མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྣམ་ཐོས་སྲས།

ཡོང་ཁུངས།   དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད།     སྤེལ་དུས།  2014-09-26 11:49:28         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        རྒྱལ་ཆེན་རྣམ་ཐོས་སྲས་ནི་རི་རབ་བྱང་ངོས་ཀྱི་ཕོ་བྲང་ལྕང་ལོ་ཅན་དུ་བཞུགས་ཤིང་བྱང་གི་ཕྱོགས་སྐྱོང་ཡིན་ལ། བསོད་ནམས་ཀྱིས་ཕྱུག་ཅིང་སྐྱེ་འགྲོ་ཀུན་གྱི་ནོར་་གྱི་བདག་པོ་ཡིན། སྔོན་སྟོན་པ་འཚང་རྒྱ་བའི་ཚུལ་མཛད་དུས་ལྷ་འདིས་སྟོན་པའི་ཞབས་དྲུང་དུ་ཇི་སྲིད་བར་དུ་སངས་རྒྱས་ཀྱི་བསྟན་པ་སྲུང་བར་དམ་བཅས་པར་གསུངས།fIXརྗེ་ཙོང་ཁ་པའི་དྲ་བ།
        རྒྱལ་ཆེན་འདིའི་སྐུ་མདོག་སེར་པོ་ཡིན་ཞིང་། དབུ་ལ་རིན་ཆེན་ཅོད་པཎ་འཆིང་བ་དང་། ཕྱག་གཡས་པར་གདུགས་དང་གཡས་གཡོན་དུ་ཉི་ཟླ་ཟུང་གིས་བརྒྱན་ཅིང་སེང་གེ་དཀར་མོའི་སྟེང་དུ་བཞུགས། རྒྱལ་ཆེན་འདི་ཉིད་ལྷའི་རིན་པོ་ཆེའི་བང་མཛོད་ཀྱི་བདག་པོ་ཡིན་ལ།འདིའི་འཁོར་ནོར་ལྷ་བརྒྱད་ཀྱིས་ཕྱོགས་མཚམས་བརྒྱད་ཀྱི་ལྷའི་བང་མཛོད་བདག་གིར་མཛད། སངས་རྒྱས་བསྟན་པའི་རྗེས་ཞུགས་རྣམས་ལ་འབྱོར་བ་སྤེལ། དེ་དག་ཕོངས་པ་ལས་སྒྲོལ་བར་གསུངས།fIXརྗེ་ཙོང་ཁ་པའི་དྲ་བ།
         འདིའི་སྙན་བརྒྱུད་ཐོག་མར་བཅོམ་ལྡན་འདས་ཀྱིས་དཔལ་ཕྱག་ན་རྡོ་རྗེར་གནང་། དེ་ལས་སྤྱོད་མཛད་ཆོས་རྡོ་རྗེས་གདམས་པ་ཡོངས་སུ་རྫོགས་པ་གསན། དེ་ལས་ཟངས་དཀར་ལོ་ཙཱ་བ་དང་།དེ་ལས་གཡོར་བོ་ཇོ་སྟོན་དང་། དེ་ལས་བླ་མ་བསོད་ནམས་རིན་ཆེན་གྱིས་བུམ་པ་གང་བྱོའི་ཚུལ་དུ་གསན། དེ་ནས་རིམ་བཞིན་བརྒྱུད་དེ་བུ་སྟོན་ལ་ཐུག དེ་ལས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་གསན། འདིའི་མདུན་ནས་མཁན་ཆེན་གྲགས་པ་རྒྱལ་མཚན་དང་། དེ་ལས་མཁན་ཆེན་ཡེ་ཤེས་རྒྱ་མཚོ། དེ་ལས་རྗེ་བཙུན་གྲགས་པ་བསམ་གྲུབ་ཀྱིས་གསན། དེ་ནས་རིམ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་གསན་བཞེས་གནང་སྟེ་དར་སྤེལ་མཛད་པ་རེད།fIXརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K