འབུམ་ཁ་པར་བཞུགས།4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཀྱི་ངག་འདོན་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། ཁྱབ་བདག་འཇམ་དཔལ་རྡོ་རྗེ་གཤིན་རྗེའི་གཤེད། །མགོན་དེའི་དགྱེས་པ་ཀུན་བསྐྱེད་མཁའ་འགྲོའི་གཙོ། །ཟུང་འཇུག་གོ་འཕང་མངོན་གྱུར་ལཱ་ལི་ཏ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གྲུབ་མཆོག་དོན་ཡོད་རྡོ་རྗེ་ཡེ་ཤེས་སྦས། །རླུང་སེམས་དབང་བསྒྱུར་པདྨ་བཛྲ་དང་། །མདོ་རྒྱུད་མངའ་བདག་མར་མེ་མཛད་པའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཐུ་སྟོབས་དབང་ཕྱུག་རྭ་ལོ་རྡོ་རྗེ་གྲགས། །འཇིག་རྟེན་མིག་གྱུར་ཆོས་རབ་དེ་སྲས་མཆོག །དཔལ་ལྡན་ཡེ་ཤེས་སེང་གེ་འབུམ་སེང་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བདུད་བཞིའི་གཡུལ་བཟློག་རྗེ་བཙུན་རྒ་ལོ་དང་། །ཀུན་མཁྱེན་ཤེས་རབ་སེང་གེ་ཡེ་ཤེས་དཔལ། །དོན་གཉིས་ལྷུན་གྱིས་གྲུབ་པ་རིན་པོ་ཆེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །མཁས་གྲུབ་དམ་པ་ཤེས་རབ་སེང་གེ་དང་། །ཟུང་འཇུག་མཆོག་བརྙེས་དཔལ་ལྡན་བཟང་པོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མདོ་རྒྱུད་བསྟན་པའི་མངའ་བདག་དགེ་འདུན་འཕེལ། །རྒྱུད་དོན་ཇི་བཞིན་གཟིགས་པ་བཀྲ་ཤིས་འཕགས། །དོན་གཉིས་ལྷུན་གྲུབ་བསམ་གྲུབ་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡོངས་རྫོགས་བསྟན་པའི་མངའ་བདག་བརྩོན་འགྲུས་འཕགས། །ལེགས་བཤད་འབྱོར་བའི་མཛོད་འཛིན་རྡོ་རྗེ་བཟང་། །གདམས་པའི་གཏེར་མཛོད་སངས་རྒྱས་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གྲུབ་པའི་དབང་ཕྱུག་བློ་བཟང་ཆོས་རྒྱན་དང་། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཞབས། །སྣང་མཐའི་ཟློས་གར་བློ་བཟང་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོ་དང་། །རྒྱུད་དོན་འཛིན་པ་རོལ་བའི་རྡོ་རྗེའི་ཞབས། །བསྟན་པའི་མངའ་བདག་ངག་དབང་ཚུལ་ཁྲིམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མདོ་སྔགས་ཡོངས་རྫོགས་བྱང་ཆུབ་ཆོས་འཕེལ་དང་། །བཀའ་དྲིན་མཉམ་མེད་བྲག་རི་རྡོ་རྗེ་འཆང་། །བློ་བཟང་ཆོས་འབྱོར་རྒྱ་མཚོ་དཔལ་བཟང་པོ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ལྟར་བསྟོད་པས་ཚེ་རབས་ཀུན་ཏུ་བདག །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་གྱིས་འཚོ་ཞིང་། །མ་རྣམས་དོན་དུ་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་ཀུན་གྱི་འབྱོར་པ་རབ་རྒྱས་ཤིང་། །ཐུབ་བསྟན་སྙིང་པོ་འཛིན་པའི་མཆོག་གྱུར་ཅིག ། ཅེས་པ་འདི་ནི་རང་ཉིད་ལ་ཉེ་བར་མཁོ་ཕྱིར་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་མན་གསར་བྲིས་དང་། དེ་ཡན་ལྕང་སྐྱ་རིན་པོ་ཆེའི་གསུང་ལྟར་བྲིས་པའོ། །དེ་ནས་སྟན་བདེ་བ་ལ་ཁ་ལྷོར་ཕྱོགས་ཏེ་འདུག་པའམ་འདུག་པར་མོས་ལ་བདུད་རྩི་རིལ་བུའམ་མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་ལྕེ་ཐོག་ཏུ་བཞག་ནས་ཁ་དག་པར་བྱས་ཏ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་ནང་མཆོད་བྱིན་གྱིས་བརླབས། ༀ་ཧྲཱིཿཥྚྲཱིཿབརྗོད་ཅིང་ནང་མཆོད་ཕྱོགས་སྐྱོང་གི་མཆོད་པ་ལ་གཏོར་ནས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་གནྡྷེ་ཨཱཿཧཱུཾ། ༀ་པུཥྤེ་ཨཱཿཧཱུཾ། ༀ་དྷཱུ་པེ་ཨཱཿཧཱུཾ། ༀ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་ནཻ་ཝི་དྱ་ཨཱཿཧཱུཾ། ༀ་ཤཔྟ་ཨཱཿཧཱུཾ། གིས་ཕྱོགས་སྐྱོང་གི་མཆོད་པ་བྱིན་གྱིས་བརླབས། དེ་ནས་ཕྱོགས་སྐྱོང་གི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། ཕྱོགས་སྐྱོང་སྤྱན་འདྲེན་པ་སོགས་རྒྱས་པ་བྱེད་པར་སྤྲོ་ན་གཞན་ནས་འབྱུང་བ་ལྟར་བྱ་ཞིང་། བསྡུས་པ་བྱེད་ན་འདི་ལྟར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ནས། ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་རྩ་སྔགས་ལན་གཅིག་བརྗོད། ༀ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ན་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ༀ་ཨི། ཧྲཱིཿཡ། ཥྚྲཱིཿཝ། ཝི་ཀྵི། ཀྲི་ཀོ །ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿཕཊ་སརྦ་བྷུ་ཏེ་བྷྱཿ ཞེས་པ་གསུམ་གྱིས་བསྔོ། ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཕྱི་མཆོད་དང། ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ། ཞེས་ནང་མཆོད་དབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། ། ཞེས་བསྟོད། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག ། ཅེས་འཕྲིན་ལས་བཅོལ། ༀ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། ཡ་མཱནྟ་ཀ་མཱ་མེ་མུཉྩ། ཡ་མཱནྟ་ཀ་བཛྲི་བྷཱ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། ། ཞེས་ནོངས་པ་བཟོད་པར་གསོལ། ༀ་ཨཱཿབཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་གཤེགས་པར་བྱ། དེ་ལྟར་སྔོན་འགྲོའི་གཏོར་མ་བཏང་ལ་སྒྲུབ་ཐབས་བསྒོམ་པའི་བར་ཆད་བསྲུངས། བདག་བསྐྱེད་ཀྱི་མཆོད་པ་བྱིན་རླབས་སྐབས་འདིར་བྱ་བའམ་མཆོད་འཕྲེང་གི་མགོར་བྱས་ཀྱང་རུང་བས་གང་བདེ་བྱའོ། །རྡོར་སེམས་བསྒོམ་བཟླས་བྱ་བ་གཞུང་དུ་མ་གསུངས་པས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་ནའང་ལས་དང་པོ་པས་སྡིག་ལྟུང་བཤགས་པ་གལ་ཆེ་བས་དེའི་ཚུལ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་སྒྲོལ། །བྱང་ཆུབ་གནས་ལ་འགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། ། ཅེས་ལན་གསུམ་བཟླས་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དེ་ནས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷཱ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་བཟླ། བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས། རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། བདག་བསྐྱེད་ཀྱི་ཆོ་ག་དངོས་གཞི་ལ་འཇུག་པ་ནི།རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་། རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཁར་ཐིམ་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། ། ཞེས་པས་བླ་མ་དང་ལྷ་ལ་ཕྱག་བྱ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཙ་རྩི་ཀ་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རཱི་ལྗང་ཁུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་གྱུར་པར་བསམས་ལ། ༀ་ཧྲཱིཿཥྚྲཱིཿཧཿས་མཆོད་ཡོན་དང་། ༀ་ཧཱུཾ་ཧཱུཾ་ཕཊ། ཀྱིས་ཞབས་བསིལ། ༀ་ཝི་ཀྲི་ཏཱ་ན་ན་དུཥྚཾ་སཏྭ་ད་མ་ཀ་གཿགཿགཿ ཡིས་དྲི། ༀ་ཀུ་མ་རཱ་རཱུ་པི་ཎེ་ཛཿཛཿཧཱུཾ་ཕཊ། ཀྱིས་མེ་ཏོག ། ༀ་ཧྲཱིཿཧཱཿཧེ་ཕཊ། ཀྱིས་བདུག་སྤོས། ༀ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟ་ཡ་སྭཱཧཱས་མར་མེ། ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ་སྭཱཧཱས་ལྷ་བཤོས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། གིས་རོལ་མོ་རྣམས་དབུལ། ལྷ་མོ་རྣམས་སླར་བསྡུའོ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་སྒྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། ། ཞེས་ཚོགས་ཞིང་སྤྱན་དྲངས་ཏེ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། བསོད་ནམས་ལ་རྗེས་སུ་ཡི་རང་བ། དགེ་བ་རྫོགས་བྱང་དུ་བསྔོ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་སྟེ། ཡན་ལག་བདུན་པ་བྱ། འདིར་གཞུང་དུ་རིགས་ལྔའི་སྡོམ་བཟུང་བྱེད་པར་འདོད་ནའང་འགལ་བ་མེད་པར་ཁུངས་དང་སྦྱར་ཏེ་བཤད་ནས་བྱ་དགོས་པར་མ་བཤད་ཅིང་སྡོམ་བཟུང་གི་ཚིགས་བཅད་རྣམས་མ་བཀོད་པས་སྡོམ་བཟུང་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་ལ། བྱས་ཀྱང་ལྷག་པའི་སྐྱོན་དུ་མི་འགྱུར་བས་བྱེད་པར་སྤྲོ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། ། ཅེས་སྔགས་སྡོམ་བཟུང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ། ། སྙམ་དུ་ཚད་མེད་བཞི་བསྒོམ་སྟེ། འདི་ཡན་ཆད་བསོད་ནམས་ཀྱི་ཚོགས་བསག་པའོ། ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ། བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཅེས་བདག་མེད་ཀྱིི་ལྟ་བ་དྲན་པར་བྱས་ཏེ་ཡེ་ཤེས་ཀྱི་ཚོགས་བསག་ཅིང་འཆི་བ་ཆོས་སྐུའི་ལམ་ཁྱེར་བསྒོམ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་འཕྲེང་བ་འཁྲིགས་པའི་རྡོ་རྗེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན། བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ། བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། ཅེས་ཐུན་མོང་བའི་སྲུང་འཁོར་བསྒོམ། ར་བའི་དབུས་སུ་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རབ་ཏུ་འབར་བ་གཡས་སྐོར་དུ་འཁོར་བ། རྩིབས་བཅུ་ལྟེ་བ་དང་བཅས་པ། ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ་གདན་དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོ་བཅུ་ཞལ་དུ་བཅུག་ནས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་བཅུ་ལས་ཧཱུཾ་རིང་པོ་བཅུ་དང་དེ་ལས་ཁྲོ་བོ་བཅུར་གྱུར་པའི་གཤིན་རྗེའི་གཤེད་སྔོན་པོ་རྣམ་སྣང་གི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ་ཐོ་བ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་ཤར་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཞན་གྱིས་མི་ཐུབ་པ་དཀར་པོ་མི་བསྐྱོད་པའི་ཅོད་པན་ཅན། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་བེ་ཅོན། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་ལྷོ་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་ཅོད་པན་ཅན། དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་པདྨ། གཡོན་གཉིས་འཁོར་ལོ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་ནུབ་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། བདུད་རྩི་འཁྱིལ་བ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་བྱང་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། འདོད་རྒྱལ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་མེ་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། དབྱུག་སྔོན་ཅན་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་དབྱུག་པ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་བདེན་བྲལ་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། སྟོབས་པོ་ཆེ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྩེ་གསུམ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་རླུང་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། མི་གཡོ་བ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་པདྨ་དང་རྡོ་རྗེ་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་དབང་ལྡན་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་སེར་མི་བསྐྱོད་པའི་ཅོད་པན་ཅན། ལྗང་སེར་མཐིང་ག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་འཁོར་ལོ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། འདིའི་ཞལ་མདོག་སྒྲུབ་ཐབས་མང་པོར་ལྗང་སེར་དཀར་དང་དམར་བའི་ཞེས་འབྱུང་བ་ནི་སྤར་སྐྱོན་ཡིན་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་གཙོ་བོའི་སྟེང་གི་ཅུང་ཟད་ཙམ་གྱི་མདུན་གྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། རྡོ་རྗེ་ས་འོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ་གཙོ་བོའི་འོག་གི་ཅུང་ཟད་ཙམ་གྱི་རྒྱབ་ཀྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། བཅུ་གཅིག་པོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ཞལ་སོ་སོ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྦྲུལ་གྱི་རྒྱན་ཅན། བདུད་དང་བགེགས་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་འཇིགས་སུ་རུང་བའི་རྡོ་རྗེ་འབར་བ་སྤྲིན་ལྟར་འཁྲིགས་པ་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར། ཅེས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། དེ་ནས། རང་ཉིད་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་དུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང་། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ། ལྟེ་བའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བའི་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ། ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ། གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ནཱ་ག་གེ་སར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་པ་གླང་པོ་ཆེའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་། གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་། སྐྱེས་བུ་ཟ་བ་དང་། མཚོན་གྱིས་ཕུག་པ་ལ་སོགས་པ་དང་། བྱ་རོག་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང་། སེང་གེ་དང་སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས། ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བ། བསམ་པ་ནི་རྟེན་བསྐྱེད་པའོ། ། གཞལ་ཡས་ཁང་གི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ། དྷཱིཿསེར་པོ་ལས་བྱུང་བའི་རལ་གྲི་དབུས་སུ་དྷཱིཿས་མཚན་པ། དེ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞེས་ཆོ་ག་གསུམ་གྱིས་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དུ་བསྐྱེད་དེ་བར་དོ་ལོངས་སྐུའིི་ལམ་ཁྱེར་བསྒོམ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ལས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས། ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ། རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ཏེ་རྡོ་རྗེ་ལ་ཐིམ་པར་གྱུར། ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཞེས་མངོན་བྱང་ལྔའི་སྒོ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་སྟེ་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་བསྒོམ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔས་ཐོད་བྱས་ཤིང་། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་། རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ། གཅེར་བུའི་གཟུགས་ཅན། མཚན་མ་གྱེན་དུ་འགྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང་། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ། རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཀ །གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་། སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང་། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པ། ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོང་། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང་། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང་ཁྱབ་འཇུག་དང་དྲག་པོ་དང་། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། བཅུ་གསུམ་མའི་གཞུང་ཟ་མ་ཏོག་ཏུ་འདིར་སེམས་དཔའ་སུམ་བརྩེགས་བསྒོམ་པར་བཤད་ཀྱང་འདིར་གཞུང་དུ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་ཀྱི་འོག་ཏུ་སེམས་དཔའ་སུམ་བརྩེགས་བསྒོམ་པར་བཤད།དེའི་མིག་ཏུ་ས་སྙིང་གི་རང་བཞིན་ཀྵིཾ་དཀར་པོ། རྣ་བར་ཕྱག་རྡོར་གྱི་རང་བཞིན་ཛྲིཾ་ནག་པོ། སྣར་ནམ་སྙིང་གི་རང་བཞིན་ཁཾ་སེར་པོ། ལྕེར་སྤྱན་རས་གཟིགས་ཀྱི་རང་བཞིན་རཾ་དམར་པོ། དཔྲལ་བར་སྒྲིབ་སེལ་གྱི་རང་བཞིན་ཀཾ་ལྗང་གུ། ལྟེ་བར་ཀུན་བཟང་གི་རང་བཞིན་སཾ་དཀར་པོ། སྤྱི་བོར་སྐུ་རྡོ་རྗེའི་རང་བཞིན་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་རང་བཞིན་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་སྔོན་པོ། ཞེས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་སེམས་དཔའ་སུམ་བརྩེགས་བསྒོམ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་དང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྣོལ་བ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཱ་ད་པཱུ་ཛ་པྲ་ཏི་གྲྀཧྣནྟུ་པྲ་སཱ་ད་མེ་དྷཱི་མཱན་ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་སྙིང་ག་ནས་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་བསྐྲད། ༀ་ཧྲཱིཿཥྚྲཱིཿཧཿ ཞེས་སོགས་ཀྱིས་མཆོད།ༀ་མུངྒ་ར་ཛཿ ཞེས་པའི་སྔགས་ཀྱིས་དམ་ཚིག་པ་སོ་སོའི་སྤྱི་བོར་དགུག ། ༀ་དཎྜ་ཧཱུཾ། གིས་དམ་ཚིག་པ་སོ་སོ་ལ་གཞུག ། ༀ་པདྨ་བཾ། གྱིས་དམ་ཚིག་པ་སོ་སོ་དང་དབྱེར་མེད་དུ་བཅིང་། ༀ་ཁདྒ་ཧོཿས་དབང་དུ་བྱའོ། །དེ་ནས། ༀ་ཧྲཱིཿཧ་བྷོ་ཞེས་སོགས་ཕྱག་རྒྱ་དང་བཅས་ཏེ། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚྲཱིཿཧཿ སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། དབང་གི་ཆུས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ཏེ་ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ་རྣམས་བྱའོ། །དེ་ནས།ༀ་ཧྲཱིཿཥྚྲཱིཿཧཿཞེས་སོགས་སམ། ༀ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་གནྡྷེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་དྷཱུ་པེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་ཡ་མཱནྟ་ཀ་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཆོད། དེ་ནས་དཀྱིལ་འཁོར་པ་ལ་འབུལ་རྒྱུའི་ནང་མཆོད་སྔར་ལྟར་བྱིན་གྱིས་བརླབས་ལ། ༀ༑ མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུཾ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུཾ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་དུ་ༀ་ཨཱཿཧཱུཾ། ལཱ་ལི་ཏ་བཛྲའི་ཞལ་དུ་ༀ་ཨཱཿཧཱུཾ། ཨ་མོ་གྷ་བཛྲའི་ཞལ་དུ་ༀ་ཨཱཿཧཱུཾ། ཡེ་ཤེས་འབྱུང་གནས་སྦས་པའི་ཞལ་དུ་ༀ་ཨཱཿཧཱུཾ། པདྨ་བཛྲའི་ཞལ་དུ་ༀ་ཨཱཿཧཱུཾ། དཱི་པཾ་ཀ་ར་རཀྵི་ཏའི་ཞལ་དུ་ༀ་ཨཱཿཧཱུཾ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། རྭ་ཆོས་རབ་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། རྭ་ཡེ་ཤེས་སེང་གེའི་ཞལ་དུ་ༀ་ཨཱཿཧཱུཾ། རྭ་འབུམ་སེང་གི་ཞལ་དུ་ༀ་ཨཱཿཧཱུཾ། རྗེ་བཙུན་རྒ་ལོའི་ཞལ་དུ་ༀ་ཨཱཿཧཱུཾ། རོང་པ་ཤེས་རབ་སེང་གེའི་ཞལ་དུ་ༀ་ཨཱཿཧཱུཾ། བླ་མ་ཡེ་ཤེས་དཔལ་བའི་ཞལ་དུ་ༀ་ཨཱཿཧཱུཾ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞལ་དུ་ༀ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུཾ། མཁས་གྲུབ་བསྟན་པའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། རྗེ་བཙུན་ཤེས་རབ་སེང་གེའི་ཞལ་དུ་ༀ་ཨཱཿཧཱུཾ། འདུལ་འཛིན་དཔལ་ལྡན་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། འཇམ་དབྱངས་དགེ་འདུན་འཕེལ་བའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱུད་ཆེན་བཀྲ་ཤིས་འཕགས་པའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱུད་ཆེན་བསམ་གྲུབ་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱུད་ཆེན་བརྩོན་འགྲུས་འཕགས་པའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱུད་ཆེན་རྡོ་རྗེ་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུཾ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་ཞལ་དུ་ༀ་ཨཱཿཧཱུཾ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱལ་བའི་དབང་པོ་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུཾ། གྲུབ་པའི་དབང་ཕྱུག་རོལ་བའི་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུཾ། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་ཞལ་དུ་ༀ་ཨཱཿཧཱུཾ། དྲིན་ཅན་རྩ་བའི་བླ་མ་བྲག་རི་རྡོ་རྗེ་འཆང་བློ་བཟང་ཆོས་འབྱོར་རྒྱ་མཚོ་དཔལ་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པ་བླ་མ་གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང་། རྣལ་འབྱོར་མ་དང་། ཕྱོགས་སྐྱོང་དང་། ཞིང་སྐྱོང་དང་། ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་ཞུགས་པར་གྱུར་པར་བསམས་ལ། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། ༀ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར་པར་བསམས་ལ། ཧཱུཾ༑ འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལ་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེས་གདུག་པ་མ་ལུས་འདུལ་བའི་ཕྱིར། །འཇིགས་བྱེད་འཇིགས་པ་ཆེན་པོའི་སྐུར་སྟོན་པ། །མི་བཟད་དུས་མཐའི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འགྱུ། །སྤྱན་བགྲད་མཆེ་བ་གཙིགས་པ་རབ་ཏུ་འབར། །རྡོ་རྗེའི་རྟ་སྐད་དྲག་པོ་ཧ་ཧར་བཞད། །མཁའ་འགྲོ་བསྡུ་བའི་ཕཻཾ་སྐད་གནམ་དུ་སྒྲོག །ཁྲོས་པའི་སྟབས་ཆེན་བརྡབས་པས་ཁམས་གསུམ་གནོན། །སྡིགས་མཛུབ་གནམ་དུ་སྒྲེང་ཞིང་ལྷ་ཆེན་འདུལ། །ལྗགས་འདྲིལ་ཚེམས་ཆེན་གཙིགས་ཤིང་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །གླང་ཆེན་ཀོ་རློན་ཐོད་པའི་ཕྲེང་བས་བརྒྱན། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་། །ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་རྔུབ། །འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །བདུད་རིགས་གནོན་པའི་ཞབས་ནི་བརྐྱངས་བསྐུམས་མཛད། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་བགྲད་པ་ནི། །མཐིང་ག་དམར་དང་སེར་བའི་ཞལ། །གཡོན་གྱི་ཞལ་གསུམ་གདངས་པ་ནི། །དཀར་དང་དུད་ཀ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །བརྡེག་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོལ་ཅིང་སྟོབ་པའི་མཚན་མས་མཛེས། །བརྗིད་རྔམས་ཞབས་ཀྱི་ཚམས་རྔམས་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམས་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་གནོན། །གཡོན་གྱི་ཞབས་བརྒྱད་བརྐྱངས་པ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིངྒ་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །འདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དབང་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུད་པ་དང་། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང་། །རྣམ་དག་དབྱིངས་ལས་མ་གཡོས་ཏེ། །མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་པའམ་བསྡུ་ན། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། ཞེས་ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད། དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་བསྒོམ་པ་དང་། རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་བསྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང་། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཆེན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི་རྒྱ་ཆེ་བ་ལ་བསླབ་པའོ། །བསྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ན་ཡང་དག་པར་ཅི་ཡང་མ་གྲུབ་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་མཉམ་པར་འཇོག་པ་ནི་དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས་ཟབ་པ་དང་།རྒྱ་ཆེ་བ་གཉིས་ཀ་ལ་སློབ་པ་སྟེ་དེ་དག་ནི་རགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམ་པ་ལ་བྱིང་བ་དང་རྒོད་པ་བསལ་བའི་ཕྱིར་སྟེང་ངམ་འོག་གི་སྣ་རྩེར་ཟླ་བ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་བཟུང་ནས་བརྟན་པ་ན་དེ་ལས་ཕྱག་མཚན་མང་པོ་སྤྲོ་ཞིང་སླར་ཡང་རྩ་བའི་མཚན་མ་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ་སེམས་བཟུང་བའི་རིམ་པའོ། ། ཞལ་དགུ་ནི་གསུང་རབ་ཡན་ལག་དགུ། རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །མཚན་མ་གྱེན་དུ་འགྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང་། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང་། སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །དེ་དག་གི་དོན་མདོར་བསྡུ་ན། གཏན་ལ་དབབ་པའི་གཞི། གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་། དོན་དམ་ནམ་མཁའ་ལྟ་བུ། ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི། སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི། སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས། དེ་ལྟར་མཚོན་པ་གོ་བར་བྱེད་པའོ། ། ཞེས་དག་པ་དྲན་པར་བྱ། ཕྲེང་བ། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཕྲེང་རྡོག་རྣམས་རེ་རེ་ནས་པད་ཉིའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་སྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅི་འགྲུབ་བཟླ། རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མི་མགོའི་ཕྲེང་བའི་རྣམ་པར་གྱུར། ཅེས་བགྲང་ཕྲེང་བྱིན་རླབས་བྱ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་དམིགས་རིམ་དང་བཅས་ཅི་འགྲུབ་བཟླ། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་རྩ་སྔགས། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པའི་ལས་སྔགས། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པའི་སྙིང་པོ་རྣམས་ཅི་འགྲུབ་རེ་བཟླ། མཐར། ༀ་ཡ་མཱནྟ་ཀ་ས་མ་ཡ། ཞེས་པ་ནས། སཏྭ་ཨཱཿཧཱུཾ་ཕཊ། ཅེས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བཟླ། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། ། ཞེས་མཆོད་ཅིང་བསྟོད། དེ་ནས་གཏོར་མ་འབུལ་བ་ལ། ༈ ཕྱག་ལེན་དུ། འདས་མ་འདས་པའི་གཏོར་མ་གཉིས་འཇུག་པ་གཅིག་ཏུ་ནང་མཆོད་ལྟར་བྱིན་གྱིས་བརླབ་པ་ནི། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ་གཏོར་མགྲོན་བསྐྱེད་པ་ནི། མདུན་དུ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། དེ་ཉིད་ཀྱིས་འདས་ལྷའི་གཏོར་མགྲོན་སྐད་ཅིག་གིས་བསྐྱེད། དེ་ལ་ཡེ་ཤེས་པ་དབབ་པའོ། ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་སྟེ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ཧཱུཾ༑ འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བྷཻ་ར་ཝ་ཡ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་ནམ་གསུམ་གྱིས་དབུལ། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། ། ཞེས་བསྟོད། དེ་ནས་ཕྱོགས་སྐྱོང་གི་གཏོར་མ། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་རྩ་སྔགས་བརྗོད་པས་བྱིན་གྱིས་བརླབས་ལ། ༀ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ན་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ༀ་ཨི། ཧྲཱིཿཡ། ཥྚྲཱིཿཝ། ཝི་ཀྵི། ཀྲི་ཀོ །ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་ཏེ་བྷྱཿ ཞེས་པ་གསུམ་གྱིས་བསྔོ། ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཕྱི་མཆོད་དང་། ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ། ཞེས་ནང་མཆོད་དབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག ། དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་གཤིན་རྗེའི་གཏོར་མ་བསང་སྦྱངས་བྱིན་རླབས་སྔར་ལྟར་བྱ། འདིར་གཞུང་དུ་གཏོར་མ་གསུམ་སོ་སོར་བསང་སྦྱང་བྱིན་རླབས་བྱ་བར་གསུངས་པས་གྲུབ་ན་དེ་ལྟར་བྱ། ལོང་མེད་ན་དེང་སང་གཏོར་མ་གསུམ་ཕྱོགས་གཅིག་ཏུ་བྱིན་རླབས་བྱེད་པ་མང་བས་ཕྱག་ལེན་ལྟར་བྱིན་རླབས་ཕྱོགས་གཅིག་ཏུ་བྱ། སྟོང་པའི་ངང་ལས། མདུན་དུ་པདྨ་ཉི་མ་མ་ཧེའི་སྟེང་དུ། ཡ་ལས་ཐོད་དབྱུག་ཡས་མཚན་པ་དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། གཡས་པས་ཐོད་དབྱུག །གཡོན་པས་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིངྒ་དམར་པོ་གྱེན་དུ་ལངས་པ། ཡ་བ་ཏི་ལ་སོགས་པ་གཤིན་རྗེ་ཕོ་མོའི་འཁོར་གྱིས་བསྐོར་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་ས་རིམ་པ་བདུན་གྱི་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། པར་བསམ་ཞིང་། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་པས་བྱོན་པར་བསམས་ལ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤིན་རྗེའི་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ༀ་བཛྲི་བྷཱ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ༀ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། གྱིས་དམ་ལ་བཞག ། ༀ་ཀཱ་ལ་རཱུ་པ་ཡེ་གྲྀ་ཧྣེ་དཾ་ཨརྒྷཾ། ཞེས་པ་ནས། ཤཔྟའི་བར་དང་། འབྲུ་གསུམ་བཏགས་པས་ནང་མཆོད་ཀྱང་འབུལ། འཇམ་དཔལ་བཀའ་ཉན་བསྟན་སྲུང་ནི། ། ཞེས་སོགས་ཀྱིས་བསྟོད། དེ་ནས་ཡིག་བརྒྱ་ཅི་རིགས་བཟླས་ཏེ། བཤགས་པ་བྱ་བ་ནི། ཛཿ འཇམ་དཔལ་དབྱངས་དང་དཔའ་བོ་རྡོ་རྗེ་དང་། ། ཞེས་སོགས་རྒྱས་པའམ། བསྡུ་ན། ཧཱུཾ༑ མ་རིག་དབང་གིས་ཉེས་པའི་ཚོགས་རྣམས་ཀུན། །བླ་མ་ལྷ་སྲུང་སྤྱི་དང་ཁྱད་པར་དུ། །འཇམ་དབྱངས་བཀའ་སྡོད་དམ་ཅན་གཤིན་རྗེའི་ཚོགས། །འཁོར་དང་བཅས་ལ་གུས་པས་བཤགས་པར་བགྱི། ། དེ་ནས་བསྐང་བ་ནི། ཧཱུཾ་ཛཿ ལྷུན་གྲུབ་བདེ་བ་ཆེན་པོའི་རྣམ་རོལ་ལས། ། ཞེས་སོགས་བསྐང་བ་རྒྱས་པ་དང་མཐུན་གྲུབ་མ་འདོན། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཀཱ་ལ་རཱུ་པ་སརྦ་བིག་ཧྣྰན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཅེས་གསུམ་མམ་བདུན་གྱིས་ཕུལ་ནས། ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་ཀྱང་འབུལ།འཕྲིན་ལས་བཅོལ་བ་ནི། ཧཱུཾ༑ འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ན། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང་། །གཡས་པའི་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་ཆོད་ལ། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། ། ཅེས་བརྗོད། དེ་ནས། དེ་ལྟར་ཁྲོ་བོའི་དབང་པོ་གཤིན་རྗེའི་གཤེད། །དཀྱིལ་འཁོར་འཁོར་ལོ་དྲི་མེད་མེ་ལོང་ངོས། །དབང་པོའི་གཞུ་ལྟར་རབ་གསལ་བདེ་སྟོང་གི །རྣམ་པར་རོལ་པའི་ཏིང་འཛིན་བཟླས་སོགས་ལ། །འབད་པས་བསགས་པའི་དགེ་བ་གངྒཱའི་རྒྱུན། །འགྲོ་ཀུན་ལེགས་སྤྱད་ཉལ་འགྲོའི་རྒྱུན་ཚོགས་དང་། །གཅིག་ཏུ་བགྱིས་པ་འདི་ཡིས་ཐར་པའི་ལམ། །རྒྱས་སྲས་སྡོམ་པ་སྤྱོད་དང་བཅས་པ་ལ། །བསླབས་པས་ཐུན་མོང་ལམ་རྣམས་མཐར་ཕྱིན་པའི། །བདུད་རྩིའི་གཏེར་གྱིས་བདག་རྒྱུད་གང་བར་ཤོག །བུམ་དབང་ལྷ་ཡི་ཆུ་བོས་ཐ་མལ་གྱི། །སྣང་ཞེན་ཀུན་དག་གོང་མའི་དབང་མཆོག་གིས། །རྒྱལ་བའི་གསུང་དང་འོད་གསལ་དབྱིངས་དང་ནི། །ཟུང་འཇུག་གནས་ལུགས་མངོན་དུ་འགྱུར་བར་ཤོག །དེ་ཚེ་བླ་མ་ལྷར་བཅས་སྤྱན་སྔ་རུ། །ཁས་བླངས་དངོས་གྲུབ་ཀུན་གྱི་རྩ་བ་མཆོག །རྣམ་དག་དམ་ཚིག་སྡོམ་པ་མ་ལུས་པ། །སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་སྨིན་བྱེད་ལམ། །རིམ་པ་དང་པོའི་ཕྲ་རགས་རྣལ་འབྱོར་ལ། །ཐུན་བཞིར་བརྩོན་པ་ཆུ་བོའི་གཞུང་བཞིན་དུ། །བསྟེན་པས་ཐ་མལ་སྣང་ཞེན་ཚར་གཅོད་ཤོག །དཔའ་བོ་མཆོག་གི་ཐུགས་ཀའི་འོད་ཕུང་གིས། །དབང་བསྒྱུར་ནམ་མཁའ་ཁྱབ་པའི་ཚོགས་ཀྱི་ཞིང་། །མཆོད་བསྟོད་སྒྲུབ་པ་མཆོག་གིས་མཉེས་བྱས་པས། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །དྲི་མེད་རིགས་པས་དཔྱད་ནས་སྔགས་ཀྱི་དོན། །སྟོང་ཉིད་ཟབ་མོ་ངེས་པའི་ཤེས་རབ་ཀྱིས། །ཆོས་ཀྱི་སྐུ་ལ་ང་རྒྱལ་ལེགས་བཞག་ནས། །ཡེ་ཤེས་བླ་མེད་གོམས་པར་བྱེད་པར་ཤོག །རབ་འབར་དྲག་པོའི་འཁོར་ལོ་ལ་གནས་པའི། །གཏུམ་ཆེན་ཁྲོ་བོ་བཅུ་ཡི་ཏིང་འཛིན་གྱིས། །ནག་པོའི་རྩ་ལག་སྡེ་དང་བཅས་པ་ཀུན། །རྩད་ནས་འབྱིན་ལ་མཐུ་དང་ལྡན་པར་ཤོག །ཤུགས་དྲག་འཁོར་ལོའི་ལྟེ་བར་ཡེ་ཤེས་ཀྱི། །རང་བཞིན་ནོར་བུའི་འོད་ཆགས་གཞལ་ཡས་ཁང་། །མཛེས་ཀུན་གཅིག་བསྡུས་མིག་གི་བདུད་རྩི་གང་། །བསྒོམས་པས་རྒྱལ་བའི་ཞིང་མཆོག་འགྲུབ་པར་ཤོག །ཕོ་བྲང་དབུས་སུ་གཡོ་བའི་དཀྱིལ་འཁོར་ལ། །རབ་གནས་ཟླ་བར་ཞབས་སེན་འོད་ཆགས་པ། །འཇམ་དཔལ་དབྱངས་གང་རྟག་ཏུ་གོམས་བྱས་པས། །བར་དོའི་དྲི་བྲལ་ལོངས་སྐུ་ཐོབ་པར་ཤོག །རྣམ་རྟོག་ཕུང་པོ་བསྲེག་པའི་ཉིན་མོར་བྱེད། །རྣམ་པར་གྱུར་པའི་ས་བོན་ཁྲོ་བོ་ཡི། །རྡོ་རྗེ་ལས་གྲུབ་རྡོ་རྗེ་འཇིགས་བྱེད་སྐུ། །ཡོངས་སུ་རྫོགས་པའི་ཕྲ་རགས་རྣལ་འབྱོར་གྱིས། །ཉིང་མཚམས་སྦྱོར་བའི་དྲི་མ་ཀུན་སྤངས་པའི། །སྤྲུལ་སྐུ་མཆོག་གི་གར་གྱིས་རོལ་པར་ཤོག །ཐུབ་པའི་གསུང་རབ་མ་ལུས་བསྡུས་པ་ནི། །ཡན་ལག་དགུ་སྟེ་དེ་དག་གཙོ་བོའི་དོན། །བྱང་ཆུབ་ཕྱོགས་ཆོས་སོ་བདུན་དང་འབྲེལ་བའི། །རྫོགས་རིམ་རྟོགས་པ་མཆོག་རྣམས་སྐྱེ་བར་ཤོག །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཡི། །དཀར་དམར་བྱང་ཆུབ་སེམས་ཀྱི་འདུ་འཕྲོད་ལས། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་བཅུ་དྲུག་དང་། །མཉམ་པར་སྦྱོར་བའི་ཏིང་འཛིན་རྫོགས་པར་ཤོག །དེ་ཡི་ཐབས་མཆོག་དཔལ་ལྡན་སྒྱུ་མའི་སྐུ། །གང་ལས་བསྒྲུབ་པའི་སྟོང་པ་རྣམ་པ་གསུམ། །འདྲེན་བྱེད་རླུང་རྣམས་དྷཱུ་ཏིར་ཐིམ་པ་ཡིས། །འཁྲུལ་མེད་སྨིག་རྒྱུའི་རྟགས་སོགས་འཆར་བར་ཤོག །ཆུ་གཏེར་དབུས་ན་ཆུ་བུར་རྡོལ་བ་བཞིན། །རྣམ་དག་ཡེ་ཤེས་རྣལ་འབྱོར་རྗེས་མཐུན་པས། །དབྱིབས་ཀྱི་རྣལ་འབྱོར་རྗེས་མཐུན་ལྷ་ཡི་སྐུ། །མཚན་དཔེས་བརྒྱན་པའི་མཛེས་པར་ལྡང་བར་ཤོག །སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཀུན་ཏུ་ཞུགས་ལས་དོན་གྱི་ལྷན་ཅིག་སྐྱེས། །མངོན་དུ་བྱས་ཏེ་ཉོན་སྒྲིབ་སྤངས་པ་ཡི། །རྣམ་དག་སློབ་པའི་ཟུང་འཇུག་ཐོབ་པར་ཤོག །ལྷན་སྐྱེས་མཆོག་དེ་གོམས་པ་མཐར་ཕྱིན་ནས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི། །འཁྲུལ་པའི་བག་ཆགས་མ་ལུས་སྤངས་པ་ཡི། །རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་པར་ཤོག །རྨད་བྱུང་ལམ་འདིར་རང་ཉིད་གཅིག་པུས་ཀྱང་། །ཕྱོགས་དུས་ཀུན་ཏུ་མི་ནུབ་རྒྱས་བྱེད་ཅིང་། །ལམ་འདིས་རྡོ་རྗེ་འཆང་གི་གོ་འཕང་ལ། །འགྲོ་བ་མ་ལུས་བདེ་བླག་འགོད་པར་ཤོག །རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག ། ཅེས་སྨོན་ལམ་བཏབ། བསྡུ་ན། རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིན་ཅན། །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས། །མཐའ་དག་འགྲོ་འདི་གོ་འཕང་དེ་ཉིད་ལ། །སྐད་ཅིག་ཉིད་ལ་བདེ་བླག་འགོད་པར་ཤོག ། དེ་ནས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ་མ་ཤེས་དང་། ། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ༀ་ཨཱཿཧཱུཾ་མུཿ འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་གཏོར་མགྲོན་གཤེགས་གསོལ་བྱ། དེ་ནས། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ཧའི་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ། དེ་ཡང་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག ། ཅེས་སོགས་དང་། འཇམ་དཔལ་དཔའ་བོ་སོགས་ཀྱིས་བསྔོ་བ་ཅི་རིགས་འདོན་རྗེས། རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མ་དང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག ། ཅེས་ཤིས་བརྗོད་བསྡུས་པ་དང་། རྒྱས་པ་བྱེད་ཚེ་གཤམ་གསལ་མཇུག་ཆོག་ནས་བྱུང་བ་ལྟར་བྱའོ། །ཞེས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་ཆེན་སྐབས་ཉེ་བར་མཁོ་བའི་སྒྲུབ་ཐབས་ཀྱི་འདོན་བསྒྲིགས་འདི་ནི་ལྕང་སྐྱ་རིན་པོ་ཆེའི་གསུང་འབུམ་ནང་གསལ་ཕལ་ཆེར་སོར་གནས་ཐོག་ལག་ལེན་ལྟར་གྱི་སྤྲོས་པ་ཅུང་ཟད་བགྱིས་ཏེ་རང་མཉམ་གཞན་ལའང་ཕན་ཕྱིར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བ་གླིང་སྤྲུལ་མིང་འཛིན་པ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སུ་འབོད་པ་བདག་རང་ལོ་ཉེར་ལྔ་པ་ལྕགས་འབྲུག་ལོ་ལྷ་མཆོག་འདི་ཉིད་ཀྱི་བསྙེན་ཆེན་སྡོད་སྐབས་བསྙེན་པའི་ཐུན་མཚམས་སུ་སྦྱར་བ་འདིས་ཀྱང་ཚེ་རབས་ཀུན་ཏུ་འཇམ་དཔལ་ཞི་ཁྲོ་མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། འདི་ལ་རྭ་སྒྲེང་འདུས་སྡེ་མཆོག་གི་ཕྱག་ལེན་ལྟར་འདས་མ་འདས་གཏོར་འབུལ་སོགས་ལྷན་ཐབས་དང་བསྲེས་པའོ། །4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པའི་སྐབས་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་ཤིང་དངོས་གྲུབ་འོད་དཀར་འགྱེད་པའི་ཟླ་གཞོན།4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
ན་མོ་བཛྲ་བྷཻ་ར་ཝཱ་ཡ། བཅུ་དྲུག་ཞབས་ཀྱིས་བདུད་དང་གཤིན་རྗེའི་མགོར། །མི་བཟད་བྲོ་བརྡུང་བདུད་དཔུང་ཕྱེ་མར་བརླག །ཕྱི་ནང་གསང་བའི་བདུད་འཇོམས་གཤིན་རྗེའི་གཤེད། །འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་དུ་བཀོད། །རང་གཞན་སྡིག་ལྟུང་བུད་ཤིང་བསྲེགས་པའི་ཐབས། །ཡེ་ཤེས་མེ་མཆོད་བྱ་ཚུལ་འདི་ན་སྤེལ། ། དེ་ལ་འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཞེ་སྡང་ཐབས་རྒྱུད་ཀྱི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལས་རུང་གི་བསྙེན་པ་དང་། གཞི་བསྙེན་ཆེན་པོ་སོགས་ལ་ཉེ་བར་མཁོ་བའི་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་ཚུལ་གྱི་ལག་ལེན་དང་ངག་འདོན་ཁྲིགས་ཆགས་སུ་བཀོད་པ་ལ། དེ་ཡང་སྔར་ས་ཆོོག་མ་བྱས་པའི་གཞི་ཡིན་ན། སྔོན་དུ་ས་སྦྱང་དགོས་པས། དེའི་ཚུལ་ནི། ཐབ་གང་དུ་བྱ་བའི་གཞི་དེར་གཞི་བདག་གཏོར་མ་ཉེར་སྤྱོད་ནང་མཆོད་ཡུངས་ཀར་ཆུ་ཐལ་བ་སོགས་དགོས་པའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱ། ཉིན་དེར་ལྷའི་རྣལ་འབྱོར་གྱི་རྒྱུན་མེད་ན་སྐད་ཅིག་དཀྲོང་བསྐྱེད་སོགས་དགོས་ཀྱང་སྐབས་འདིར་ཡོད་པ་གཞིར་བཅས་ཀྱིས་མཆོད་གཏོར་རྣམས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་གཞི་བདག་འཁོར་བཅས་སྤྱན་དྲངས། ཨོཾ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་བཏགས་པས་ནང་མཆོད་ཀྱང་འབུལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་ཏྱ་ནུཏྤན་ན་ཏྭཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་བསྔོ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ། ཞེས་དྲིལ་གསིལ་དང་བཅས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཅི་བདེར་གྱིས་ཤིག་ཅེས་གནང་བ་སྦྱིན་ཏེ་རང་གནས་སུ་གཤེགས་པར་བསམས་ལ། དགྱེས་བཞིན་དུ་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་དེ་ས་བསླང། དེ་ནས་ས་སྦྱང་བ་ནི། ཧྲཱིཿཥྚྲཱིཿ བརྗོད་ཅིང་ཡུངས་ཀར་ཆུ་ཐལ་བ་རྣམས་ལན་གསུམ་གསུམ་གཏོར། དེ་ནས་ལག་པ་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། ཨོཾ་བྷུ་ཁཾ། ས་གཞི་སྟོང་པ་ཉིད་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་གྱུར། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་པར་གྱུར། ཅེས་ས་གཞི་བྱིན་གྱིས་བརླབས། ས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པར་གྱུར། དེ་ནི་བླ་ན་མེད་པའི་སྦྱངས་བའོ། །དེ་ལྟར་ས་བསླང་བ་དང་སྦྱང་བ་སོགས་བྱས་ནས་ཐབ་ཇི་ལྟར་བྱ་བ་ནི་ས་རང་བཞིན་གྱིས་དཀར་པོའམ། དཀར་པོ་བྱུགས་ལ་ཐོག་མར་དབུས་བཙལ་ནས། ཚངས་ཟུར་གྱི་ཐིག་བཏབ་སྟེ། དེ་ནས་ཐིག་སྐུད་ཁྲུ་ཕྱེད་པ་ཞིག་གིས་དབུས་ནས་ཟླུམ་པོར་བསྐོར། དེ་ལ་སོར་བཞི་བསྣན་ནས་ཟླུམ་པོར་བསྐོར་བ་མུ་རན། ཡང་སོར་བཞི་བསྣན་ནས་ཟླུམ་པོར་བསྐོར་བ་ཁ་ཁྱེར། དེ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ། དེ་ནས་ཟླུམ་ཐིག་ཕྱི་མ་དང་ཚངས་ཐིག་འཕྲད་མཚམས་ནས་ཕྱོགས་བཞིར་སོར་གཉིས་གཉིས་སོང་བའི་མཚམས་ནས་དབུས་བར་སྲད་བུ་བརྐྱངས་པ་དེ་ཉིད་ཀྱི་ཟུར་ཐིག་བཞི་ལ་བྱ་རྗེས་བཙལ་ཞིང་ཟུར་ཐིག་ནས་ཟུར་ཐིག་བར་ཐིག་སྐུད་བརྐྱངས་ནས་གྲུ་བཞིར་གདབ་པར་བྱ་ཞིང་ཟུར་བཞི་ཟླ་ཕྱེད་རྡོ་རྗེས་མཚན་པ་དང་། ཟླུམ་ཐིག་ནང་མ་ཆ་གསུམ་དུ་བགོས་པའི་ཆ་གཅིག་གིས་ཟླུམ་པོར་བསྐོར་བ་ལྟེ་བ་དང་ཆ་གཉིས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་ལྟེ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སྲིད་དུ་སོར་བརྒྱད་པ་དཔངས་སུ་སོར་གཅིག་པ་བྱ། དངོས་གྲུབ་རྒྱ་མཚོར་མདོག་དབྱིབས་གདན་གསུམ་གསལ་བར་མ་གསུངས་པ་ནི་མན་ངག་བྲིས་དབང་དུ་མཛད་དེ་སྦས་པ་ཡིན་པས་ཞི་བ་ལས་ཐམས་ཅད་པ་ལ་པདྨ་སྣ་ཚོགས་པདྨ་དང་དབུས་ཀྱི་རྡོ་རྗེ་སྔོན་པོ་དང་མཚན་མ་གཞན་ལྷ་མདོག །ཞི་བ་རྐྱང་པ་ལ་རྡོ་རྗེ་དང་ཐབ་དཀར་པོ་གཞན་རྣམས་མཛེས་ཚོན། ཡང་ན་པདྨ་དང་ཁ་ཁྱེར་གྱི་འཁོར་ལོའམ་རྡོ་རྗེ་དང་ཟླ་ཕྱེད་རྡོ་རྗེ་དཀར་པོ། མཚན་མ་ལྷ་མདོག་གདམ་ང་ཅན་དུ་མཛད་པ་དེ་གཉིས་གང་བདེ་བྱའོ། །མུ་རན་གྱི་སྟེང་ནས་བུད་ཤིང་སྐམ་པོ་སྲོག་ཆགས་མེད་ཅིང་དྲི་ཞིམ་པོས་ཟླུམ་པོར་བརྩིགས། དེ་དག་ལ་བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོས་བྱུགས་ལ་མེ་ཏོག་དཀར་པོ་སིལ་མ་གཅལ་དུ་བཀྲམ། ཐབ་དང་སློབ་དཔོན་གྱི་བར་དུ་མེ་ཡོལ་དཀར་པོ་ལ་བཾ་ཡིག་གིས་མཚན་པའང་ཕྱག་ལེན་བཞིན་འགོད། མཆོད་རྫས་ནི། ཆུ་བཞིའི་སྣོད་དུང་དང་ཉ་ཕྱིས་སོགས་དཀར་པོའི་ནང་དུ་རྫས་ནི་ནས་དང་། འོ་མ་དང་། ཙམ་པ་ཀའི་མེ་ཏོག་པད་དཀར་སོགས་དུག་རིགས་མ་ཡིན་པ་དང་། ཀུ་ཤ །ཏིལ་ནག །འབྲས་ཡོས། ཙན་དན་དཀར་པོ། ག་བུར་སོགས་དྲི་དཀར་པོའི་ཆུ་དང་ནང་གི་བདུད་རྩི་ལྔ་ལ་སོགས་པའོ། །ཡམ་ཤིང་གི་རྒྱུ་ནི་དྲི་ཞིམ་ཞིང་ཚེར་མ་མེད་པའི་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཕྱོགས་སྲིད་དུ་སོར་བཅུ་གཉིས་པ། སྦོམས་སུ་མཐེའུ་ཆུང་གི་ཚད་ལོ་མ་མ་རྙིང་པ་རློན་དང་བཅས་པ་མར་དང་སྦྲང་རྩིས་བྱུགས་པ་དང་། གཞན་ཡང་མར་ཁུ། ཏིལ། དུར་བ་སོགས་རྫས་ཆེན་རྣམས་ཀྱང་བདུད་རྩི་དང་མངར་གསུམ་གྱིས་སྦགས། ཁྱད་པར་གྱི་རྫས་ནི་ཞོ་འོ་མ་འབྲས་ཟན་འབྲས་ཡོས། ཙན་དན་པྲི་ཡང་ཀུ་ཐང་ཆུ་དྲི་ཞིམ་པོའི་མེ་ཏོག་ལ་སོགས་པའོ། །སོ་རྩི་ནི། གུ་ཡུ། སྟོད་ཇ། མར་གསུམ་ལ་བཞེད་པས་དེ་བཞིན་དང་། གོས་ཟུང་ཞེས་པ་གཉིས་ཀྱི་མིང་ཡིན་པས་མེ་ལྷ་དང་འདས་ལྷ་གཉིས་ལ་སྟོད་གཡོགས་སྨད་གཡོགས་གཉིས་ཀྱི་ཆེད་དུ་ན་བཟའ་དཀར་པོ་ཟུང་རེ་རེ་དགོས་ཤིང་། མདོར་ན་མཆོད་རྫས་དང་བསྲེག་རྫས་དེ་དག་གི་གདན་རྣམས་ཀྱང་ལས་མཐུན་གྱི་དཀར་པོ་བྱ། དེ་དག་བཤམས་པའི་ཚུལ་ལ། གཡས་གཡོན་དུ་གཤོམ་ཚུལ་དགོངས་པ་མི་མཐུན་པ་མང་ཡང་རང་རེ་རྣམས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བཞེད་པ་ལྟར་འཇམ་པོ་གསུམ་ལ་ཆུ་རྣམས་དང་། བསང་ཆུའི་སྣོད་སོགས་གཡོན་དུ་དགོད་ཅིང་། གཡས་སུ་འདས་མ་འདས་ཀྱི་ལྷ་ལ་འབུལ་རྒྱུའི་བསྲེག་རྫས་རྣམས་འབུལ་རིམ་དང་མཐུན་པར་ཕྱི་ནང་རིམ་པ་གཉིས་དང་། དེའི་མཐར་མེ་ལྷའི་གཏོར་མ་དང་སོ་རྩི། ནང་རོལ་དུ་མཆོད་རྫས་ཆུ་བཞི་མ་གཏོགས་པ་རྣམས་རིམ་པ་བཞིན་བཀོད། གཞན་ཡང་དགང་བླུགས། ནང་མཆོད། རླུང་གཡབ། ཐོར་ནས། རྡོར་དྲིལ་སོགས་ཉེར་མཁོའི་ཡོ་བྱད་རྣམས་མདུན་དུ་བཞག །ལས་བུམ་སྔར་བསྒྲུབ་ཟིན་ན་བསང་ཆུ་བསྒྲུབ་མི་དགོས་ཤིང་། མེད་ན་བསྒྲུབ་དགོས་པས་དེའི་ཚུལ་ནི། གོང་དུ་བཤད་པའི་རྫས་ནས་ལ་སོགས་པ་ཆུ་གཙང་དང་སྦྱར་བ་ལས་བུམ་དུ་བླུགས་ལ་མདུན་དུ་བཞག །དེ་ཉིད་སྤོས་ཀྱིས་བདུག་ཅིང་། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ལོང་བྱུང་ན་བརྒྱ་རྩ་དང་དེ་མིན་ལན་བདུན་བཟླས་ཏེ་བསྒྲུབ་པར་བྱ། སློབ་དཔོན་གྱི་སྟན་ཧ་ཅང་མཐོན་པོ་མིན་པ་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་ཤིང་། འདུག་སྟངས་ནི་རྐང་པ་གཉིས་ཅུང་ཟད་བརྐྱངས་ལ། རྐང་མཐིལ་གཉིས་སྦྱར་བ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་བལྟས་ལ་སྨྲ་བ་གཞན་བཅད། རྡོར་དྲིལ་བྱིན་རླབས་བྱས་པ་ནས་བཟུང་སྟེ་མཇུག་རྫོགས་བར་ལག་པ་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དེ་ནས་གཞི་བདག་ལ་གཏོར་མ་འབུལ། ཆོ་ག་དངོས་ལ་འཇུག་པ་ནི། རྡོ་རྗེ་ནི་ཐབས་དང་། དྲིལ་བུ་ནི་ཤེས་རབ་སྟེ། དེ་གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། ། སྙམ་དུ་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ། ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ་ལག་པ་གཡས་པའི་མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་ཐུགས་ཀར་བཟུང་། ༀ་བཛྲ་གྷཎྜ་ཧཱུཾ། ཞེས་བརྗོད་དེ། ལག་པ་གཡོན་པའི་མཐེ་བོང་དང་མིང་མེད་ཀྱིས་དྲིལ་བུ་གཡོན་པའི་དཀུར་ཁ་གྱེན་དུ་བསྟན་ཏེ་བཟུང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ། ། སྙམ་དུ་བསམས་ལ། ཧཱུཾ༑ སེམས་ཅན་རྨོངས་དང་འབྲལ་བ་ཡི། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། །སྤྲོ་དང་བཅས་པས་རྡོ་རྗེ་བཟུང་། །ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་བཟུང་བའམ་གསོར་ལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ། བཛྲ་སཏྭ་ཧྲི་ད་ཡ། སནྟོ་ཁ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ་སྭཱཧཱ། ཞེས་བརྗོད་ཅིང་དྲིལ་བུའི་ནང་གི་ཕྱོགས་བརྒྱད་དུ་ལྕེ་བསྐྱོད་པས་དཀྲོལ་བར་བྱའོ། །དེ་ནས་ལག་པ་གཡས་པས་ལས་བུམ་གྱི་ཁ་རྒྱན་ནམ་ཀུ་ཤས་བསང་བུམ་གྱི་ཆུ་ནས་བླངས་ཏེ་ཐབ་དང་མཆོད་རྫས་སོགས་དང་། རང་ལའང་རང་གི་གཡོན་ངོས་ནས་བརྩམས་ཏེ། གཡས་སྐོར་དུ་བསང་གཏོར་ལན་གསུམ་བྱ། སྐབས་འདིར་ལས་བུམ་སྒྲུབ་ཀྱང་ལས་ལྷ་ཟུར་དུ་མེད་པས། ཧྲཱིཿཥྚྲཱིཿས་བསངས་བར་བྱའོ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད། དེ་ནས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ནས་ཀྱང་གཡས་སྐོར་དུ་ལན་གསུམ་དུ་བྱ་ཞིང་། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་སླར་ཡང་མེ་ལྷའི་མཆོད་རྫས་རྣམས་ལ་བསངས་ཆུའམ་ལས་བུམ་གྱི་ཆུ་གཏོར་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་བསང་གཏོར། ཞལ་བསིལ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་པྲོཀྵཱ་ཎཱཾ་ཨཱཿཧཱུཾ། དེ་བཞིན་དུ་པྲོཀྵཱ་ཎཱཾ་གྱི་གནས་སུ། ཨཱཉྩ་མཱ་ནཱཾ། ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ། ཞེས་པ་རྣམས་བཅུག་སྟེ། ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་དེ། ཡམ་ཤིང་དང་། མར་ཁུ་སོགས་བསྲེག་རྫས་རྣམས་ལ་རེག་ཅིང་། ༀ་ༀ་སྭཱཧཱ། ཞེས་བརྗོད་དེ་རྫས་རྣམས་བཀྲུས་པར་བསམ་མོ། ། ༀ་ཨཱཿསྭཱཧཱ། ཡམ་ཤིང་། ༀ་ཤྲཱིཾ་སྭཱཧཱ། མར་ཁུ། ༀ་ཛྲིཾ་སྭཱཧཱ། འབྲུ། ༀ་ཀུ་རུ་ཀུ་རུ་སྭཱཧཱ། རྫས་གཞན་རྣམས། དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག་ནས་བདུད་རྩི་ལྔའི་ངོ་བོར་གྱུར་པར་བསམ། དེ་ནས་ཤིང་འོ་མ་ཅན་ལས་བྱུང་བའམ། གཙུབ་ཤིང་ལས་བྱུང་བའམ། མེ་ཐ་མལ་པའམ། དགོན་པའི་མེ་གང་ཡང་རུང་བ། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་སྣོད་དུ་བཞག་ལ་ཞུན་མར་གྱི་སྒྲོན་མེ་སྦར་ཞིང་། ཧྲཱིཿཥྚྲཱིཿ བརྗོད་ལ་བསང་ཆུ་དང་ནང་མཆོད་ཀྱིས་མེ་དེ་ལ་གཡས་སྐོར་དུ་ལན་གསུམ་གསུམ་བསངས། དེ་ནས་སྒྲོན་མེ་དེ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པ་ཐབ་ཀྱི་ནང་དུ་བཅུག་ལ། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད་ཅིང་གཟི་བརྗིད་བསྐྱེད། ཧཱུཾ༑ ཞེས་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། རླུང་གཡབ་ཀྱི་ཁ་དོག་ནི་ག་བུར་ཆུ་རྒྱུན་ལས་ལས་བཞི་ཀར་ལྗང་ཁུ་གསུངས་པ་ལྟར་བྱའོ། ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ལ་མར་ཁུ་བླུགས་གཟར་བདུན་གྱིས་ཀྱང་མེ་གསོ། དེ་ནས་ཀུ་ཤ་རྣམས་ལག་ཏུ་བཟུང་ལ། ༀ་བཛྲ་སཏྭ་ཨཱཿ ཞེས་ལན་གསུམ་བརྗོད་ལ་ཀུ་ཤ་རྣམས་བྱིན་གྱིས་བརླབས། དེ་ནས། ༀ༑ ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། ། ཞེས་བརྗོད་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་མ་གས་ཤིང་འདབ་མ་མ་གྲུགས་པ་ཧ་ཅང་ཡང་མི་རིང་བ་གཉིས་གཉིས་རྩེ་མོ་གཤིབས་པ་རང་གི་གཡོན་ངོས་ནས་བརྩམས་ཏེ་ཐབ་ཀྱི་ཁ་ཁྱེར་ལ་རང་ཁ་གང་ལ་བལྟ་བའི་ངོས་ལ་ཤར་དུ་བྱས་པའི་ལུགས་ཀྱིས་རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྟན་པ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བཀྲམ་ཞིང་། ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་ཡང་མི་རིང་བས་གཡོག་གོ །ཀུ་ཤ་བཀོད་ཚར་བ་དང་། རྡོར་དྲིལ་འཛིན་པའི་ལག་པ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་སྟེ། དེ་དག་ནི་སྦྱོར་བའི་ཆོ་གའོ། །དངོས་གཞིའི་ཆོ་ག་ནི། བསང་ཆུའམ་ལས་བུམ་གྱི་ཆུས་ཐབ་བསངས་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐབ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། སཾ་དང་རྡོ་རྗེ་ལས་རྡོ་རྗེ་འཛིན་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ། མུ་རན་ཁ་ཁྱེར་དང་བཅས་པ་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པར་གྱུར། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་མེ་གྲུ་གསུམ་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་བགྲང་ཕྲེང༌། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཉུག་མར་གནས་པའི་རིག་མ་དང་གཉིས་སུ་མེད་པའི་སྐུ། ཕྱག་གཡས་ཀྱི་དང་པོ་ན་བགྲང་ཕྲེང་། གཉིས་པས་མི་འཇིགས་པ་སྦྱིན་པ། གསུམ་པ་ན་གྲི་གུག །གཡོན་གྱི་དང་པོ་ན་དབྱུག་གུ་རྩེ་གསུམ་པ། གཉིས་པ་ན་སྤྱི་བླུགས། གསུམ་པ་ན་ཐོད་པ་བསྣམས་པ། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁྲོ་བོའི་རྒྱན་རྣམས་ཀྱིས་བརྒྱན་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ལག་པ་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་མཐེ་བོང་གཡབ་ཅིང༌། ཨོཾ༑ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བསང་ཆུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཀུ་ཤའི་ཆུན་པོས་ཞལ་བསིལ་གྱི་སྣོད་ནས་བཟེད་ཞལ་དང་པོར་ལན་གསུམ་གྱིས་བསང་གཏོར་དབུལ། སྣོད་དེ་ཉིད་ནས་མཛུབ་མོས་མེ་ཏོག་བླངས་ཏེ་ཁུ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། སྔར་གྱི་པྲོཀྵཱ་ཎཱཾ་གྱི་གནས་སུ།ཨཱཉྩ་མཱ་ནཱཾ་ཞེས་བཅུག་ལ་བཟེད་ཞལ་དང་པོར་ཞལ་བསིལ་དང་། རྡོ་རྗེ་སྙིམ་པ་ཁ་ཕྱེ་བའི་ཕྱག་རྒྱ་དང༌། ཨརྒྷཾ་ཞེས་སྦྱར་བས་བཟེད་ཞལ་གཉིས་པར་མཆོད་ཡོན་དང༌། ཁུ་ཚུར་བཅིངས་ནས་མེ་ཏོག་བླངས་ལ། ལན་གསུམ་བསྐོར་ཏེ་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་མཛུབ་མོ་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང༌། པཱ་དྱཾ་ཞེས་སྦྱར་བས་བཟེད་ཞལ་གསུམ་པར་ཞབས་བསིལ་དབུལ། ཨོཾ་མུད་ག་རཱ་ཛཿ ཞེས་པས་དམ་ཚིག་པ་དང་ཉེ་བར་དགུག ། ཨོཾ་དཎྜ་ཧཱུཾ། གིས་དམ་ཚིག་པ་ལ་གཞུག ། ཨོཾ་པདྨ་བཾ། གྱིས་དབྱེར་མེད་དུ་བཅིངས། ཨོཾ་ཁདྒ་ཧོཿས་དབང་དུ་བྱས་ཏེ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་དེ་རྡོར་དྲིལ་གྱིས་འཁྱུད་པའི་ཕྱག་རྒྱ་ལག་པ་གཉིས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་གཞུག་པ་སོགས་བྱའོ། ། དེ་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨཱཉྩ་མཱ་ནཱཾ། ཨརྒྷཾ། པཱ་དྱཾ། ཞེས་སྦྱར་བས་གོང་ལྟར་དབུལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ། ཞེས་ཉེར་སྤྱོད་ཀྱིས་མཆོད། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ་ༀ་ཨཱཿཧཱུཾ། ཞེས་པས་ནང་མཆོད་དབུལ། དྲིལ་སྟབས་དང་བཅས་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ལྕིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུཎྜི་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། ། ཞེས་པས་བསྟོད། ༀ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལཱ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ཞེས་ལན་གསུམ་གྱིས་དམ་ཚིག་བསྒྲགས། དམ་བསྒྲགས་ཀྱི་སྐབས་འདིར་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་མཛད་པ་སོགས་ཕྱག་ལེན་མང་ཡང་རྗེ་ཐམས་ཅད་མཁྱེན་པས་སྐབས་འདིར་ཕྱག་རྒྱ་བྱ་བར་མ་གསུངས་པས་རང་ལུགས་ཀྱང་དེ་བཞིན་བྱའོ། ། དེ་ནས། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར་པར་བསམ། ལག་པ་གཡོན་པས་ཁུ་ཚུར་བཅངས་པའི་སྟེང་ནས་མཐེ་བོང་བཀབ་པའི་ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱངས་ལ་གན་རྐྱལ་དུ་བྱས་པས་དགང་གཟར་མར་ཁུས་གང་བ་བཟུང་། གཡས་པ་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པ་ཁ་ཐུར་དུ་སྦུབ་ལ་བླུགས་གཟར་གྱི་ཡུ་བ་བཟུང་སྟེེ། གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་ནས་དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ། མེ་ལྷའི་ཞལ་ཅུང་ཟད་གདངས་པར་དགང་བླུགས་གསུམ་མམ་བདུན། མེ་ལྷའི་སྔགས་ལ་སྤེལ་ཚིག་བཏགས་ལ་དབུལ་ཏེ། སྔགས་ནི། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་དུ་གཅོད་པ་དང༌། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་དང་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་མར་ཁུ་བླུགས་གཟར་བདུན་ཕུལ་ནས་འཕྲིན་ལས་བཅོལ། སྐབས་འདིར་མེ་ལ་བགེགས་ཡོད་མེད་བརྟགས་ནས་ཡོད་ན་སེལ་བའི་ཐབས་སྦྱིན་སྲེག་གི་ཆོ་ག་ཆེན་མོར་གསུངས་པ་ལྟར་བྱའོ། །དེ་ནས་གོང་དུ་བཤད་པ་ལྟར་གྱི་ཡམ་ཤིང་གཉིས་གཉིས་སྦྱར་བ་ལག་པ་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པའི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་དབུལ་ཞིང་། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ།ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཞེས་པ་ནས། བཀྲ་མི་ཤིས་པ་ཐམས་ཅད་དང་ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་མར་ཁུ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་ཨགྣ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཏིལ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌སྡིག་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་དུར་བ་གཉིས་གཉིས་སྦྱར་ནས་དབུལ་ཞིང༌། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་བཛྲ་ཨཱ་ཡུ་ཥེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་འབྲས་མ་གྲུགས་པ་སྟེ་མ་ཆག་པའི་འབྲས་བཟང་པོ་དགོས་ཀྱི་མ་བྲུས་པའི་ཤུན་པ་ཅན་རིགས་བཟང་པོ་མིན་པས་མི་རུང་ངོ་། ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་བཛྲ་པུཥྚ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཞོ་ཟན་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས།བ་ཧ་ནཱ་ཡ། ཨོཾ་སརྦ་སཾ་པ་དེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བདེ་བ་མཆོག་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཀུ་ཤ་གཉིས་སྦྱར་ནས་དབུལ་ཞིང༌། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བསྲུང་བ་མཆོག་ལ་བར་དུ་གཅོད་པ་དང༌། གྲིབ་དང་མི་གཙང་བ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཡུངས་ཀར་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་སརྦ་ཨརྠ་སིདྡྷ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བགེགས་ཐམས་ཅད་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་སོ་བ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་བཛྲ་བི་ཛཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ནས་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་མཧཱ་བེ་གཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་སྲན་མ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་མཧཱ་བ་ལཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་སྟོབས་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་གྲོ་ལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་བཛྲ་གྷསྨ་རཱི། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་ནད་ཐམས་ཅད་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་རྫས་ཁྱད་པར་བ་ཡང་མེ་ལྷའི་སྔགས་ཀྱིས་ལན་གཅིག་འབུལ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ལྟར་བསྲེག་རྫས་རྣམས་སྙན་པའི་གདངས་ཀྱིས་ཕུལ་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨཱཉྩ་མཱ་ནཱཾ་ཞེས་པས་ཞལ་བསིལ་དང་། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་ཞེས་པས་བསང་གཏོར་དབུལ་ལོ། །དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་བསང་གཏོར། ཞལ་བསིལ། མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་པྲོཀྵཱ་ཎཱཾ་ཨཱཿཧཱུཾ། དེ་བཞིན་དུ་པྲོཀྵཱ་ཎཱཾ་གྱི་གནས་སུ། ཨཱཉྩ་མཱ་ནཱཾ། ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴ་ཨཱཿཧཱུཾ། རྣམས་བཅུག་སྟེ། ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་རྫས་སྦྱོང་བའི་ཕྱག་རྒྱ་སྔར་བཤད་པ་ལྟར་བྱས། ༀ་ༀ་སྭཱཧཱ། ཞེས་པ་ནས། བདུད་རྩི་ལྔའི་ངོ་བོར་གྱུར། ཅེས་པའི་བར་བརྗོད། དེ་ནས་ལྷ་བསྐྱེད་པ་ནི། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཞེས་པ་ནས། རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བའི་ཞེས་སོགས་སྒྲུབ་ཐབས་བཞིན་བརྗོད་པ་ནས། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པ་ནས། ཐུགས་ཀར་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་སྔོན་པོ། ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དེ་ནས། དམ་ཚིག་སེམས་དཔའི་ཐུགས་ཀར་ཞེས་སོགས་སེམས་དཔའ་སུམ་བརྩེགས་ཀྱང་བསྒོམ། གཞལ་ཡས་ཁང་མ་བསྐྱེད་ན། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན། དེའི་སྟེང་དུ་ཞེས་སོགས་གོང་བཞིན། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་པའི་བར་བརྗོད།དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པས་སྤོས་འཛིན་ལ་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། ཛཿ འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། ། ཞེས་པ་ནས། བཞུགས་སུ་གསོལ། ། ཞེས་པའི་བར་དང་། ཨོཾ་ཧྲཱིཿཧ་བྷོ་ནས། ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཧྲཱིཿཥྚྲཱིཿནས། རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་རྒྱས་བཏབ། དབང་གི་ལྷ་རྣམས་དེ་ཉིད་ལ་ཐིམ་ཞིང་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། དེ་ནས། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་བསང་གཏོར་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། བསང་གཏོར་གྱི་གནས་སུ། ཞལ་བསིལ། མཆོད་ཡོན། ཞབས་བསིལ། པྲོཀྵཱའི་གནས་སུ། ཨཱཉྩ་མཱ་ནཱཾ། ཨརྒྷཾ། པཱ་དྱཾ་ཞེས་སྦྱར། དེ་ནས། རྒྱལ་བ་རྣམས་ནི་ཡོན་ཏན་མཆོག་གི་སྐུ། ། ཞེས་སོགས་གནྡྷེ་སྔོན་དུ་འགྲོ་བའི་མཆོད་པ་དང་། རིན་ཆེན་དབང་གི་རྒྱལ་པོ་ཞེས་སོགས་འདོད་ཡོན་ལྔ་ཡང་འབུལ། འདིར་མཆོད་པ་དང་འདོད་ཡོན་འབུལ་སྐབས་ས་པ་རི་ཝཱ་ར་ཞེས་པ་དོར་དགོས། བསྡུ་ན་སྔགས་རྐྱང་པས་ཀྱང་འབུལ་ཆོག ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། དེ་ནས། ཧཱུཾ༑ འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། ། ཞེས་པ་ནས། མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་པའི་བར་རོ། །བསྡུ་ན། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། ། ཞེས་པ་ནས། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། ཞེས་པའི་བར་གྱིས་བསྟོད། ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་གིས་མཚན་པར་གྱུར། དེ་ནས་བསྲེག་རྫས་རྣམས་འབུལ་བའི་ཐོག་མར། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་དུ་གཅོད་པ་དང་། སྡོམ་པ་གསུམ་དང་འགལ་བའི་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཀྲ་མི་ཤིས་པ་དང་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་ཐོག་མར་སྤེལ་ཚིག་སྦྱར་བའི་མར་ཁུ་བླུགས་གཟར་བདུན་ཕུལ་ནས་འཕྲིན་ལས་བཅོལ། བསྲེག་རྫས་འབུལ་བའི་ཚེ་སྤྲོ་ན་ལྷའི་སྔགས་དང་སྤེལ་ཚིག་གསུམ་ཀ་སྦྱར་ནས་འབུལ་ལ། དེ་མིན་ཐོག་མཐའ་གཉིས་སུ་སྦྱར་བའི་ཕྱག་ལེན་ཀྱང་ཡོད། དེ་ཡང་འབུལ་ཐེབས་རེ་དང་སྔགས་རེ་སྦྱར་བ་སྦྱིན་སྲེག་རེའི་གྲངས་སུ་རྩི་བ་ལས། གྲངས་ཁ་ནས་ཐོན་ཚད་ཀྱིས་ལྷ་ལ་བསླུ་བའི་བསམ་པས་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་མགྲོན་དུ་འགུག་པར་མི་བྱ་བར་བག་ཡོད་པར་མཛོད་ཅིག །བསྲེག་རྫས་འབུལ་བའི་གྲངས་བརྒྱ་སྟོང་སོགས་ཅི་རིགས་པར་འབུལ་བ་ལས་དམིགས་བསལ་ངེས་པ་ཅན་གྱི་གྲངས་གསལ་ཁ་མ་གསུངས་སོ། །དེ་ནས། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཅེས་བརྗོད་ནས། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་ཐམས་ཅད་དང་ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་མར་ཁུ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨགྣ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཏིལ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌སྡིག་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་དུར་བ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ཡུ་ཥེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་འབྲས་མ་གྲུགས་པ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྚ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཞོ་ཟན་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སརྦ་སཾ་པ་དེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བདེ་བ་མཆོག་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཀུ་ཤ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བསྲུང་བ་མཆོག་ལ་བར་དུ་གཅོད་པ་དང༌། གྲིབ་དང་མི་གཙང་བ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ཡུངས་ཀར་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སརྦ་ཨརྠ་སིདྡྷ་ཡེ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་བགེགས་ཐམས་ཅད་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་སོ་བ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཛཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང༌ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་ནས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་མཧཱ་བེ་གཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་སྲན་མ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་སྟོབས་རྒྱས་པ་ལ་བར་དུ་གཅོད་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་གྲོ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བཛྲ་གྷསྨ་རཱི། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་ནད་ཐམས་ཅད་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ནས་རྫས་ཁྱད་པར་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་། ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། འདི་ལན་གཅིག་ཙམ་འབུལ་བ་ཕྱག་ལེན་དུ་ཡོད། ལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ནས། བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ནས་ལུས་ཤེལ་ལྟར་གྱུར་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་གཙོ་བོའི་སྔགས་ཀྱིས་མར་ཁུ་དགང་བླུགས་བདུན་ནམ་གསུམ་ལ་སོགས་པ་དབུལ་ཞིང་། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨཱཉྩ་མཱ་ནཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་ཀྱིས་མཆོད་ཡོན། བསང་གཏོར། ཞལ་བསིལ་གསུམ་འབུལ། སྲབ་འཇམ་ཡང་པ་ལྷ་ཡི་གོས། ། ཞེས་སོགས་དང་། ༀ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་སྟོད་གཡོགས་དང་སྨད་གཡོགས་ཀྱི་དོད་གོས་ཟུང་གསར་པ་མེ་ནང་དུ་འབུལ་ཞིང་ལྷ་ལ་ན་བཟའ་ཕུལ་བར་བསམ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ། ཞེས་པས་སོ་རྩི་དབུལ། ལྷ་ཡི་མེ་ཏོག་དམ་པ་འདི། ། ཞེས་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པས་ཉེར་སྤྱོད་རོལ་མོ་དབུལ། ཨེ་མ་ཧོ་མཆོད་པ་བླ་ན་མེད། ། ཅེས་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པས་འདོད་ཡོན་ལྔ་ཕུལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་དབུལ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། ། ཞེས་པ་ནས། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། ཅེས་པའི་བར་གྱིས་བསྟོད་དེ་ཕྱག་བྱས་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད་ཡོན་དབུལ། དེ་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བར་བྱ་བའི་ཕྱིར་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་བཛྲ་སཏྭ་ཨཱཿ ཞེས་མང་དུ་བརྗོད་ནས། གཤིན་རྗེའི་གཤེད་ཀྱི་ཡི་གེ་བརྒྱ་བ་བཟླ་བར་བྱའོ། །དེའི་རྗེས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿབཛྲ་མུཿཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཨོཾ་ཨགྣ་ཡེ་ཞེས་པ་ནས། ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཨོཾ་ཨཱཿཧཱུཾ། ཞེས་པའི་བར་གྱིས་ནང་མཆོད་འབུལ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་བསང་གཏོར། དེ་བཞིན་དུ། ཨཱཉྩ་མཱ་ནཱཾ། ཞེས་པས་ཞལ་བསིལ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ།ཞེས་པས་སོ་རྩི། ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་གོས་གསར་པ་རྣམས་ཕུལ་ནས། སླར་ཡང་ཡམ་ཤིང་ནས་བཟུང་སྟེ་བསྲེག་རྫས་ལྷག་མ་རྣམས་རིམ་པར་འབུལ་བ་ནི། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་དང་ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ནས། ཨོཾ་ཨགྣ་ཡེ་ཞེས་པ་ནས།བ་ཧ་ནཱ་ཡ། ཨོཾ་བཛྲ་གྷསྨ་རཱི། བདག་ཅག་དཔོན་སློབ་ཅེས་པ་ནས། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ། བདག་ཅག་དཔོན་སློབ་ཅེས་པ་ནས། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་གོང་དུ་འཇིག་རྟེན་པའི་མེ་ལྷའི་སྐབས་སུ་བཤད་པ་ལྟར་ཚང་མ་འབུལ། དེ་ནས་དྲིལ་སྟབས་དང་བཅས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། ། ཞེས་སོགས་ཀྱིས་བསྟོད་ནས། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨཱཉྩ་མཱ་ནཱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞལ་བསིལ། དེ་བཞིན་དུ། པྲོཀྵཱ་ཎཱཾ་གྱིས་བསང་གཏོར་ཕུལ་ནས། ཨོཾ་ཨགྣ་ཡེ་ཞེས་པ་ནས། པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་པས་མཆོད། དེ་ནས་གཏོར་མ་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ཏེ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུད་པན་ན་ཏྭཏྟ་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པ་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཨགྣ་ཡེ་ཞེས་པ་ནས། བ་ཧ་ནཱ་ཡ་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་ཉེར་སྤྱོད་རོལ་མོ་རྣམས་ཀྱིས་མཆོད། དྲིལ་སྟབས་དང་བཅས་པས། མེ་དེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱིས་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ༀ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། གང་ཡང་བདག་བློ་རྨོངས་པ་ཡིས། ། ཞེས་པ་ནས། དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ༀ་བཛྲ་སཏྭ་ཨཱཿ རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨཱཿབཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་གི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། སྨྲས་པ། མང་མང་བདུད་དཔུང་གཡུལ་ལས་རྣམ་རྒྱལ་ཞིང་། །ཟབ་ཟབ་གཞན་ལས་ཕུལ་བྱུང་བྷཻ་ར་ཝའི། །ཐུགས་དམ་བསྐུལ་བའི་ཐབས་མཆོག་བསྙེན་པའི་སྐབས། །ཉེར་མཁོའི་སྦྱིན་སྲེག་བྱ་ཚུལ་འདི་འབད་མཐུས། །བདག་སོགས་འགྲོ་བའི་ལས་ཉོན་མུན་པའི་དཔུང་། །ཐུགས་རྗེའི་འོད་བརྒྱ་འབར་བས་རིང་བསྐྲད་ནས། །ལྟ་སྒོམ་སྤྱོད་པའི་གཟུགས་བརྙན་ངོ་མཚར་ཅན། །མངོན་སུམ་མིག་གི་དགའ་སྟོན་འགྱུར་བ་དང་། །ཚེ་རབས་ཀུན་ཏུ་འཇམ་དཔལ་ཞི་ཁྲོ་ཡིས། །འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལས་རུང་དང་གཞི་བསྙེན་སོ་སོའི་སྐབས་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བྱ་ཚུལ་འདོན་བསྒྲིགས་སུ་བཀོད་པ་འདི་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་གླིང་སྤྲུལ་མིང་པ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སུ་འབོད་པ་བདག་རང་ལོ་ཉེར་ལྔ་པ་ལྕགས་འབྲུག་ལོར་ལྷ་མཆོག་འདི་ཉིད་ཀྱི་བསྙེན་ཆེན་སྡོད་སྐབས་རང་ཉིད་ལ་ཉེ་བར་མཁོ་ཞིང་རང་མཉམ་གཞན་ལའང་ཕན་ཕྱིར་སུག་བྲིས་སུ་བགྱིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་འཇམ་དཔལ་ཞི་ཁྲོས་མཉེས་བཞིན་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ། 4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་ཚུལ་ནག་འགྲོས་སུ་བཀོད་པ་ཐར་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
བླ་མ་དང་ལྷག་པའི་ལྷ་མཆོག་དབྱེར་མི་ཕྱེད་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། འདིར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཐབས་རྨད་དུ་བྱུང་བ་ལྷོ་སྒོ་ཞེས་གྲགས་པའི་ཆོ་ག་ལག་ཏུ་ལེན་བདེ་ཁོ་ནར་བྱས་ནས་དགོད་པ་ལ། དེ་ཡང་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི་སྒྲུབ་པ་པོ་རང་ཉིད་བདག་འཇུག་བླངས་ཟིན་གྱི་མཇུག་གམ། བདག་བསྐྱེད་བསྒོམས་ནས་བུམ་ཆོག་དང་མདུན་བསྐྱེད་བསྒྲུབ་ཅིང་མཆོད་པའི་རྗེས་སུ་སྦྱང་ཆོག་བྱེད་ན། ཁྲུས་བུམ་ལོགས་སུ་སྒྲུབ་མི་དགོས། འོན་ཀྱང་བདག་བསྐྱེད་རྐྱང་པའི་རྗེས་སུ་སྦྱང་བ་བྱ་དགོས་ཚེ། བུམ་པ་མགུལ་ཆིངས་སྔོན་པོ་ཅན་དྲི་བཟང་གི་ཆུ་ལ་བླ་མེད་བུམ་རྫས་བཏབ་པས་རན་པར་བཀང་བ་བཤམས་ལ། ཧྲཱིཿཥྚྲཱིཿདང་ནང་མཆོད་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པ་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པའི་ནང་དུ་སྟེང་གི་ཆར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་བའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ཉེར་གཅིག་སོགས་བཟླས་པའི་མཐར། ཟླ་བ་སྔགས་འཕྲེང་ཧཱུཾ་ཡིག་རྣམས་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར་པར་བསམ། ལས་བུམ་ལོགས་སུ་མེད་པར་བསང་ཆུ་དེ་ཉིད་ལ་བསྒྲུབ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་ལས་སྔགས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་བུམ་པའི་ཆུ་ལ་ཐིམ་པར་གྱུར། འདི་ལྕང་སྐྱའི་གསུང་ལས་དྲངས་པའོ། ། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅི་འགྲུབ་བཟླ་ཞིང་དེས་བསང་བྱེད་དམ་ལས་སྔགས་བྱ། རང་གི་མདུན་ངོས་སུ་སྟེགས་བུ་ཁྲུ་གང་གྲུ་བཞི་བའི་སྟེང་དུ་བ་བྱུང་ལྔ་དང་། ཙན་དན་གྱི་ལྡེ་གུས་བྱུགས་པ་ལ། པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་བྲི། དེའི་སྟེང་དུ་ཚེ་འདས་ཀྱི་གཟུགས་བྱང་ལུས་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བས་མེ་ཏོག་གི་འཕྲེང་བ་འཛིན་པ་སྙིང་གར་མིང་ཡིག་དང་པོས་མཚན་པ་དང་། སྦྱང་རྟེན་དང་། དམིགས་རྟེན་སོགས་དགོས་པའི་ཡོ་བྱད་རྣམས་འཚོག་པར་བྱས། དེ་ནས། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀྱིས་བསངས། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྟེན་སྣང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་ཐ་མལ་པའི་ཆ་བྱད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར་པར་བསམ། ཕྱག་བཞེས་སུ་སྔགས་འདི་བརྗོད་ཚེ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ༀ་བཛྲ་སཏྭ་ཧཱུཾ་ཛཿ དེ་ནས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་བརྐྱངས་པ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས། མཐེའུ་ཆུང་གཉིས་ཁབ་ལྟར་བརྐྱངས་པ་ཚེ་འདས་ཀྱི་མགོ་བོར་བཞག་པར་མོས་ཏེ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་རྣམ་པར་ཤེས་པ་སྲིད་པ་བར་དོ། ཁམས་གསུམ། འགྲོ་བ་རིགས་དྲུག །སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག ། ཕྱག་བཞེས་སུ་གོང་བཞིན་ཕྱག་རྒྱ་དང་བཅས་ༀ་བཛྲ་སཏྭ་ཧཱུཾ་ཛཿ སངས་རྒྱས་ཀྱི་བདེན་པ་ཞེས་སོགས་བདེན་སྟོབས་བརྗོད་ནས་དགུག་གཞུག་ལན་གསུམ་བྱ།རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་བཀུག་པ་སྤྱི་གཙུག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་གྱུར་པར་བསམ།ༀ་མུདྒ་རཱ་ཛཿ ༀ་དཎྜ་ཧཱུཾ། ༀ་པདྨ་བཾ། ༀ་ཁངྒ་ཧོཿ བསྡུ་ན་ཕྱག་རྒྱ་དཀྱུས་ལྟར་དང་བཅས། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བྱས་པས་རྟེན་དང་དབྱེར་མེད་དུ་གྱུར་པར་བསམ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ། ཁ་ཅིག་གིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བའི་ཕྱག་རྒྱ་བྱེད་མོད། རང་ལུགས་ལ་འདིར་ཕྱག་རྒྱ་བྱ་སྲོལ་མེད། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་བཀུག་པར་གྱུར། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོག་ལྟར་བཅིངས་ཏེ་ལེགས་པར་གྱེན་དུ་འཕང་བ་ལྟུང་བ་སློང་བའི་ཕྱག་རྒྱ་བྱས་ལ། ༀ་སརྦྦ་ཨ་པཱ་ཡ། ཨ་ཀརྵ་ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ངན་འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀུག་ཅིང་། དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་ཏུ་གསོལ། བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་ལ་ཡང་སྐྱབས་སུ་མཆིའོ། ། ཞེས་སྐྱབས་འགྲོ་བྱེད་པར་བསམ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེངས་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་བསྲངས་ཏེ་མཉེ་ཞིང་དྲལ་བ་སྡིག་པ་འཇོམས་པའི་ཕྱག་རྒྱ་བྱས་ལ། ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦྦ་ཨཱ་པ་ཡ་བནྡྷ་ནཱ་ནི་པྲ་མོ་ཀྵ་ཡ། སརྦྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦྦ་སཏྭ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ངན་འགྲོ་བ་རྣམས་ཀྱི་སྡིག་པ་ཐམས་ཅད་བཅོམ་ཞིང་། ཤི་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞབས་དྲུང་དུ་སྐྱེས། རྟེན་རྣམས་བ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་གྱུར་པར་བསམ། ༀ་སརྦྦ་བིད་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ་སྭཱཧཱ། བཛྲ་བྷནྡྷ་ཏྲཊ། ཅེས་སྔགས་འདི་ལན་གསུམ་བརྗོད་བཞིན་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་དྲལ་བས། ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། ཚེ་འདས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཅེས་བརྗོད། ཕྱག་བཞེས་སུ་ཀུན་རིག་གི་གནས་གསུམ་བྱིན་རླབས་ཀྱི་ཕྱག་རྒྱ་ལྟར་བྱ། འོན་ཀྱང་གཞུང་ཁུངས་མ་དག་ལས་བཤད་པ་མ་མཐོང་བས་དཔྱད་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་མཐེའུ་ཆུང་རྣམས་བསྒྲེངས་ཏེ་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་བྱས་པ་རྡོ་རྗེའི་ཕྱག་རྒྱ་གནས་ཉེར་གཉིས་སུ་གཏུགས་པའམ་མོས་ལ། ༀ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་པས་བྱིན་གྱིས་བརླབས། ཕྱག་བཞེས་སུ་རྡོ་རྗེའི་ཕྱག་རྒྱ་དོར་ཚབ་ཏུ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེངས་པའི་ཕྱག་རྒྱ་བྱེད་ཀྱང་གཞུང་དང་འབྲེལ་མིན་དཔྱད་བྱའོ། ། གནས་ནི། སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བའོ། །ཞེས་གསུངས་པ་ལྟར་རོ། །ཕྱག་བཞེས་སུ་གནས་ཉེར་གཉིས་སུ་གཏུགས་པ་བསྡུ་ན། གནས་གསུམ་དུ་གཏུགས་པར་མཛད་ཀྱང་གཞུང་ཁུངས་མ་དག་ལས་བཤད་པ་མ་མཐོང་བས་དཔྱད་བྱའོ། །བགེགས་ཀྱི་སྦྱང་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱག་བཞེས་སུ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུཾ༑ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ། ཕྱག་རྒྱ་དཀྱུས་ལྟར་དང་བཅས། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་གྱིས་མཆོད། གོང་གི་སྔགས་མཇུག་ཏུ་འབྲུ་གསུམ་བཏགས་ནས་ནང་མཆོད་དབུལ། ཧཱུཾ༑ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ།།ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ།།བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱངས་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། ། ཧཱུཾ༑འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས།སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་བཀུག་པར་གྱུར། གཏོར་མ་གཡས་སུ་ལན་གསུམ་སྐོར་བཞིན། ༀ་སརྦྦ་བིག་ཧྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོ་བ་ནི་ཞི་བས་སྦྱང་བའོ། །ཏིང་ལོའི་མར་མེ་དང་ཆངས་བུ་སྦྲགས་ནས་རྟེན་ལ་ལན་གསུམ་ཕྱིར་སྐོར་བཞིན། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་པ་ཞི་དྲག་ཕྱེད་མས་སྦྱངས། ཕྱག་བཞེས་སུ་འབྱུང་པོ་འུར་འདེད་ཀྱི་ཕྱག་རྒྱ་དང་བཅས། ཧཱུཾ༑ དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་ཚེ་འདས་སྡིག་སྒྲིབ་སྦྱོང་། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། ། ཞེས་བགེགས་ལ་བཀའ་བསྒོ ། ཕྱག་བཞེས་སུ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་བཅས། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་ཉིད་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་།ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་དང་འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལ་སོགས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྒོ་ནས་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གཏོར་མ་རྟེན་ལ་གཡོན་སྐོར་གྱིས་ཕྱིར་དོར། རྟེན་ལ་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཌ་དྲིལ་དྲག་ཏུ་དཀྲོལ། དེ་དག་ནི་དྲག་པོའི་སྦྱང་བའོ། ། སྡིག་པ་སྦྱོང་བ་ལ་སྦྱིན་སྲེག་གི་སྦྱང་བ་ནི། སྤོས་ཕོར་མེ་ལྡན་དང་མེ་ལོང་སྟེང་དུ་ཏིལ་ནག་པོ་སྡིག་པའི་གཟུགས་བྱས་པ་བཤམས། རྡོ་རྗེ་མཁའ་འགྲོའི་བསྐྱེད་ཆོག་ནི། ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀྱིིས་བསངས། སྭ་བྷཱ་ཝས་སྦྱངས། ཐབ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་ནང་དུ་ཛྭ་ལ་རཾ་ཞེས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་ཞལ་རབ་ཏུ་གདངས་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཕྱག་རྒྱ་དང་བཅས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་ཌཱ་ཀ་ཨརྒྷཾ་ནས། ཤཔྟའི་བར་ཕྱག་རྒྱ་རོལ་མོ་དང་བཅས་པས་མཆོད། ༀ་བཛྲ་ཌཱ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། དྲིལ་སྟབས་དང་བཅས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་གའི་པཾ་དེད་ནས་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ནག་པོ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་གྱུར་པར་བསམས་ཏེ། ཕྱག་བཞེས་སུ། ཧཱུཾ༑ ལན་བདུན་བརྗོད་རྗེས་མཛུབ་མོ་དང་མཐེ་བོའི་དབུས་སུ་ཧཱུཾ་བསམས་ལ་དེས་སྡིག་པའི་གཟུགས་ལས་བཅད་དེ་ཁྲོ་བོའི་ཞལ་དུ་ཕུལ་བས་གསོལ་བར་མོས་ཏེ་མཐེབ་གུང་གིས་སེ་གོལ་གཏོགས་ནས། ༀ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷཥྨིཾ་ཀུ་རུ་སྭཱཧཱ། ཏིལ་བསྲེགས་རྗེས། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ༀ་བཛྲ་ཌཱ་ཀ་ཨརྒྷཾ་ནས། ཤཔྟའི་བར་ཕྱག་རྒྱ་རོལ་མོ་དང་བཅས་པས་མཆོད། ༀ་བཛྲ་ཌཱ་ཀ་ཧཱུཾ་ཕཊ་ༀ་ཨཱཿཧཱུཾ། དྲིལ་སྟབས་དང་བཅས། མི་བསྐྱོད་རྡོ་རྗེ་ཞེས་པ་ནས། རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། ། བར་གྱིས་སོ། ། ༀ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཕྱིར་ཟློག་སྔགས་ཀྱི་སྦྱང་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱཧཱ། ཞེས་མི་འཁྲུགས་པ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྒྱས་པའམ་བསྡུ་ན། ༀ་བྷྲཱུཾ་སྭཱཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱཧཱ། ཞེས་དང་། དྲི་མེད་ཀྱི་གཟུངས། ༀ་ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ། སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ་མ་མ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟོ་ཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་བཾ་སཾ་ཛཾ་སྭཱཧཱ། ཞེས་དང་། དོན་ཞགས་ཀྱི་གཟུངས་ནི། ༀ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ༀ་ཡ་མ་རཱ་ཛཱ་ཞེས་པ་ནས། ༀ་བཛྲ་ར་ཏི་ཧཱུཾ་ཕཊ། བར་གཙོ་འཁོར་གྱི་ལྷ་དག་གི་སྔགས་རྣམས་དང་ཡིག་བརྒྱ་བཟླ། དེ་རྗེས། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་སོགས་གསུང་བཞིན་ཕྱག་བཞེས་སུ་ཡུངས་ཀར་མཆོད་གཡོག་གིས་བཟུང་སྟེ། དགེ་འདུན་ཀུན་གྱི་ཞལ་ཕུ་ཞུས་ནས་མཁན་པོར་ཕུལ། ས་དང་ཏིལ་ཡུངས་ཀར་སོགས་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་གཏོར་ཆོག་མོད། རང་དགོན་གྱི་ཕྱག་ལེན་དུ་ཡུངས་ཀར་གཏོར་བར་མཛད། སྔགས་རེ་བརྗོད་པ་དང་བྱང་རྟེན་ལ་ཡུངས་ཀར་འབྲབ་ཀྱིན་དྲིལ་བུ་གསིལ་བཞིན། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨཱ་ཨཱ་ཝ་ར་ཎཱ་ནི་བྷསྨིན་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲཱུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ༀ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་པྲི་ཏི་པྲི་ཏི་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཕྱག་ལེན་དུ་སྔགས་འདི་རྣམས་ལན་གསུམ་གསུམ་བརྗོད་པར་མཛད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ངན་སོང་གསུམ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། ཁྲུས་ཀྱི་སྦྱང་བ་ནི། ཕྱག་བཞེས་སུ་མེ་ལོང་སྟེང་དུ་བུམ་ཆུས་གླིང་དགུ་དང་། རིགས་ལྔའི་ས་བོན་གྱི་ཚུལ་དུ་ཆུ་ཐིགས་ལྔ་བཀོད་ནས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མེ་ལོང་དུ་གསལ་བར་བྱས་ནས་ཁྲུས་གཞོང་དུ་བཞག །ཁྲུས་ལོང་སྟེང་དུ་ཁྲུས་དར་བླ་བྲེའི་ཚུལ་དུ་བྱ་ཞིང་། ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། དྲིལ་བུ་གསིལ་ཞིང་བུམ་ཆུ་མེ་ལོང་སྟེང་ཅུང་ཙམ་བླུགས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་། །ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ།།སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། །མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོཾ་བྷི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ། །དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་རྔུབ། །འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །བདུད་རིགས་ཀུན་འཇོམས་ཞབས་གཉིས་བརྐྱངས་བསྐུམས་གནས། །འཇིགས་བྱེད་ཆེན་པོའི་སྐུ་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། མཐུན་པའི་སྨོན་ལམ་མཆོག་ཏུ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པ། །ཁྱད་པར་ཅན་གྱི་འཕྲིན་ལས་ཆོས་སྐྱོང་བ། །གནས་བརྟན་ཆེན་པོ་རྣམས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བ་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །ཚེ་འདས་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཁྲུས་གསོལ་འདི་དག་ནི་གོ་རིམ་མཚོན་ཙམ་ཡིན་གྱི་རྒྱས་བསྡུས་ཇི་ལྟར་བྱས་ཀྱང་རུང་ངོ་། ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དེ་ནས་ཁྲུས་གསོལ་གྱི་ཆུ་ཕལ་ཆེ་བ་བུམ་ནང་དུ་བླུགས་མེ་ལོང་རྟེན་ལ་ཕྱར་ཙམ་བྱེད། བུམ་པའི་ཁ་རྒྱན་གྱིས་ཁྲུས་གཞོང་ནས་ཆུ་བླངས་ཏེ་སྦྱང་རྟེན་ལ་གཏོར་བཞིན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་པའི་ཚུལ་དང་བཅས། ༀ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་པ་ནས། ཡ་མཱནྟ་ཀ་བྷཱ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། བར་དང་། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །སྲུང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་ཚུལ་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བྱམས་པ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་ཁོང་ཁྲོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་ལེ་ལོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བུམ་ཆུ་འཐོར་བཞིན། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །ཏིང་འཛིན་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་རྣམ་གཡེང་གི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་ཤེས་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་སེར་སྣ་ལ་སོགས་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་དང་སྤེལ་ཚིག་གོང་བཞིན་བརྗོད། བུམ་ཆུ་འཐོར་བཞིན། དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་སྤེལ་ཚིག་གོང་བཞིན་བྱའོ། །བུམ་ཆུ་འཐོར་བཞིན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་དང་དེའི་དབང་གིས་བྱུང་བའི་དུག་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་གཟི་ཡིས་དུག་བཅོམ་མོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་སྤེལ་ཚིག་གོང་བཞིན་བྱའོ། །བུམ་ཆུ་འཐོར་བཞིན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་སྤེལ་ཚིག་གོང་བཞིན་བྱའོ། །བུམ་ཆུ་འཐོར་བཞིན། ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ཁྱོད་ས་ཡི་ནང་དུ་སོང་། །གང་བའི་སྣོད་དུ་དུག་སོང་ཞིག་སྭཱཧཱ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་འབྱུང་བ་སའི་བག་ལ་ཞ་བར་གྱུར་ཅིག །འབྱུང་བ་ས་ཡི་ནང་དུ་ཐིམ་པར་གྱུར་ཅིག །འབྱུང་བ་ས་རྣམ་པར་དག་པ་སངས་རྒྱས་སྤྱན་མའི་རང་བཞིན་དུ་འཚང་རྒྱ་བར་གྱུར་ཅིག །སའི་རང་བཞིན་ནི་སྟོང་པ་ཉིད་ཡིན་པས་ཆོས་ཉིད་སྤྲོས་བྲལ་དུ་རྟོགས་པར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། ཆུ་ནི་དུག་གི་མ་ཡིན་ཏེ། །ཆུ་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ཁྱོད་ཆུ་ཡི་ནང་དུ་སོང་། །གཤེར་བའི་སྣོད་དུ་དུག་སོང་ཞིག་སྭཱཧཱ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་འབྱུང་བ་ཆུའི་བག་ལ་ཞ་བར་གྱུར་ཅིག །འབྱུང་བ་ཆུ་ཡི་ནང་དུ་ཐིམ་པར་གྱུར་ཅིག །འབྱུང་བ་ཆུ་རྣམ་པར་དག་པ་མཱ་མ་ཀཱིའི་རང་བཞིན་དུ་འཚང་རྒྱ་བར་གྱུར་ཅིག །ཆུའི་རང་བཞིན་ནི་སྟོང་པ་ཉིད་ཡིན་པས་ཆོས་ཉིད་སྤྲོས་བྲལ་དུ་རྟོགས་པར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། མེ་ནི་དུག་གི་མ་ཡིན་ཏེ། །མེ་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ཁྱོད་མེ་ཡི་ནང་དུ་སོང་། །ཚ་བའི་སྣོད་དུ་དུག་སོང་ཞིག་སྭཱཧཱ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་འབྱུང་བ་མེའི་བག་ལ་ཞ་བར་གྱུར་ཅིག །འབྱུང་བ་མེ་ཡི་ནང་དུ་ཐིམ་པར་གྱུར་ཅིག །འབྱུང་བ་མེ་རྣམ་པར་དག་པ་གོས་དཀར་མོའི་རང་བཞིན་དུ་འཚང་རྒྱ་བར་གྱུར་ཅིག །མེའི་རང་བཞིན་ནི་སྟོང་པ་ཉིད་ཡིན་པས་ཆོས་ཉིད་སྤྲོས་བྲལ་དུ་རྟོགས་པར་གྱུར་ཅིག །བུམ་ཆུ་འཐོར་བཞིན། རླུང་ནི་དུག་གི་མ་ཡིན་ཏེ། །རླུང་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །དུག་ཁྱོད་རླུང་གི་ནང་དུ་སོང་། །གཡོ་བའི་སྣོད་དུ་དུག་སོང་ཞིག་སྭཱཧཱ། ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་འབྱུང་བ་རླུང་གི་བག་ལ་ཞ་བར་གྱུར་ཅིག །འབྱུང་བ་རླུང་གི་ནང་དུ་ཐིམ་པར་གྱུར་ཅིག །འབྱུང་བ་རླུང་རྣམ་པར་དག་པ་དམ་ཚིག་སྒྲོལ་མའི་རང་བཞིན་དུ་འཚང་རྒྱ་བར་གྱུར་ཅིག །རླུང་གི་རང་བཞིན་ནི་སྟོང་པ་ཉིད་ཡིན་པས་ཆོས་ཉིད་སྤྲོས་བྲལ་དུ་རྟོགས་པར་གྱུར་ཅིག ། དེ་དག་ཁྲུས་གསོལ་རྒྱས་པའི་ལུགས་དང་། བསྡུས་པར་མོས་ན། བུམ་ཆུ་འཐོར་བཞིན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། ། ཞེས་པ་ནས། ཡེ་ཤེས་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། བར་གསུངས་མཐར་ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཞེས་པ་ནས།ཁྱད་པར་དུ་ཉོན་མོངས་པ་སེར་སྣ་ལ་སོགས་པའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། བུམ་ཆུ་འཐོར་བཞིན། ཆུ་བོ་དྲུག་གིས་ཁྲུས་བྱས་པས། ། ཞེས་པ་ནས། དད་པས་བདག་གིས་ཁྲུས་བགྱིའོ། ། བར་གསུངས་མཐར་ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་དང་སྤེལ་ཚིག་གོང་བཞིན་བརྗོད། བུམ་ཆུ་འཐོར་བཞིན། འདོད་ཆགས་ཞེ་སྡང་གཏི་མུག་ཅེས་པ་ནས། དགེ་འདུན་གཟི་ཡིས་དུག་བཅོམ་མོ། ། བར་གསུངས་མཐར་ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད་ཅིང་སྤེལ་ཚིག་དཀྱུས་ལྟར་རོ། །བུམ་ཆུ་འཐོར་བཞིན། ས་ནི་དུག་གི་མ་ཡིན་ཏེ། ། ཞེས་པ་ནས། གཡོ་བའི་སྣོད་དུ་དུག་སོང་ཞིག་སྭཱཧཱ། བར་གསུངས་འཕྲལ་ཁ་རྒྱན་གྱིས་བྱབ་ཚུལ་དང་བཅས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བ་ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། སྤྱན་སོགས་ལྷ་མོ་བཞིའི་སྒོ་ནས་སྐུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། མི་ཤིས་པ་སྦྱང་བ་ནི། ཤོ་ལོ་ཀ་རེ་རེའི་མཐར་མེ་ཏོག་འཐོར་ཞིང་དྲིལ་བུ་གསིལ་བ་དང་བཅས་པས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བར་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་བགྲོད་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་ཉིད་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ། ཚེ་འདས་དེའི་བུ་ལ་སོགས་པ་ཉེ་འབྲེལ་གང་ཡང་རུང་བ་ཞིག་གིས་ཕྱག་འཚལ་བཞིན། ན་མོ་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་འཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། ། ༈ གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་དཔལ་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ། ཚེ་འདས་དེར་དབང་བསྐུར་རུང་ཚེ། འདིར་ལགས་ཀྱང་རང་ལུགས་ལ་དབང་བསྐུར་བྱེད་པའི་ཕྱག་ལེན་མེད་དོ། །རྟེན་ལྷ་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཕྱག་རྒྱ་དང་བཅས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་སཏྭ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་ཕྱག་རྒྱ་རོལ་མོ་བཅས་པས་མཆོད། དྲིལ་སྟབས་དང་བཅས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། ། ཞེས་པས་བསྟོད། དེ་ནས་མེ་ཕོར་དུ་དཀར་གསུར་གྱི་དུད་པ་ལེགས་པར་བཏང་བའི་དྲི་མཆོག་དང་། ཚེ་འདས་དེས་རྒྱུན་བཅངས་ཀྱི་ཕོར་བ་གཙང་སྦྲ་དང་བཅས་ཇ་བསྲུབས་མ་ཕུལ་བའི་རོ་མཆོག །དར་དཀར་གྱི་གོས་བཟང་བཅས་ཚགས་སུ་ཚུད་པར་བྱས། རྫས་རྣམས་ༀ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀྱིས་བསངས། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྣམ་ཤེས་རྟེན་གྱི་ལྷ་ལ་གཟུགས་བསྔོས་པས། །བཞེས་ཤིང་ཚེ་འདས་སངས་རྒྱས་མྱུར་ཐོབ་ཤོག །ༀ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །རྣམ་ཤེས་རྟེན་གྱི་ལྷ་ལ་སྒྲ་བསྔོས་པས། །བཞེས་ཤིང་ཚེ་འདས་སངས་རྒྱས་མྱུར་ཐོབ་ཤོག །ༀ་བཛྲ་སཏྭ་ཤཔྟ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་དྲི་བསྔོས་པས། །བཞེས་ཤིང་ཚེ་འདས་སངས་རྒྱས་མྱུར་ཐོབ་ཤོག །ༀ་བཛྲ་སཏྭ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །རྣམ་ཤེས་རྟེན་གྱི་ལྷ་ལ་ཟས་བསྔོས་པས། །བཞེས་ཤིང་ཚེ་འདས་སངས་རྒྱས་མྱུར་ཐོབ་ཤོག །ༀ་བཛྲ་སཏྭ་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །རྣམ་ཤེས་རྟེན་གྱི་ལྷ་ལ་གོས་བསྔོས་པས། །བཞེས་ཤིང་ཚེ་འདས་སངས་རྒྱས་མྱུར་ཐོབ་ཤོག །ༀ་བཛྲ་སཏྭ་སྤརྴ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། འདོད་ཡོན་ལྔའི་མཆོད་པ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་དཀོན་མཆོག་ལ་ཕུལ་བའི་དགེ་བ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་ཉིད་བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ་ཚེ་དཔལ་སྟོབས་འབྱོར་ལོངས་སྤྱོད་དགེ་བ་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །འཇིག་རྟེན་ཕ་རོལ་སོང་བའི་བུ་ཁྱོད་ལ། །ཤུལ་ན་མཆིས་པའི་ཉེ་དུ་བརྩེ་བ་ཅན། །ནམ་ཞག་གཏན་གྱི་ཟས་སྐོམ་འདི་བསྔོས་པས། །ཚེ་འདས་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་འདི་ཉིད་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་སོགས་ལ་མ་ཆགས་མ་ཞེན་པའི་སྒོ་ནས་ལོངས་སྤྱད་དེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་ཞེས་པ་ནས། རང་དབང་དུ་ནི་སྤྱོད་པར་ཤོག ། བར་གསུངས་ནས་གསུར་དུད་སོགས་ཕྱིར་བཏོན། དྲིལ་སྟབས་དང་བཅས། རྡོ་རྗེ་སེམས་དཔའ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་གོང་བཞིན་བསྟོད། ལམ་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ༀ་རཏྣེ། རཏྣེ། མཧཱ་རཏྣེ། རཏྣ་སཾ་བྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུཾ་ཕཊ། ལམ་སྦྱངས་བ་ནི། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ། པདྨ་སམྦྷ་ཝ། མཧཱ་སུ་ཁ་བ་ཏི་གཙྪན་ཏུ་སྭཱཧཱ།ཞེས་བརྗོད་ཅིང་མེ་ཏོག་གཏོར། ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ཏེ། བདེ་བ་ཅན་དུ་གཤེགས་པ་དེར་པདྨ་ལས་བརྫུས་ཏེ་སྐྱེས། དེ་ན་གནས་པའི་བྱང་སེམས་རྙིང་པ་བ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་ཕྱག་རྒྱ་རོལ་མོ་དང་བཅས་པས་མཆོད། ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་སྟེ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། ཞེས་མཆོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་པར་གྱུར། དེའི་ཚེ་ལྷ་རྣམས་ཀྱིས་བདག་གི་མཐུར་ཤེས་ནས་བདག་ཉིད་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་ཕྱག་རྒྱ་རོལ་མོ་དང་བཅས་པས་མཆོད། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་ཆེད་དུ་བརྗོད་པར་གྱུར། ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེས་ཀྱང་། རང་ཉིད་དེར་སྐྱེས་པའི་རྒྱུ་བརྟགས་པས་བདག་གིས་ཆོ་ག་བྱས་པའི་ནུས་མཐུར་ཤེས་ནས་སྐད་ཅིག་གིས་འོངས་ཏེ། ཨེ་མའོ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་ཀྱེ་བསམ་ཡས། །ཨེ་མའོ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྟུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་ནས་བདག་དང་དཀྱིལ་འཁོར་བའི་ལྷ་ལ། ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་ཕྱག་རྒྱ་རོལ་མོ་དང་བཅས་པས་མཆོད། ཞེས་མཆོད་དེ་སླར་ཡང་ཚེ་འདས་བདེ་བ་ཅན་དུ་སོང་བར་གྱུར། ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪན་ཏུ་སྭཱཧཱ། ཞེས་བརྗོད་བཞིན་མེ་ཏོག་གཏོར། ཕྱག་བཞེས་སུ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར་ཞེས་སོགས་ཤོ་ལོ་ཀ་གཅིག་དང་། མི་འཁྲུགས་པའི་གཟུངས། སྨན་བླའི་གཟུངས་རིང་། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་སོགས་བརྗོད་པར་མཛད། དེ་ནས། ལྷ་དང་རྣམ་ཤེས་གཤེགས་པའི་ཕུང་པོ་ལྷག་མ་བྱང་བུ་སྡིག་སྒྲིབ་དང་བཅས་པ་ལྷན་ཅིག་རཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེས་བསྲེགས་པར་གྱུར། དཔལ་འབར་བཟུང་སྟེ། ཀྱཻ༑ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག ། ཅེས་བརྗོད་ཅིང་མེ་སྦར་རོ་ཞེས་པའི་སྔ་མ་རྣམས་ཀྱི་ཚེ་མེ་སྦར་བའི་སྟངས་ཀ་ཙམ་བྱ་ཞིང་། འགྲུབ་པར་ཤོག་ཅེས་པ་དང་མཉམ་དུ་སྦར་ལ། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་དང་། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ། ། བར་མདོ་ཚིག་བརྗོད་སྐབས་སྤོར་བའི་གནས་དང་། སྤར་བྱ་དང་སྤོར་བ་པོ་རྣམས་ཀྱིས་མཚོན་པའི་འཁོར་འདས་ཐམས་ཅད་བརྟེན་ནས་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་དོ་སྙམ་དུ་ལྟ་བ་ལ་མཉམ་པར་བཞག་སྟེ་མི་དམིགས་པས་རྒྱས་གདབ་བོ། །སྦྱང་རོའི་ཆོ་ག་བསྡུས་པ་ནི། སྦྱང་རོ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་དཀར་པོས་མཚན་པ་དེ་ལས་བདུད་རྩིའི་རྒྱུན་བབས་པས་དེ་ཉིད་གང་ལས་བྱུང་བའི་གང་ཟག་གམ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་བར་གྱུར། ༀ་བཛྲ་པྲ་མརྡྷ་ན་ཡེ་སྭཱཧཱ། ཞེས་ལན་བདུན་བརྗོད་ཅིང་སྦྱང་རོའི་སྟེང་དུ་བུམ་ཆུ་གཏོར། སྦྱང་རོའི་ཆོ་ག་བསྡུས་པ་འདི་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པའི་རྣམ་སྣང་གི་སྒོ་ནས་རུས་ཆོག་ཤིན་ཏུ་བསྡུས་པ་ལས་ཁ་བསྒྱུར་ཅུང་ཟད་བགྱིས་པ་ཞིག་ལགས་པས་རྣམ་སྣང་སྦྱང་ཆོག་མཛད་སྐབས་འདི་ལྟར་གསུང་ན་འཐུས་ཀྱང་འཇིགས་བྱེད་སྦྱང་བར། སྦྱང་རོ་རྣམས་ཀྱི་སྟེང་དུ་ཧཱུཾ་སྔོན་པོས་མཚན་པ་ཞེས་འདོན་པ་བརྗེ་བ་དང་བཅས་དཀྱུས་ལྟར་གསུངས་ན་འབྲེལ་ཆེ་བར་སྙམ་མོ། །སློབ་དཔོན་གྱིས་བསྔོ་བ་དང་སྨོན་ལམ་གང་རུང་གསུང་བར་བྱའོ། །སྦྱང་རྟགས་ནི། ན་མོ་ཨཱརྱ་ཙ་ལེ་ཡེ། བྱང་པར་སྲེག་ཚེ་བརྟག་པ་བྱ་བར་འདོད་ན། མེ་དཀར་ཞིང་དུ་བ་མེད་པར་དལ་བུས་འབར་བ་བྱུང་ན་བདེ་འགྲོར་སྐྱེ། སྟོན་པའི་སྐུ་བཞེངས། མེ་དཀར་ཞིང་དུ་བས་འཁྱུད་པ་བྱུང་ན་ལྷར་སྐྱེ་བས་བརྒྱད་སྟོང་དང་།༼མི་འཁྲུགས་པའི་༽སྐུ་བཞེངས། མེ་དཀར་ལ་དམར་མདངས་ཅན་མེ་ལྕེ་མཚོན་ཆའི་རྩེ་མོ་འདྲ་བ་འདར་ཞིང་འབར་བ་བྱུང་ན་ལྷ་མ་ཡིན་དུ་སྐྱེ། སྤྱན་རས་གཟིགས་ཀྱི་སྐུ་བཞེངས། མེ་དཀར་ཞིང་༼གཡས་༽ཕྱོགས་སུ་འབར་བ་བྱུང་ན་ཉེ་ཕྱོགས་སུ་མིར་སྐྱེ། བཟང་སྤྱོད་སྟོང་ཚར་ཐོན། མེ་དཀར་ཞིང་གཡོན་ཕྱོགས་སུ་འབར་ན་མཐའ་འཁོབ་ཏུ་སྐྱེ། ངན་སོང་སྦྱོང་རྒྱུད་དང་། ངན་སློང་༼སྦྱིན་༽གཏོང་སོགས་གྱིས། མེ་དམར་ཞིང་སྒྲ་དང་བཅས་པ་བྱུང་ན་དུད་འགྲོར་སྐྱེ་བས་སྨན་བླ་གང་མང་ཐོན། མེ་དམར་ཞིང་འཐོར་བ་བྱུང་ན་ཡི་དྭགས་སུ་སྐྱེ། ལན་གཏོར་དང་སྦྱིན་སོགས་གྱིས། མེ་དམར་ལ་ནག་པ་དུ་བ་ཐུར་དུ་ལྷུང་ཞིང་མེ་སྟག་འཕྲོ་བ་བྱུང་ན་དམྱལ་བར་སྐྱེ་བས་སངས་རྒྱས་ཀྱི་མཚན་འབུམ་སོགས་རྣམ་དཀར་གྱི་དགེ་རྩ་ལ་འབད་དགོས་སོ། ། ཞེས་བྱང་པྲ་བརྟག་ཐབས་འདི་ཉིད་རང་དགོན་གྱི་ཀུན་རིག་སྦྱང་ཆོག་ཐར་ལམ་གསལ་སྒྲོན་གྱི་རྗེས་སུ་བཀོད་པ་བཞིན་ཡིག་ནོར་མངོན་ཆེན་འགའ་ཞིག་བཅོས་པ་ཕུད་གཞན་མ་ཡིག་ལྟར་འབྲི་བཤུས་བགྱིས་པ་ཡིན་ཡང་མ་དཔེར་ཡི་གེ་འགའ་ཞིག་མི་གསལ་བས་འོལ་ཚོད་ཀྱིས་ཁ་བསྐང་སྟེ་གུག་རྟགས་ནང་བཅུག་ཡོད་མོད་ཕྱིས་མ་ཕྱི་ཁུངས་བཙན་ཕྱག་སོན་བྱུང་ཚེ་ཁ་སྐོང་མཛད་པར་ཞུ། ༀ་སྭསྟི། འཕགས་བོད་པཎ་གྲུབ་བྱེ་བའི་གཞུང་ལུགས་ལ། །རྨད་བྱུང་མཐོང་བརྒྱུད་གཙང་མས་ལེགས་སྤུད་པའི། །བློ་གསར་དགྱེས་སྐྱེད་སྦྱང་བའི་ཆོ་ག་འདི། །རྗེ་བཙུན་བླ་མའི་གསུང་བཞིན་ལེགས་པར་བྲིས། །དགེ་འདིས་མཚོན་པའི་དུས་གསུམ་ཉེར་བསགས་མཐུས། །རྒྱལ་བསྟན་དར་རྒྱས་འགྲོ་རྣམས་བདེ་ཞིང་སྐྱིད། །ཁྱད་པར་བདག་ལ་རེ་ལྟོས་ཉེར་བཅའ་བའི། །འགྲོ་ཀུན་བླ་མེད་བྱང་ཆེན་སར་གཤེགས་ཤོག ། ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་ཚུལ་ནག་འགྲོས་སུ་བཀོད་པ་ཐར་ལམ་སྒོ་འབྱེད་ཅེས་བྱ་བ་འདི་ནི། ད་ཕན་རྭ་སྒྲེང་ཕྱོགས་སུ་མཐོང་བརྒྱུད་རྣམ་དག་ཡོད་མོད། ཁུངས་དག་གི་སྦྱང་ཆོག་ཡིག་ལམ་དུ་འཁོད་པ་ཆེས་དཀོན་ཞིང་བརྗེད་ཐོའི་ཚུལ་གྱི་དཔེ་རེ་ཟུང་ཡོད་པ་དག་ཀྱང་ཆད་བསྡུས་ཀྱི་སྐྱོན་མཐའ་ཡས་ཤིང་། ཐ་ན་ཡི་གེའི་དག་ཆ་ཙམ་ལ་ཡང་གཏད་སོ་མེད་པས་ཕྱི་རབས་པ་རྣམས་ལ་བག་ཆགས་ཤིན་ཏུ་ངན་པ་ཞིག་འཇོག་རྒྱུ་མ་ཟད། དེ་ལྟར་མུ་མཐུད་ཁྱབ་སྤེལ་བྱུང་ན་མཐར་རང་ལུགས་རྣམ་དག་ཏུ་བརྩིས་ནས། བསྟན་པར་རྨ་ཁ་ཆེན་པོ་ཞིག་བཏོད་ཅིང་རྗེས་འཇུག་པ་ཀུན་ཀྱང་རྨོངས་ཞེན་གྱི་གཅོང་རོང་ཆེན་པོ་དེར་ཁྲིད་ནས་ངན་སོང་དུ་བསྐྱོད་པའི་སྟ་གོན་མ་འཕྱུགས་པར་བསྒྲུབས་རྗེས། མི་བཟད་མནར་མེད་ཀྱི་གནས་སུ་ཡིད་བློང་བློང་པོར་གནོང་འགྱོད་ཀྱི་ཤུགས་གླུ་རེ་ལེན་བཞིན་འདུག་ཏུ་གཞུག་རྒྱུ་ལས་ཅི། ཁྱད་པར་འདི་སྣང་རྩོལ་སྒྲུབ་ཁོ་ནར་བྲེལ་ཞིང་ལས་རྒྱུ་འབྲས་ཚེ་སྔ་ཕྱི་སོགས་རི་བོང་རྭ་ཡི་མཆེད་ཟླར་འཛིན་པའི་དེང་དུས་ཀྱི་སྣང་ཚུལ་གསར་བ་འདིས་བསླད་པས། ང་དང་ང་འདྲ་བའི་སེར་གཟུགས་ཅན་རྣམས་ཀྱང་ཤི་གསོན་གྱི་རྒྱུ་ནོར་འཐོབ་འདོད་ཀྱི་སྐུལ་སློང་མ་རུངས་པ་དེས་ཡིད་དྲངས་ནས། ཆོ་གའི་དམིགས་རིམ་ལྟ་ཅི་ཚིག་རིས་ཙམ་ཡང་གང་དྲན་གྱི་ཚུལ་དུ་བྱེད་ཅིང་། གཞུང་དང་ཕྱག་ལེན་གང་ལ་ཡང་མ་གཏོགས་པའི་རྔམ་རྔམ་རྫིག་རྫིག་སྦྱིན་བདག་གི་ངོ་སྲུང་གང་མཁས་བྱེད་པོ་དག་ལ་ཅུང་ཟད་ཕན་སྙམ་རེ་སྟོང་གིས་བསྐུལ་ཏེ། རང་དགོན་གྱི་སྦྱང་དཔེ་ལག་བྲིས་དེ་ཉིད་གཙོ་བཟུང་ཐོག་སྦྱང་ཆོག་ཐར་ལམ་སྒོ་འབྱེད་དང་། སེར་སྔགས་ནམ་བསྟན་གྱི་ལྷོ་སྒོ་བཅས་ལ་གཞི་བྱས། འདུལ་ཊཱིཀ་སོགས་གཞུང་ཁུངས་མ་དག་ལ་ཡང་ཡང་ལྟ་ཁུལ་བྱས་ཤིང་། ལྷག་ཏུ་བཀའ་དྲིན་ཟླ་མེད་རྭ་སྒྲེང་མཁན་ཆེན་རྡོ་རྗེ་འཆང་༧སངས་རྒྱས་མཁས་བཙུན་མཆོག་གི་གསུང་བཞིན་རང་ཕྱོགས་ཀྱི་མཐོང་བརྒྱུད་དྲི་མ་མེད་པས་ཟུར་བརྒྱན་ཏེ། ལེགས་པར་བསྒྲིགས་པ་མ་ཟད་གཞུང་དག་ལས་གསལ་ཁ་ཆེར་མི་འབྱུང་ཡང་མཐོང་བརྒྱུད་ཀྱིས་ཁ་བསྐངས་པ་དག་ལ་དཔྱད་གཞིའི་ཆེད་དམིགས་བསལ་དུ། ཕྱག་བཞེས་སུ་ཞེས་བཀོད་ཅིང་ཕྱག་ལེན་འགའ་ཞིག་གཞུང་ཚད་ལྡན་རྣམས་ཀྱི་དགོངས་པ་དང་། ཅུང་མི་མཐུན་ཙམ་ཡོད་དོགས་རྣམས་ལ་དཔྱད་བྱའོ་ཞེས་ཟུར་འདོན་བྱས་ཡོད་ལ། ཡིག་ཚོགས་ལ་འཇིགས་ནས་ངག་འདོན་ལས་དམིགས་རིམ་གྱིས་དབེན་པས། བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་གཞན་དུ་གཟིགས་པར་ཞུ་ཞིང་། ཁྱད་པར་དུ་དཔེ་འདིར་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ཆེར་ལྷག་པའི་ཕྱག་བཞེས་དག་མི་ནུབ་རྒྱུན་འཛིན་ཡོང་སླད་ཅུང་གསལ་བར་བཤད་ཅིང་གོང་འོག་ཀུན་ལ་ལག་ཏུ་བླང་བདེ་ཁོ་ནར་བྱས་ནས་བཀོད་པར་བརྟེན། བླ་མའི་གདམས་ངག་ལ་མ་བསྟེན་པར་འདི་ཉིད་སློབ་དཔོན་དུ་བཟུང་ནས་སྦྱང་ཆོག་བྱ་ཁུལ་བྱེད་ཚེ། དེར་བརྒྱུད་པའི་བྱིན་རླབས་མེད་ཅིང་ཆོས་ལ་དབང་ཟ་བ་དང་། རྒྱུན་མེད་ཆོས་ཀྱིས་རྒྱལ་ཁམས་འགེངས་པ་སོགས་བསྟན་དང་རང་གཞན་གཉིས་ཀར་ཕན་ལས་གནོད་ཚབས་ཆེ་བས། དམ་ཅན་ཆོས་སྲུང་རྣམས་ཀྱི་བཀའ་ཆད་ཕོག་ངེས་པས་བླང་དོར་མ་འཕྱུག་པ་ཅིས་ཀྱང་མཛད་པར་ཞུ་ཞེས་ཀུན་ལ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་འདེབས་ཀྱིས་མཚམས་སྦྱོར་དང་བཅས་གཟིགས་སྤྲུལ་མིང་པ་བློ་བཟོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོའི་ཟླ་བ་ལྔ་པའི་ཚེས་ཉི་ཤུའི་ཉིན་ཕུར་བུ་ལྕོག་ཏུ་སྐུལ་སློང་དག་པས་བསྒྲིགས་པའོ། ། 4FJརྗེ་ཙོང་ཁ་པའི་དྲ་བ།
4FJརྗེ་ཙོང་ཁ་པའི་དྲ་བ།
༄༅། །དགེ་བསྔོའི་སྨོན་ཚིག །4FJརྗེ་ཙོང་ཁ་པའི་དྲ་བ།

4FJརྗེ་ཙོང་ཁ་པའི་དྲ་བ།
འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས། །བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། །སེམས་བསྐྱེད་ཞུས་པའི་བླ་མ་སློབ་དཔོན་དང་། །དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་རྣམས་དང་། །རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་། །བཞོན་བཀལ་སྲོག་གཅོད་འོ་ཞོ་འཐུང་བ་དང་། །ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག ། ཅེས་པ་འདི་ནི་མཉམ་མེད་ཇོ་བོ་ཆེན་པོས་མཛད་པར་གྲགས་སོ། ། མངྒ་ལ་ཤྲཱི་ཛྭ་ལ་ཛམྦུ་དྭཱི་པཱ་ལངྐཱ་རཾ་ཧཱ་ཀ་ར། 4FJརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K