མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མགོན་པོ་ཕྱག་དྲུག་པ།

ཡོང་ཁུངས།   དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད།     སྤེལ་དུས།  2014-09-26 09:11:32     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        དགེ་ལུགས་པའི་བསྟན་སྲུང་གཙོ་བོ་མགོན་པོ་ཤིང་ཕུང་ཅན་བར་ཆད་ཀུན་སེལ་དུ་གྲགས་པ་འདི་ཉིད་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དྲག་པོའི་ཚུལ་བཟུང་བ་ཞིག་དང་། དུས་རྒྱུན་ཐུགས་རྗེ་ཆེན་པོའི་འཁོར་ན་གནས་ཤིང་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་མངའ་བ་ཞིག་ཡིན། 6mPརྗེ་ཙོང་ཁ་པའི་དྲ་བ།
        མགོན་པོ་འདི་ལ་ཕྱག་དྲུག་དང་སྤྱན་གསུམ་དང་ཞབས་གཉིས་ཡོད་ཅིང་། ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་དུ་མེ་དཔུང་འབར་བའི་དབུས་ན་བཞུགས་པ། སྐུ་ལ་གླང་ཆེན་དཀར་བོའི་ཀོ་བ་མནབས་ཤིང་། ཕྱག་དྲུག་གི་དང་པོ་གཉིས་ལ་གྲི་གུག་དང་ཐོད་པ། བར་བ་གཉིས་ན་མི་མགོའི་ཕྲེང་བ་དང་མདུང་རྩེ་གསུམ་པ། ཐ་མ་གཉིས་སུ་ཌ་མ་རུ་དང་ཞགས་པ་བཟུང་བ། ཕྱག་དང་ཞབས་སོགས་ལ་སྦྲུལ་དཀར་སྔོན་སོགས་བརྒྱད་དང་དྲིལ་བུའི་གཡེར་ཁའི་ཕྲེང་བས་བརྒྱན་པ། དབུ་ལ་ཐོད་པ་སྐམ་པོ་ལྔ་དང་། རློན་པ་ལྔ་བཅུ་རྩ་གཅིག་གི་ དོ་ཤལ་སྤྲས་པ། པགས་པའི་ཤམ་ཐབས་གསོལ་བ། ཞབས་གཉིས་མཉམ་པར་བཞེངས་པའི་འོག་ཏུ་ཚོགས་ཀྱི་བདག་པོ་མནན་པའོ། །6mPརྗེ་ཙོང་ཁ་པའི་དྲ་བ།
        མགོན་པོ་འདི་ནི་རི་བོ་དགེ་ལུགས་པའི་སྲུང་མ་གཙོ་བོ་ཞིག་ཡིན་ལ། དེ་ཉིད་བསྒྲུབས་ན་རྩོད་དུས་ཀྱི་ཉམ་ཐག་འགྲོ་བ་འདུལ་ཞིང་སྐྱོང་ཐུབ་པ་དང་། སེམས་ཅན་བར་དོའི་འཇིགས་སྐྲག་ལས་སྒྲོལ་ཐུབ་ཅིང་། སྡུག་བསྔལ་དང་དབུལ་ཕོངས་སེལ་ཐུབ་ལ་བདེ་ལེགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཐུབ་པ་དང་། ལྷ་འདི་ཡེ་ཤེས་ཀྱི་ཆོས་སྐྱོང་ཡིན་ཞིང་གསང་བས་མཆོད་ཅིང་བསྒྲུབ་ན་འཕྲིན་ལས་ཤིན་ཏུ་མྱུར་བར་གསུངས་སོ། །6mPརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K