མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མགོན་པོ་ཞལ་བཞི་བ།

ཡོང་ཁུངས།   དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད།     སྤེལ་དུས།  2014-09-26 10:28:59         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        བསྟན་སྲུང་ཐམས་ཅད་ཀྱི་རྒྱལ་པོ་གསང་འདུས་རྩ་རྒྱུད་དང་གདན་གཞི་དང་བདེ་མཆོག་གི་བཤད་རྒྱུད་ལས་དངོས་སུ་བསྟན་པ་སྟོབས་འཕྲོག་ནག་པོ་ཆེན་པོ་ཞལ་བཞི་པའམ་སྦས་པའི་མགོན་པོ་དང་དམ་ཚིག་གི་མགོན་པོར་གྲགས་པ་འདི་སྔོན་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྤྲོས་པའི་སྤྲུལ་བ་དང་། ལྷ་དབང་ཕྱུག་ཆེན་པོའི་བུར་སྐྱེ་བ་བཞེས་ནས་རིམ་གྱིས་སངས་རྒྱས་ཀྱི་བསྟན་པའི་སྲུང་མ་གཙོ་བོ་དང་སྒོས་སུ་དགེ་ལུགས་པའི་བསྟན་པའི་སྲུང་མར་གྱུར། uu6རྗེ་ཙོང་ཁ་པའི་དྲ་བ།
        མགོན་པོ་འདི་ལ་སྤྱིར་རྣམ་འགྱུར་མང་པོ་ཞིག་མཆིས་ཀྱང་། བོད་ཀྱི་ཡུལ་འདིར་གཙོ་བོར་མཛད་པའི་རྣམ་འགྱུར་གྱི་དབང་དུ་བྱས་ནའང་། བསྙེན་དུས་ཀྱི་མགོན་པོ་དང་། སྒྲུབ་དུས་ཀྱི་མགོན་པོ། བསད་དུས་ཀྱི་མགོན་པོ། སྤོགས་ཆོག་གི་མགོན་པོ། ཤི་ས་སྟོན་པའི་མགོན་པོ། འཕགས་ལུགས་ཀྱི་མགོན་པོ་སོགས་ཡོད་པ་དང་། དེ་རེ་རེར་རྣམ་པའང་མི་འདྲ་བ་རེ་ཡོད་དེ། དཔེར་ན། བསྙེན་དུས་ཀྱི་མགོན་པོ་ནི་རྩ་ཞལ་མཐིང་ནག་ཉིས་བརྩེགས། གཡས་གཡོན་ལྗང་ནག ཕྱག་དང་པོ་གཉིས་གྲི་ཐོད་འོག་མ་གཉིས་རལ་གྲི་དང་ཐོད་ཕྲེང་།ཞབས་གཡས་བསྐུམས་གཡོན་བརྐྱང་། ཡུམ་བཞི་སྤྱི་འགྲོས་བསྐོར་བ་དང་། སྒྲུབ་དུས་ཀྱི་མགོན་པོ་ནི། རྩ་ཞལ་གོང་དང་འདྲ་ལ་གཡས་གཡོན་གཉིས་མཐིང་ནག་ཕྱག་གཡས་པར་རུས་ཕྲེང་། ཕྱག་གཡོན་གྱི་འོག་མར་རྩེ་གསུམ་འཛིན་པ་དང་། ཡང་འོག་མ་གཉིས་རྩེ་གསུམ་དང་མདུང་འཛིན་པ་དང་། གཡས་གཉིས་གྲི་གུག་དང་རྩེ་གསུམ་གཡོན་གཉིས་ཐོད་པ་དང་། བུམ་པ་འཛིན་པ་ཡིན།དེ་བཞིན་མགོན་པོ་གཞན་རྣམས་ཀྱང་དེ་དང་མི་འདྲའོ། ། uu6རྗེ་ཙོང་ཁ་པའི་དྲ་བ།
        འདིའི་སྙན་བརྒྱུད་ནི་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་རྒྱ་གར་ནས་གསན་ཞིང་། ཁོང་གི་མདུན་ནས་ཐུགས་སྲས་ཁའུ་དར་མ་རྒྱལ་མཚན་གྱིས་གསན། དེ་ལས་ས་ཆེན་ཀུན་དགའ་སྙིང་བོས་གསན། དེ་ནས་བཟུང་དཔལ་ལྡན་ས་སྐྱ་བ་རྣམས་ཀྱི་སྲུང་མའི་གཙོ་བོ་གུར་མགོན་ལ་མགོན་པོ་ཆེ་བ་དང་། ཞལ་བཞི་པ་འདི་ལ་མགོན་པོ་ཆུང་བ་ཞེས་ཐོགས། དགེ་ལུགས་པའི་ཕྱོགས་ལ་རྗེ་དགེ་འདུན་གྲུབ་ཀྱི་སྐུ་དུས་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མའི་གཙོ་བོར་གྱུར་བ་ཡིན།uu6རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K