མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ལྷ་མོའི་བསྐང་གསོ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-01-29 16:36:53         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

༄༅། །འདོད་ཁམས་དབང་ཕྱུག་མ་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག་ཚོགས་མཆོད་མངའ་གསོལ་བཅས་བཞུགས་སོ༎lhMརྗེ་ཙོང་ཁ་པའི་དྲ་བ།

མངོན་རྟོགས།lhMརྗེ་ཙོང་ཁ་པའི་དྲ་བ།

༄༅༅། འདིར་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ལྷ་མོ་དབྱངས་ཅན་མ་དྲག་མོའི་སྐུར་བསྟན་པ། དཔལ་ལྡན་དམག་ཟོར་རྒྱལ་མོའིསྒྲུབ་ཐབས་ངག་ཏུ་འདོན་བདེ་གཙོ་བོར་བྱས་ཏེ་བརྗོད་པར་བྱའོ། །དེ་ལ་ཐོག་མར། མཆོད་གཏོར་སྤྱི་ལྟར་བྱིན་གྱིས་བརླབ། དེ་ནས་ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། བྷྱོཿ རཀྨོ་བྷྱོ་རཀྨོ་བྷྱོ་བྷྱོ་རཀྨོ་ཐུན་བྷྱོ་ཁ་ལ་རཀ་ཆེན་མོ་རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པ་ལན་གསུམ་བཟླས་པའི་རྗེས་སུ། ཧྲཱིཿཥྚྲིཿས་བསངས། སྭ་བྷཱ་ལྦས་སྟོང་པར་སྦྱང། སྟོང་པའི་ངང་ལས། རང་གི་མདུན་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་དབུས་སུ། རླུང་ནག་འཚུབ་མའི་གུར་གྱི་ནང་དུ། དྲེའུ་རྐྱང་སེར་གྭ་པ་སྲིན་པོའི་ཐོད་པའི་སྒ་དང་པགས་པས་གཡོགས་ཤིང་། གོང་རྨེད་དང་སྲབ་མཐུར་གདུག་པའི་སྦྲུལ་ལས་བྱས་པ། དེའི་སྟེང་དུ་བྷྱོཿལས་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏཱི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་རྡོ་རྗེས་མཚན་པའི་བེ་ཅོན་དམ་ཉམས་ཀྱི་ཀླད་ལ་འཕྱར་ཤིང་། གཡོན་ཐུན་དང་ཁྲག་གི་གང་བའི་ནལ་ཐོད་ཐུགས་ཀར་འཛིན་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་ནས་མི་རོ་རངས་པོ་ཟ་ཞིང་ཨ་ལ་ལའི་གད་མོ་འབྲུག་ལྟར་སྒྲོགས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ་གློག་ལྟར་འཁྱུག་ཅིང་ཁྲོ་གཉེར་ཤིན་ཏུ་སྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། སྙན་གཡས་ལ་སེང་གེ་དང་། གཡོན་ལ་སྦྲུལ་གྱི་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཁྲག་གི་ཐེག་ལེ་དང་ཞག་གི་སོར་རིས་དང་། ཐལ་ཆེན་གྱི་ཚོམ་བུས་བྱུགས་ཤིང་། སྤྱི་བོར་ཟླ་བ་དང་། ལྟེ་བར་ཉི་མའི་དཀྱིལ་འཁོར་འཆར་བ། དར་ནག་གི་ལྷབ་ལྷུབ་དང་། མི་ལྤགས་ཀྱི་གཡང་གཞི་དང་། རེ་བ་ནག་པོས་སྟོད་གཡོགས་ཤིང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་སྦྲུལ་ཉིས་གཤིབས་ཀྱི་སྐ་རགས་བྱས་པ། སྒའི་སྔ་ཤ་ལ་ནད་རྒྱལ་དང་། ཚོན་གྱི་གྲུ་གུ་ཕྱི་ཤ་ལ་འཕྱང་ཞིང་། ཁྲམ་ཤིང་སྐེད་ལ་གཟེར་བ། བྱང་དམར་གྱི་ཁྲེས་པོ་དང་། ཤོ་རྡེའུ་དཀར་ནག་྄སྔ་ཤ་ལ་འཕྱང་ཞིང་། དབུ་ལ་རྨ་བྱའི་གདུག་ཕུབ་པ། དེའི་འཁོར་དུ་དུས་བཞིའི་ལྷ་མོ་དང་། མ་མོ་དང་། བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། ཞིང་སྐྱོང་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། མིའམ་ཅི་དང་། ལྟོ་ཕྱེ་ཆེན་པོ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ། ཕྱག་གཡས་ན་རྡོ་རྗེ་དང་། གྲི་གུག་དང་། རལ་གྲི་དང་། དགྲ་སྟ་དང་། མདུང་དང་། ལྕགས་ཀྱུ་དང་། ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་འཕྱར་ཞིང་། གཡོན་ཐམས་ཅད་ཐོད་པ་གདུག་པའི་ཁྲག་གི་གང་བ་འཛིན་པའི་གཙོ་འཁོར་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ། ལྟེ་བར་སཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེེར་འཕྲོས་པས་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས་རྒྱལ་བའི་བསྟན་བསྲུང་ཀུན་གྱི་གཙོ་མོ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏཱི་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། སྤོས་སྦྱོར་བསྲེག །རོལ་མོའི་དབྱངས་དང་བཅས་པས། lhMརྗེ་ཙོང་ཁ་པའི་དྲ་བ།
སྤྱན་འདྲེན།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། །དམག་ཟོར་བསྟན་པའི་བྱ་ར་མ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་མ། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཁྱོད་ཀྱི་བརྟེན་པའི་གནས་བཅས་པ། །འདི་ནས་བྱང་ཤར་མཚམས་ཤེད་ན། །རྩ་ཆུ་ཤིང་སོགས་མེད་པ་ཡི༑ ༑ལུང་མང་བརྒལ་བའི་ཕ་རོལ་ན། །བྱང་ཐང་དམར་པོ་སྐྱོ་བྱེད་ན། །བྱང་ལམ་དམར་པོ་གྱ་མ་གྱུ། །བྱང་རི་དམར་པོ་རྔམས་ཤིང་འཇིགས། །གཅན་གཟན་མང་པོ་འདུར་རྒྱུག་བྱེད། །འདྲེ་བྱ་སྣ་ཚོགས་སྐད་སྒྲོག་ཅིང་། །གནམ་ལྕགས་སེར་ཆེན་ཤར་ར་ར། །དུང་གི་བུ་ཡུག་ཁྱིལ་ལི་ལི། །མུ་ལི་དིང་གི་མཚོ་ནང་ན། །བསེ་མཁར་སྨུག་པོ་གྲུ་བཞི་པ། །ཟུར་བཞི་སྨུག་པོའི་མཆོང་ལས་བྱས། །ཁ་པད་སྔོན་པོའི་གཡུ་ལས་བྱས། །རྨང་གཞི་ནག་པོའི་ལྕགས་ལས་བྱས། །མི་རོ་རྟ་རོ་བཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་མེར། །མ་མོ་འབུམ་དང་ཤ་ཟ་སྟོང་། །ཁྲག་འཐུང་བྱེ་བའི་ཚོགས་འཁོར་རྒྱས།། གཞལ་ཡས་དེ་ཡི་ནང་ནང་གཤེད་ན། །མ་མོ་ཀུན་གྱི་བདག་མོ་བཞུགས། །བྷྱོཿསྔོན་གྱི་གནས་མཆོག་དམ་པ་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །རྡོ་རྗེ་འཆང་གི་མཚན་བཏགས་པ། །དམག་དང་ཟོར་གྱི་ལས་ལ་གྱེས། །དམག་ཟོར་རྒྱལ་མོ་གཤེགས་སུ་གསོལ། །འདིར་གཤེགས་× དམ་ཉམས་དགྲ་བགེགས× ཕྱག་ན་རྡོ་རྗེས་མཚན་བཏགས་པ། །གནོད་སྦྱིན་བཤན་ནག་རེ་མ་ཏཱི། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × རྟ་མགྲིན་རྒྱལ་པོས་མཚན་བཏགས་པ། །གློག་མ་སྤྲིན་སྡེ་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × དབང་ཕྱུག་ཆེན་པོས་མཚན་བཏགས་པ། །སྦས་པ་ཐལ་མདོག་གཤེགས་སུ་གསོལ། །འདིར་གཤེགས་ × དམ་ཉམས་དགྲ་བགེགས × ན་ལ་རྩེ་ཡིས་མཚན་བཏགས་པ། །མི་ཕམ་ཁྲོ་གཉེར་གཤེགས་སུ་གསོལ།། འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × བདུད་མོ་དབང་མེད་མཚན་བཏགས་པ། །ཡ་མཚན་འཕྲུལ་གྱི་གཤོག་པ་ཅན། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × རེ་ལྡེ་འགོང་ཡག་མཚན་བཏགས་པ། །སྲིད་གསུམ་བློ་འཕྲོག་གཤེགས་སུ་གསོལ། །དིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས ×དུང་སྐྱོང་རྒྱལ་མོས་མཚན་བཏགས་པ། །གཤེན་རྗེ་དམར་འདབ་ཕུར་པའི་ལྷ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × ཨེ་ཀ་ཛ་ཊིས་མཚན་བཏགས་པ། །ཡཀྵ་ནག་མོ་རེ་མ་ཏཱི། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × བྷྱོཿ རྒྱ་གར་ཡུལ་ན་བཞུགས་ཙ་ན། །མ་མོ་ལྦ་ཤཾ་ཀུ་རུ་མ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × ཧོར་གྱི་ཡུལ་ན་བཞུགས་ཙ་ན། །ཧོར་མོ་གཉན་གྱི་སྤུན་དགུའི་གཙོ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × མོན་གྱི་ཡུལ་དུ་བཞུགས་ཙ་ན། །མོན་མོ་སྤྱི་རིང་ལན་བྲན་མ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × རྒྱ་ནག་ཡུལ་ན་བཞུགས་ཙ་ན། །རྒྱ་མོ་སྔོན་མོ་མགྲིན་བཟང་མ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས ×བོད་ཀྱི་ཡུལ་ན་བཞུགས་ཙ་ན། །མ་གཅིག་དཔལ་ལྡན་ཨ་ཕྱི་མ། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × བར་སྣང་ཁམས་ན་བཞུགས་ཙ་ན། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །སྤྱན་འདྲེན × འདིར་གཤེགས་རྟེན་ལ ×དམ་ཉམས་དགྲ་བགེགས × སངས་རྒྱས་བསྟན་པ་བསྲུང་ཙ་ན། །དཔལ་ལྡན་གཉན་གྱི་རེ་མ་ཏཱི། །སྤྱན་འདྲེན × འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × བདུད་ཀྱི་ཡུལ་ལ་གཤེན་རྗེའི་ལྕམ། །བསྟན་སྐྱོང་རྒྱལ་མོ་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ × དམ་ཉམས་དགྲ་བགེགས × བྷྱོཿ ལྷ་ཡི་གཙོ་མོ་མཛད་ཙ་ན། །བརྒྱ་བྱིན་སྲས་མོ་ཨུ་མ་དེ། །ལྷ་བྲན་མང་པོའི་འཁོར་དང་བཅས། །སུམ་ཅུ་རྩ་གསུམ་གནས་ནས་གཤེགས། །འདིར་གཤེགས་ × དམ་ཉམས་× ཀླུ་ཡི་གཙོ་མོ་མཛད་ཙ་ན། །གཙུག་ནའི་བུ་མོ་ནོར་འཛིན་མ། །ཀླུ་བྲན་མང་པོའི་འཁོར་དང་བཅས། །རོལ་མཚོ་བདུན་གྱི་གནས་ནས་གཤེགས། །འདིར་གཤེགས་ × དམ་ཉམས་ × གནོད་སྦྱིན་གཙོ་མོ་མཛད་ཙ་ན། །གང་བཟང་བུ་མོ་གཟི་ལེགས་མ། །གནོད་སྦྱིན་མང་པོའི་འཁོར་དང་བཅས། །བྱ་དཀར་ཅན་གྱི་གནས་ནས་གཤེགས། །འདིར་གཤེགས་ × དམ་ཉམས་ × བདུད་ཀྱི་གཙོ་མོ་མཛད་ཙ་ན། །འགོང་ཡག་སྲས་མོ་དྲི་ལྡན་མ། །བདུད་ཕྲུག་མང་པོའི་འཁོར་དང་བཅས། །བདུད་མཁར་རྩེ་དགུའི་གནས་ནས་གཤེགས། །འདིར་གཤེགས་ × དམ་ཉམས་ × སྲིན་པོའི་གཙོ་མོ་མཛད་ཙ་ན། །ཞབས་ལ་ལྕགས་སྒྲོག་རྒྱན་དུ་བྱས། །སྲིན་པོ་མང་པོའི་འཁོར་དང་བཅས། །ལངྐ་མགྲིན་བཅུའི་གནས་ནས་གཤེགས། །འདིར་གཤེགས་ × དམ་ཉམས་ × གཤིན་རྗེའི་གཙོ་མོ་མཛད་ཙ་ན། །མི་ཟད་ནག་མོ་དྲག་ཤུལ་ཅན། །གཤིན་རྗེ་མང་པོའི་འཁོར་དང་བཅས། །ལྕགས་མཁར་སྒོ་མེད་གནས་གཤེགས། །འདིར་གཤེགས་ × དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །བྷྱོཿ མིང་བརྒྱ་མ་ལ་མཚན་སྟོང་མ། །མཚན་ནས་འབོད་ཀྱི་གཤེགས་སུ་གསོལ། །རྡོ་རྗེ་འཆང་སོགས་བླ་མ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཅས་བཞིན། །ད་ལྟ་རྣལ་འབྱོར་བདག་བསྐུལ་གྱིས། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །དཔོན་སློབ་སྡེ་དང་བཅས་པ་རྣམས། །ལྷ་མོ་ཁྱོད་ལ་གཉེར་དུ་གཏད། །བཅོལ་ལོ་བལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག།མཚན་གསུམ་མེལ་ཚེ་མ་གཡེལ་ཞིག།རྒྱུན་དུ་ལྷ་མོ་ཁྱོད་བསྟེན་ནོ། །བསྟེན་པའི་ཚེ་ན་སྙིང་མ་རིང་། །རྒྱུན་དུ་ལྷ་མོ་ཁྱོད་འབོད་དོ། །བོས་པའི་ཚེ་ན་སྙན་མ་སྲ། །རྒྱུན་དུ་ལྷ་མོ་ཁྱོད་གཡབ་བོ། །གཡབས་པའི་ཚེ་ན་སྤྱན་མ་རྟུལ། །རྒྱུན་དུ་ལྷ་མོ་ཁྱོད་བསྐུལ་ལོ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྒྱུན་དུ་ལྷ་མོ་ཁྱོད་རྦད་དོ། །རྦད་པའི་ཚེ་ན་མཐུ་མ་ཆུང་། ། བྷྱོཿཞིང་ཆེན་ལ་སོགས་གོས་ཀྱི་གཡབ་བཏང་ཡང་།།གཟིགས་པ་ལྟར་ཡང་མ་གཅིག་མི་མཛད་ན།།དཔལ་ལྡན་ལྷ་མོ་ཁྱོད་ནི་སྤྱན་རེ་རྟུལ།།དར་ནག་གཡབ་མོས་གཡབ་ཀྱིས་ད་ཚུར་སྤྱོན།།རྐང་གླིང་ལ་སོགས་སྙན་པའི་སྒྲ་བསྒྲགས་ཀྱང་།།གསན་པ་ལྟར་ཡང་མ་གཅིག་མི་མཛད་ན།།དཔལ་ལྡན་ལྷ་མོ་ཁྱོད་ནི་སྙན་རེ་སྲ།།མི་རྐང་གླིང་བུ་འབུད་ཀྱིས་ད་ཚུར་སྤྱོན།།ཚིལ་ཆེན་ལ་སོགས་སྤོས་ཀྱི་དུད་བཏང་ཡང་།།སྣོམ་པ་ཙམ་ཡང་མ་གཅིག་མི་མཛད་ན།།དཔལ་ལྡན་ལྷ་མོ་ཁྱོད་ནི་ཤངས་རེ་རྟུལ།།གསུར་ཆེན་དུད་པ་འཐུལ་གྱིས་ད་ཚུར་སྤྱོན། །དམར་ཆེན་ལ་སོགས་གཏོར་མའི་ཚོགས་རྣམས་ཀྱང་། །མྱངས་པ་ཙམ་ཡང་མ་ཅིག་མི་མཛད་ན། །དཔལ་ལྡན་ལྷ་མོ་ཁྱོད་ནི་ལྗགས་རེ་བརྟུལ། དམ་རྫས་གཏོར་མ་འབུལ་གྱི་ད་ཚུར་སྦྱོན། །དམ་ཉམས་དགྲ་བགེགས་སྒྲོལ་ཞེས་ལས་བཅོལ་ཡང་།།དགོངས་པ་ལྟར་ཡང་མ་གཅིག་མི་མཛད་ན།།དཔལ་ལྡན་ལྷ་མོ་ཁྱོད་ནིཐུགས་རེ་གཡེལ།།ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ།།བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་ཟླ་འབར་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན༑ ༑འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཐུགས་དམ་དུས་བབ་ད་ཚུར་སྤྱོན། །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོའི་གཙོ་མོ་དྲེ་རྟ་ཆིབས། །འདིར་སྤྱོན་དྲེ་རྟའི་གདན་ལ་བཞུགས། །ཛཿཧཱུཾ་བཾ་ཧོཿ ཟ་བྱེད་ནག་མོ་མཆེ་བ་ཅན། །རྒོད་བྱེད་ཧ་ཧ་ནག་མོ་ཁྱོད། །གསོད་ལ་དགའ་བར་བྱེད་པ་མོ། །བདག་ནི་བརྡ་ཡི་ཕྱག་བགྱིད་དོ། །lhMརྗེ་ཙོང་ཁ་པའི་དྲ་བ།
དཀྱུས་མ་ལ་ནི་གོང་གི་ཤོ་ལོ་ཀ་གཉིས་བཞག་ནས །།སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང་། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །lhMརྗེ་ཙོང་ཁ་པའི་དྲ་བ།
ཞེས་ཕྱག་བྱ།རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་གང་དྲི་མ་དག། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་རྒྱན་པར་གྱུར། ༈ རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བལ་བོད་གཉིས་ཀྱི་མཚམས་གངས་རྒྱལ་མོ་མཐོན་མཐིང་གི་ཕོ་བྲང་ནས། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་དང་བཅས་པ་སྤྱན་དྲངས། ཨོཾ་སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་བར། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་བཅས། །རྣམ་མང་འཁོར་ཚོགས་དང་བཅས་གནས་འདི་རུ། །ཚུར་སྤྱོན་ཚུར་སྤྱོན་མྱུར་དུ་གཤེགས་སུ་གསོལ། །ཨེ་ཨཱ་ར་ལི་ཧཱུཾ། མ་མ་མེ་མེ་ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། སྲིང་འགྲོ་མ་ཨཱ་ཀརྵ་ཡ་ཛཿ དར་དཀར་གྱི་གུར་འཇའ་འོད་འཁྱིལ་བའི་དབུས་ན་བཞུགས་པར་གྱུར། lhMརྗེ་ཙོང་ཁ་པའི་དྲ་བ།
མཆོད་པ།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ བདག་གི་དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས། །ལེགས་པར་བྱུང་བའི་མཆོད་ཚོགས་མཐའ་ཡས་པ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་ཕུལ། །བཞེས་ནས་བསྟན་དགྲ་མ་ལུས་བརླགས་པར་མཛོད། །ཨོཾ་ཀ་ལི་དི་ལྦཱི་ས་པ་རི་ལྦཱ་ར་ཨརྒྷཾ། པཱདྱཾ། པུ་ཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ་། ནཻ་ལྦི་དྱེ། ཤཔྟ།པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། དེ་བཞིན་དུ། རཱུ་པ། ཤ་པྟ། གནྡྷེ། ར་ས། སྤ་རྴ། བྷྱོཿ དགྲ་བགེགས་སྙིང་ཁྲག་ལ་སོགས་འཁྱིལ་བ་ཡི།།དམར་ཆེན་ཁྲག་གི་རྒྱ་མཚོའི་མཆོད་ཡོན་འདི།།འདོད་ཁམས་དབང་ཕྱུག་འཁོར་དང་བཅས་ལ་འབུལ།།འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད།། མིག་ལྕེ་རྣ་བ་སྣ་དང་སྙིང་གི་ཚོགས།།སྤུངས་པའི་དགྲ་བགེགས་དབང་པོའི་མེ་ཏོག་འདི།།× × ཤ་ཆེན་ཚིལ་ཆེན་གུ་གུལ་ལ་སོགས་པ།།སྦྱར་བའི་འདུག་སྤོས་ནམ་མཁའི་ཁྱོན་གང་འདི × × ཚིལ་དང་རྐང་དམར་ཞག་མཚོར་འཁྱིལ་བའི་དབུས།།རོ་སྐྲའི་སྡོང་བུ་ལ་འབར་མར་མེ་འདི × × རཀྟའི་རྦ་ཀློང་ཆ་ཆིལ་འཁྲུག་པ་ལ།།ཞག་གི་སྤྲི་མ་ཆགས་པའི་དྲི་ཆབ་འདི × × འབྲུ་སྣ་ལྔ་དང་ཤ་ཁྲག་རུས་པ་ཡི།།ཕུང་པོར་སྤུངས་པའི་ཞལ་ཟས་དམ་པ་འདི × × མི་རྐང་གླིང་བུ་རྫ་རྔ་བསིལ་སྙན་སོགས།།སྙན་བརྗིད་སྣ་ཚོགས་རོལ་མོའི་མཆོད་པ་འདི × × ཨོཾ་ཀ་ལི་དི་ལྦཱི་ས་པ་རི་ལྦཱ་ར་ཨརྒྷཾ། པུ་ཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ་། ནཻ་ལྦི་དྱེ། ཤཔྟ།པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ།lhMརྗེ་ཙོང་ཁ་པའི་དྲ་བ།

ནང་མཆོད།lhMརྗེ་ཙོང་ཁ་པའི་དྲ་བ།

ཨོཾ་མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི ཞེས་པ་ནས་ དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱ་ཧཱུཾ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ × །ཨཱ་ཙ་རྱ་དམར་པོའི་ཞལ་དུ × ལྕེ་འབྱུང་གནས་བཟང་པོའི་ཞལ་དུ × སྣུབས་རྒྱལ་བ་ཡེ་ཤེས་ཀྱི་ཞལ་དུ × ཞང་པྲཛྙཱ་གུ་རུའི་ཞལ་དུ × སྲས་སཾ་གྷ་བྷ་དྲའི་ཞལ་དུ × སྲས་འོད་པོ་ཆེའི་ཞལ་དུ × སྲས་རྡོ་རྗེ་རྩེ་མོའི་ཞལ × ཞང་དིང་རི་བ་ཉི་མ་འོད་ཀྱི × བསྟན་བཟང་པ་རིན་ཆེན་རྣམ་རྒྱལ་གྱི × བསམ་གླིང་པ་རིན་པོ་ཆེ་སངས་རྒྱས་འབྱུང་བའི × འཇམ་དབྱངས་འཁོན་སྟོན་གྱི × བྱང་སེམས་རིན་ཆེན་མགོན་གྱི × བླ་མ་ཉི་མ་བཤེས་གཉེན་གྱི་ཞལ་དུ × རྟོག་གེ་པ་ནམ་མཁའ་རྡོ་རྗེའི་ཞལ་དུ × འཇམ་དབྱངས་དཀར་པོ་དཔལ་ལྡན་རྡོ་རྗེའི་ཞལ་དུ × རིན་པོ་ཆེ་ཆོས་བཟང་པོའི་ཞལ་དུ × ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞལ་དུ × རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ × ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་དུ × སློབ་དཔོན་ཆོས་གྲགས་འོད་ཟེར་གྱི་ཞལ་དུ × ཆོས་རྗེ་ནམ་མཁའ་བཟང་པོའི་ཞལ་དུ × རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་གྱི་ཞལ་དུ × འཇམ་དབྱངས་དཔལ་འབྱོར་འཕྲིན་ལས་ཀྱི་ཞལ་དུ × ཁྱབ་བདག་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཞལ་དུ × རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་དབང་ཟིལ་གནོན་བཞད་པ་རྩལ་གྱི་ཞལ་དུ × གནས་བརྟན་འཇམ་དབྱངས་གྲགས་པའི་ཞལ་དུ × མཁས་མཆོག་བློ་བཟང་ཤེས་རབ་ཀྱི་ཞལ་དུ × མཁས་གྲུབ་བདེ་བའི་རྡོ་རྗེའི་ཞལ་དུ་ × ཡེ་རྟོགས་དགེ་འདུན་རྒྱ་མཚོའི་ཞལ་དུ × དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་དུ × ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་ཞལ་དུ × ཁྱབ་བདག་འཁོར་ལོའི་མགོན་པོ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞལ་དུ × སྔགས་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར་གྱི་ཞལ་དུ × རྗེ་བཙུན་བློ་བཟང་བསྟན་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ × སྐྱབས་གནས་ཀུན་འདུས་རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་ཞལ་དུ × སྐྱབས་ཀུན་འདུས་ཞལ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་བསྟན་འཛིན་དབང་རྒྱལ་དཔལ་བཟང་པོའི་ཞལ་དུ × རྡོ་རྗེ་འཆང་ཆེན་པོ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོའི་ཞལ་དུ × རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་དུ × རྡོ་རྗེ་འཆང་ཆེན་པོ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའིཞལ་དུ × གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བྷྱོཿ ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བྱིན་གྱིས་བརླབས་པའི་ནང་མཆོད་འདི། །དམག་ཟོར་ལྷ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀཱ་ལི་དི་ལྦཱི་ས་པ་རི་ལྦཱ་ར་མཧཱ་པཉྩ་ཨ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆུ་དང་མ་འདྲེས་དྭངས་མའི་ཁྲག །དྭངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་ལྷ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀཱ་ལི་དི་ལྦཱི་ས་པ་རི་ལྦཱ་ར་མཧཱ་རཀྟ་ཨ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་ བསམ་ལ་ ཨོཾ་ཀཱ་ལི་དེ་ལྦཱི་ས་པ་རི་ལྦཱ་ར་སརྦ་བིགྷྣན་ཤཱ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་ཉེར་གཅིག་གིས་འབུལ། སྐབས་འདིར་མ་གཅིག་དཔལ་ལྷ་དང་། ཚེ་རིང་མཆེད་ལྔ་བསྟན་མ་དང་བཅས་པ་ལ་གཏོར་མ་འབུལ་བར་འདོད་ན། ཨོཾ་ཤྲཱི་དེ་ལྦཱི་ས་པ་རི་ལྦཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།གསུམ་གྱི་དཔལ་ལྷ་དང་། ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནི་མ་མ་པཉྩ་སིདྡྷི་ཛྙཱ་ན་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་གྱི་ཚེ་རིང་མཆེད་ལྔ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨ་ཎཱཾ་ཨདྱ་ནུད་པནྣ་ཏྭད་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་ལ་སོགས་པས་བསྟན་མ་བཅུ་གཉིས་དང་འཁོར་སྤྱི་ལ་འབུལ། དེ་ནས། ཨོཾ་ཀཱ་ལི་དི་ལྦཱི་ས་པ་རི་ལྦཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་མཆོད།ཨོཾ་ཀཱ་ལི་དི་ལྦཱི་ས་པ་རི་ལྦཱ་ར་ཨོཾ་ཨཱཿཧཱུཾ།ཨོཾ་ཤྲཱི་དེ་ལྦཱི་ས་པ་རི་ལྦཱ་ར་ཨོཾ་ཨཱཿཧཱུཾ། ཚེ་རིང་མཆེད་ལྔ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་འབུལ་དེ་ནས།lhMརྗེ་ཙོང་ཁ་པའི་དྲ་བ།
ཡན་ལག་བདུན་པ།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཁྱོད་ནི་བདག་ནི་མཆོད་པས་མ་བསྒྲིབ་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་དཔང་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་ཉེས་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་གསུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པའི་སྤྲོ་བ་ནི༐ ༐རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །ཡང་དག་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་དང་བཟང་མོ་འཇིགས་པའི་ཆ་བྱད་ཅན། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་སྟོན་བསྟན་དུ་གསོལ། །དེ་ལྟར་ཡང་དག་ལྡན་པའི་སྐུ་མཆོག་ནི། །འགྲོ་བའི་དོན་དང་བསྟན་པ་བསྲུང་བྱའི་ཕྱིར། །ནམ་མཁའ་ཟད་པ་མ་གྱུར་བར་དུ་ཡང་། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དེ་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ།། lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
བཤགས་པ།lhMརྗེ་ཙོང་ཁ་པའི་དྲ་བ།

རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་ཐིང་གསུམ་བྱུང་རང་དང་ལྷ་མོའི་གནས་གསུམ་དུ་ཐིམ་པས། རང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དང་ལྷ་མོའི་སྐུ་གསུང་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཉེར་གཅིག་བཟླ། དེ་ནས།lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱཽཿ རྡོ་རྗེ་འཆང་དང་ལྭ་བ་དམར་པོ་སོགས། །རྩ་བ་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །སངས་རྒྱས་དངོས་ཀྱི་བླ་མ་ཁྱེད་རྣམས་ལ། །མ་རིག་དབང་གིས་ལོག་ལྟ་བགྱིས་རྣམས་བཤགས། །བདག་ཅག་གསང་སྔགས་ཐེག་པའི་རྒྱ་མཚོ་ཆེར། །བཤེས་གཉེན་དེད་དཔོན་བཀའ་དྲིན་ལ་བརྟེན་ནས། །སྐུ་གསུམ་ནོར་བུ་ལེན་ལ་རབ་བཞུགས་ཏེ། །དེ་ཡི་གེགས་གྱུར་དམ་ཚིག་ཉམ་ཆག་བཤགས། །མ་ཉམས་ཁྱད་པར་འཕགས་པའི་དམ་རྫས་དང༌། །རྩེ་གཅིག་མོས་པའི་གདུང་ཤུགས་དྲག་པོ་ཡིས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཟླས་སྒྲུབ་ཚུལ་བཞིན་མ་བྱས་མཐོལ་ལོ་བཤགས། །བདག་ནི་སྔོན་ཆད་མ་རིག་དབང་གྱུར་བས། །སྒོ་གསུམ་སྒོ་ནས་ཉེས་ཚོགས་ཅི་བགྱིས་པ། །སྐུ་གསུམ་ལྷུན་གྲུབ་ཁྱོད་ཀྱི་སྤྱན་སྔ་རུ། །ལུས་ངག་ཡིད་གསུམ་བསམ་པ་ཐག་པས་བཤགས། །ཐུགས་རྗེའི་གཏེར་གྱུར་ལྷ་མོ་འཁོར་བཅས་ཀྱིས། །སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །རྣལ་འབྱོར་བདག་ཅག་གཡེལ་མེད་བསྐྱངས་པ་ལ། །གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །བླ་མའི་སྐུ་དགྲ་སངས་རྒྱས་བསྟན་པའི་དགྲ །བསྟན་འཛིན་རྣམས་དང་སྐྱེ་འགྲོ་ཡོངས་ལ་འཚེ།།དམ་ཉམས་སྡིག་ཅན་དགྲ་བགེགས་དེ་དག་ལ། །དབང་བསྐུར་བྱམས་ཀྱིས་བསྐྱངས་པ་མཐོལ་ལོ་བཤགས། །མདོར་ན་བདག་ཅག་མ་རིག་དབང་གྱུར་པས། །མཆོད་རྫས་དམ་ཉམས་རྫས་ཀྱིས་སྦགས་པ་སོགས། །ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བགྱིས་པ། །ཐམས་ཅད་བསམ་པ་ཐག་པས་མཐོལ་ལོ་བཤགས། །བཤགས་དང་བཤགས་བྱ་བདེན་པར་མི་དམིགས་ཀྱང༌། །བདེན་འཛིན་རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཤགས་པས་ཉམས་སྒྲིབ་མ་ལུས་བྱང་གྱུར་ཅིག།ཅེས་གདུང་ཤུགས་དྲག་པོས་བཤགས་པར་བྱ།lhMརྗེ་ཙོང་ཁ་པའི་དྲ་བ།

lhMརྗེ་ཙོང་ཁ་པའི་དྲ་བ།
བསྐང་།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ གང་ཤར་བདེ་སྡོང་མཆོག་གི་རོལ་པར་ནི། །འཆར་བའི་ཏིང་འཛིན་པིར་གྱི་མཆོད་པའི་སྤྲིན། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ། །འདོད་ཁམས་དབང་ཕྱུག་འཁོར་བཅས་མཆོད་པར་བགྱི། །གདུག་ཅན་སྙིང་གི་ཁུ་བ་ལས་བྱུང་བའི། །ཁྲག་གི་རྒྱ་མཚོ་སྟོང་གསུམ་ཁྱོན་གང་བ། །ཆལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ། །དམར་སེར་ལྦུ་བས་གཡོགས་པས་མཆོད་ཡོན་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་། །གདུག་པའི་འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ཤིང་ཉམས་ཆག་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། །ལྷ་རྫས་མེ་ཏོག་ཚོགས་ཀྱིས་ནམ་མཁའ་གང་། །ཡིད་འོང་ཆུ་སྐྱེས་སྣ་ཚོགས་འཛིན་མའི་རྒྱན། །དགྲ་བགེགས་མིག་དང་རྣ་བ་ལྕེ་ལ་སོགས། །དབང་པོའི་མེ་ཏོག་ཕང་ཕུང་ཆགས་པ་འདིས། །དཔལ་ལྡན × དུས་མཐའི་བསྲེག་ཟ་དང་མཚུངས་རོ་སོལ་མེར། །ཚིལ་ཆེན་གུ་གུལ་བསྲེགས་པའི་དུ་བའི་ཚོགས། །དབྱར་སྐྱེས་ཆུ་འཛིན་སྔོན་པོའི་ཕྲེང་བ་བཞིན། །ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བ་འདིས། །དཔལ་ལྡན × ཚིལ་ཆེན་ཞུན་མར་རྒྱ་མཚོར་འཁྱིལ་བའི་དབུས། །རི་རབ་ལ་འགྲན་སྐྲ་ཡི་སྡོང་བུ་ལ། །སྦར་བའི་མེ་ལྕེ་གསེར་གྱི་མཆོད་སྡོང་བཞིན། །རབ་འབར་ཚངས་པའི་འཇིག་རྟེན་སྙེག་པ་འདིས། །དཔལ་ལྡན × ཕྱོགས་ཀྱི་འཁོར་ལོ་འགེངས་པའི་དྲི་བཟང་ཅན། །ག་བུར་ཐིགས་པས་ལེགས་བྲན་དགྲ་བགེགས་ཀྱི། །ཁྲག་དང་ཞག་གི་རྒྱ་མཚོ་རླབས་ཀྱི་ཕྲེང་། །ཆལ་ཆིལ་གཡོ་བས་ཆུ་ཐོངས་འགོག་པ་འདིས། །དཔལ་ལྡན × འབྲས་ཆང་རྒུན་ཆང་བཏུང་བ་རྒྱ་མཚོར་འཁྱིལ། །དགྲ་བགེགས་ཤ་ཁྲག་ཕུང་པོ་རི་ལྟར་སྤུངས། །སྣ་ཚོགས་བཟའ་དང་བཅའ་བ་རོ་བརྒྱར་ལྡན།། ཟག་མེད་བདེ་སྟེར་ཞལ་ཟས་དམ་པ་འདིས། །དཔལ་ལྡན × ལྷ་རྫས་རོལ་མོའི་བྱེ་བྲག་མཐའ་ཡས་པ། །སྙན་པའི་སྒྲ་དབྱངས་ས་ཆེན་གཡོ་བ་བཞིན། །ཕྱོགས་ཀུན་དལ་གྱིས་རྒོད་པའི་འབྲུག་སྒྲ་དང་། །རབ་མཚུངས་ས་དང་བར་སྣང་ཁྱོན་གང་བས། །དཔལ་ལྡན × བྷྱོཿ རྫུ་འཕྲུལ་ཤུགས་ལྡན་རླུང་ལྟར་མགྱོགས་པའི་བང་། །ལམ་ལམ་འགྲོས་ཀྱིས་སྟོང་གསུམ་ཡུད་ཀྱིས་བསྐོར། །སྣ་ཚོགས་དར་དང་རིན་ཆེན་སྒ་སྲབ་མཛེས། །འཛིན་མའི་རྒྱན་གྱུར་རྟ་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན × རབ་བརྗིད་ཨིནྡྲ་ནཱི་ལའི་རི་བོ་བཞིན། །དྲག་པོའི་ངར་སྒྲ་བསྒྲགས་པས་རི་རབ་ཀྱང་། །ལིང་ལིང་འདར་བྱེད་རྣོ་བའི་རྭ་རྩེ་ཅན། །སྟོབས་ཀྱིས་དགྲ་འཇོམས་གཡག་རོག་ཞོལ་ཆེན་འདིས། །དཔལ་ལྡན × འཇམ་པའི་སྤུ་ཚོགས་ཆར་སྤྲིན་གཏིབས་པ་བཞིན། །ཤ་རྒྱས་ཟླ་ཚེས་ལྟར་དཀར་མདོངས་ཀྱི་བརྒྱན། །བཻཌཱུརྱ་ཡི་རྭ་བཞི་འཁྱིལ་བ་ཅན། །མཛེས་པའི་རྒྱན་ལྡན་ལུག་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན × འགའ་ཞིག་ནམ་མཁའི་དབྱིངས་སུ་ཁྱུང་ལྟར་ལྡིང་། །ལ་ལ་ལིང་ལིང་གར་གྱིས་བར་སྣང་འགེངས། །གཞན་དག་དགྲ་བགེགས་མགོ་བོར་ཐོག་ལྟར་འབབ། །ནམ་མཁའི་རྒྱན་གྱུར་བྱ་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན × དགྲ་བགེགས་སྲོག་ལ་རྔམས་པའི་ཁྱི་ནག་ནི། །འཇིགས་པའི་ཁ་གདངས་ལྕེ་རྩེ་གློག་ལྟར་གཡོ། །དྲག་པོའི་ང་རོ་སྲིད་གསུམ་ཟ་བ་བཞིན། །སྣ་ཚོགས་དར་གྱི་རྒྱན་ལྡན་མང་པོ་འདིས། །དཔལ་ལྡན × འཇིགས་རུང་བདུད་སྡེའི་དམག་དཔུང་ཐམས་ཅད་ཀྱིས། །མི་ཟད་རྡོ་རྗེའི་མཚོན་ཆར་བརྒྱ་ཕབ་ཀྱང་། །འབིགས་པ་མི་ནུས་ལུས་ལ་བགོས་ཙམ་གྱིས། །གཡུལ་ལས་རྣམ་པར་རྒྱལ་བའི་གོ་ཁྲབ་འདིས། །དཔལ་ལྡན × གང་ཞིག་བཏབ་པས་དགྲ་བགེགས་འབྱུང་པོའི་ཚོགས། །དུས་མཐའི་མེ་དང་ཕྲད་པའི་བུད་ཤིང་བཞིན། །སྐད་ཅིག་ཙམ་གྱི་ཐལ་བར་བརླག་འགྱུར་བའི། །མི་ཟད་རྡོ་རྗེའི་མཚོན་ཆ་འབར་བ་འདིས། །དཔལ་ལྡན ×lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་འདི། །སྲིན་པོའི་ཐོད་སྒ་པགས་པས་རབ་གཡོགས་ཤིང་། །གོང་རྨེད་སྲབ་མཐུར་གདུག་པའི་སྦྲུལ་གྱིས་བརྒྱན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་བཞོན་པ་འདིས། །དཔལ་ལྡན × དམ་ཉམས་དགྲ་བགེགས་ཕྱེ་མར་འཐག་བྱེད་པའི། །མི་བཟད་རྡོ་རྗེས་མཚན་པའི་བེ་ཅོན་དང་། །ཐུན་དང་གདུག་པའི་ཁྲག་གིས་རབ་བཀང་བའི། །མཚན་ལྡན་ཡངས་ཤིང་རྒྱ་ཆེའི་ནལ་ཐོད་འདིས། །དཔལ་ལྡན × ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་དང་། །རེ་ནག་གོས་དང་རྨ་བྱའི་གདུགས་མཛེས་དང་། །བདུད་ཀྱི་ཁྲམ་ཤིང་ཤོ་རྡེ་དཀར་ནག་སོགས། །བསྟན་པ་བསྲུང་བའི་ཆ་རྐྱེན་དམ་པ་འདིས། །དཔལ་ལྡན × ཐོད་སྐམ་དབུ་རྒྱན་མི་མགོའི་ཕྲེང་བ་དང་། །གླང་ཆེན་ཀོ་རློན་ཞིང་ལྤགས་གཡང་གཞི་དང་། །སྟག་ལྤགས་ཤམ་ཐབས་ཁྲག་ཞག་ཐིག་ལེ་དང་། །ཕྱག་རྒྱ་རྣམ་དྲུག་ལི་ཁྲིའི་བྱུག་པ་འདིས། །དཔལ་ལྡན × བྷྱོཿ རི་ལྟར་སྤུངས་པའི་ཤ་ཁྲག་གཏོར་ཚོགས་ནི། །སྔགས་དང་ཏིང་འཛིན་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །རོ་བརྒྱ་ལྡན་པའི་བདུད་རྩིར་བྱིན་བརླབས་ཤིང་། །དར་ནག་ཅོད་པན་དུ་མས་བརྒྱན་པ་འདིས། །དཔལ་ལྡན × རྡོ་རྗེའི་ཐོག་དང་མཚུངས་པའི་མདའ་བོ་ཆེ། །བྱ་རོག་སྒྲོས་བརྒྱན་དར་ནག་མགུལ་པར་བཅིངས། །དཔལ་ལྡན་ལྷ་མོའི་སྐུ་དང་སྔགས་ཀྱིས་བརྒྱན། །དམ་ཉམས་སྙིང་ལ་བསྣུན་པའི་མཚོན་ཆ་འདིས། །དཔལ་ལྡན × ཉི་ཟླ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །འདོད་ཡོན་ལྔ་དང་རིན་ཆེན་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱིས་སྤུལ་པའི་མཆོད་སྤྲིན་འདིས། །དཔལ་ལྡན × དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང་། །ས་བཅུའི་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་དུ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་། །གདུག་པའི་འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ཤིང་ཉམས་ཆག་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། །lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ སྲིད་གསུམ་དབང་བསྒྱུར་དཔལ་ལྡན་རེ་མ་ཏཱི། །བཀའ་ཉན་མངག་གཞུག་བྲན་འཁོར་སྤྱན་ལམ་དུ། །འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན། །སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་ཐུགས་དམ་སྐོངས། །ལང་ལོང་ཁོལ་བའི་ཁྲག་གི་ཨརྒྷཾ་སྦྲེང་། །འཕྲལ་བསད་དབང་པོའི་མེ་ཏོག་འཁྲིག་ཅིང་གཡོ། །བམ་སྲེག་དུད་སྤྲིན་ཁམ་ནག་འཐུལ་བ་འདིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །ཚིལ་ཆེན་ལ་སྦར་མེ་ལྕེ་སྲིད་རྩེར་སྙེག །ཁྲག་འཁྲིས་དྲི་ཆབ་དབྱར་མཚོའི་རླབས་ལྟར་འཁྲུག །ཤ་རུས་རོ་བདའི་ལྷ་བཤོས་སྤུངས་པ་འདིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །རྐང་གླིང་རོལ་མོ་སྣ་ཚོགས་འབྲུག་བཞིན་ལྡིར། །སྤྱན་འདྲེན་བརྡ་ཡི་དར་ནག་བ་དན་གཡོབ། །མྱུར་མགྱོགས་ཤུགས་སྤྱོན་ཁྲག་ཆང་ཞལ་སྐྱེམས་འདིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །སྒ་སྲབ་རྒྱན་སྤྲས་རྟ་མཆོག་སྟོང་གསུམ་མྱུལ། །འབྲོང་གཡག་ཞོལ་མོ་ཆར་སྤྲིན་ལྟ་བུར་རྒྱུ། །རྭ་བཞི་འཁྱིལ་ལུག་འདབ་ཆག་བྱ་ནག་གིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །ཁྱི་ནག་གཏུམ་པོ་ཅི་སྤྱང་བཞིན་དུ་འཕྱོ། །སྲིན་པོའི་མགོ་ལྤགས་སྦྲུལ་རྒྱན་རྐྱང་སེར་དྲེལ། །བེ་ཅོན་ནལ་ཐོད་མི་ལྤགས་སྟག་ཤམ་གྱིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །སྐམ་རློན་ཕྲེང་བ་རུས་རྒྱན་བྱུག་རྫས་གསུམ། །རེ་ནག་གོས་དང་སྙན་རྒྱན་སེང་གེ་སྦྲུལ། །ནད་རྒྱལ་ཁྲམ་ཤིང་ཚོན་གྲུ་དཀར་ནག་བཤོས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །རྨ་བྱའི་གདུགས་དང་ཉི་མ་ཟླ་བའི་རྒྱན། །རླུང་ནག་འཚུབ་གུར་ནད་ཀྱི་རྫིང་བུ་དང་། །སྲ་བའི་གོ་ཆ་རྣོ་བའི་མཚོན་རྣོན་གྱིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །དམ་རྫས་གཏོར་མ་རི་བོ་ལྟ་བུར་སྤུངས། །སྨན་རག་བཏུང་བ་རྒྱ་མཚོ་བཞིན་དུ་འཁྱིལ། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པ་ཡིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །བྱ་རོག་ནལ་བུའི་གསོབ་སྙིང་སྔགས་འཁོར་རྫས། །ལེགས་བལྟམས་དབྱངས་ཅན་ལྷ་མོར་ངེས་རྙེད་པའི། །ཕྱི་ནང་གསང་བ་དེ་ཉིད་རྟེན་མཆོག་གིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས།།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
གཤིན་རྗེ་རླུང་འཁོར་མ།lhMརྗེ་ཙོང་ཁ་པའི་དྲ་བ།

༈བྷྱོཿ གཤིན་རྗེ་རླུང་གི་འཁོར་ལོ་ཡིས། །རླུང་ནག་འཚུབ་མ་ཕུལ་བ་ན། །དེ་ལ་ཞོན་ནས་སྤྲུལ་པ་འགྱེད། །བདག་ཀྱང་རླུང་ནག་འཚུབ་མ་ཕུལ། །དགྲ་བགེགས་སྒྲོལ་བའི་སྤྲུལ་པ་ཁྱེ། །མ་གཅིག་དཀར་མོ་དུང་སྐྱོང་གིས། །སྲིན་པོའི་བོང་བུ་གྭ་དམར་དང་། །རྒོད་མ་རླུང་གི་གཤོག་པ་ཅན། །སྤྲད་པའི་དྲེ་རྟ་འཕུར་ཤེས་དེ། །དཔལ་ལྡན་ལྷ་མོའི་བཞོན་པར་ཕུལ། །སྲིན་པོ་ཡཀྵ་གོ་ར་ཡི། །མགོ་དང་པགས་པ་དྲེའུ་ཡི། །སྒ་དང་དེ་ཡི་ཁེབས་སུ་ཕུལ། །དྲེ་རྟ་ཞོན་ནས་སྟོང་གསུམ་བསྐོར། །བདག་ཀྱང་དྲེ་རྟ་འཕུར་ཤེས་དང་། །སྲིན་པོའི་མགོ་ལྤགས་འབུལ་ལགས་ཀྱིས། །འདི་ལ་ཞོན་ནས་སྟོང་གསུམ་སྐོར། །དགྲ་དང་བགེགས་རྣམས་ཐལ་བར་རློག །ཡབ་གཅིག་རེ་ལྡེ་འགོང་ཡག་གིས། །བདུད་ཀྱི་ཁྲམ་བམ་ནག་པོ་ཕུལ། །སྲིན་པོའི་ཡ་མཁལ་སྔ་རུ་ལ། །བཏགས་ཏེ་དམ་ཉམས་ཁྲམ་ལ་འདེབས། །བདག་ཀྱང་བདུད་ཀྱི་ཁྲམ་ཤིང་འབུལ། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །མ་གཅིག་བདུད་མོ་དབང་མེད་ཀྱིས། །ཚོན་གྱི་གྲུ་གུ་སྔོ་དམར་ཕུལ། །སྲིན་པོའི་མ་མཁལ་ཕྱི་རུ་ལ། །བཏགས་ཏེ་དམ་ཉམས་དགྲ་ལ་འགྱེད། །བདག་ཀྱང་ཚོན་དྲུ་སྔོ་དམར་འབུལ།། དམ་ཉམས་དགྲ་དང་བགེགས་ལ་ཁྱོངས། །བཙན་སྐྱ་རྡོ་རྗེ་ཟླ་བ་ཡིས། །ཕུང་བྱེད་ཤོ་རྡེ་དཀར་ནག་ཕུལ། །བླངས་ཏེ་སྒ་ཡི་སྔ་ཤ་ལ། །བཏགས་ཏེ་དམ་ཉམས་ཕུང་ལ་འདེབས། །བདག་ཀྱང་ཤོ་རྡེ་དཀར་ནག་འབུལ། །དམ་ཉམས་དགྲ་བགེགས་ཕུང་ལ་ཐོབ། །སྲིན་པོའི་བུམ་སྣ་ཤི་བ་ཡི། །ལྷུ་ཕྲག་བར་ན་ནད་མཚོ་ཡོད། །ལྷ་མོས་འཐུངས་པའི་ཁ་བླངས་ཀྱིས། །ནད་ཡམས་དལ་ཡམས་དགྲ་ལ་གཏོང་། །བདག་ཀྱང་ནད་ཀྱི་རྫིང་བུ་འབུལ། །ནད་ཡམས་དལ་ཡམས་དགྲ་ལ་ཐོངས། །གསལ་བའི་ཁོལ་མོའི་རླིད་བུ་བཤུས། །ནད་རྫིང་ནས་བཅུས་ཏེ་བཀང་། །སྦྲུལ་གྱི་ཞགས་པས་ཁ་བཅིངས་ནས། །དྲེའུ་མོའི་སྒ་ཡི་སྔ་ཤ་ལ། །བཏགས་ཏེ་ནད་རྐྱལ་དགྲ་ལ་བྷྱོ། །བདག་ཀྱང་ནད་ཀྱི་རྐྱལ་པ་འབུལ། །ནད་ཡམས་དལ་ཡམས་དགྲ་ལ་ཐོངས། ཁོལ་མོའི་གོས་ཀྱི་རེ་ནག་དེ། །བཤུས་ཏེ་ལྷ་མོའི་སྐུ་ལ་གསོལ། །གདུགས་པའི་དགྲ་བགེགས་ཚར་གཅོད་མཛད། །བདག་ཀྱང་དཔལ་ལྡན་ལྷ་མོ་ལ། །རེ་བ་ནག་པོའི་གོས་འབུལ་གྱིས། །གྱོན་ལ་དམ་ཉམས་རྩད་ནས་ཆོད། །རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱིས༐ ༐སེངྒེ་ཕུལ་བ་སྙན་གཡས་ཀྱི། །རྒྱན་དུ་བྱས་ནས་དགྲ་བགེགས་སྒྲོལ། །བདག་ཀྱང་སེངྒེ་དཀར་མོ་འབུལ། །དྲག་སྔགས་སེངྒེའི་ང་རོ་ཡིས། །གདུག་པའི་དགྲ་བགེགས་ཐལ་བར་རློག །ཀླུ་ཡི་རྒྱལ་པོ་དགའ་བོ་ཡིས། །སྦྲུལ་གྱི་གདེངས་ཀ་ཕུལ་བ་ན། །སྙན་གཡོན་དག་ལ་རྒྱན་བྱས་ཤིང་། །དྲེའུ་མོ་སྒ་ཡི་གོང་རྨེད་བྱས། །ཁ་རླངས་སྡང་བའི་དགྲ་ལ་གཏོང་། །བདག་ཀྱང་སྦྲུལ་ནག་ཆུན་པོ་འབུལ༐ ༐ཁ་རླངས་དུག་གི་དགྲ་དང་བགེགས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །ལྷ་ཆེན་ཚངས་པ་ཆེན་པོ་ཡིས། །རྨ་བྱའི་གཙུག་ཕུད་ཕུལ་བ་ན། །དབུ་ལ་གདུགས་ཀྱི་རྒྱན་དུ་བྱས། །ཐམས་ཅད་དུས་སུ་སྐྱོབ་པར་མཛོད། །བདག་ཀྱང་རྨ་བྱའི་གདུགས་འབུལ་གྱིས། །སྟེང་གདོན་ནད་ལས་ཐར་བར་མཛོད། །ཁྱབ་འཇུག་ནག་པོ་ཆེན་པོ་ཡིས། །ཉི་མ་ཟླ་བ་ཕུལ་བ་ན། །ལྟེ་བ་དབུ་ལ་རྒྱན་དུ་བྱས། །དཀར་ནག་ལས་འབྲས་སོ་སོར་གཟིགས། །བདག་ཀྱང་ཉི་མ་ཟླ་བ་འབུལ། །ལེགས་ཉེས་སོ་སོར་གཟིགས་ནས་ཀྱང་། །ཉེས་བྱེད་དམ་ཉམས་རྩད་ནས་ཆོད། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །འདོད་པ་ཁམས་ཀྱི་དབང་ཕྱུག་མར། །དབང་བསྐུར་ཕྱག་ཏུ་བེ་ཅོན་གཏད། །དམ་ཉམས་དགྲ་བགེགས་ཀླད་ལ་བསྣུན། །བདག་ཀྱང་རྡོ་རྗེའི་བེ་ཅོན་འབུལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག །སྲིན་གྱི་རྫི་བོ་དང་འགྲོགས་པའི། །རང་གི་ནལ་བུའི་ཐོད་པ་དེ། །ཐུན་དང་ཁྲག་གིས་བཀང་ནས་སུ། །ལྷ་མོ་མཉེས་པའི་རྟེན་དུ་འཛིན། །བདག་ཀྱང་ནལ་ཐོད་འབུལ་ཀྱི། །ལྷ་མོ་མཉེས་པའི་རྟེན་དུ་བཞེས། །སྲིན་པོ་ཤ་ཟའི་ཚོགས་རྣམས་ཀྱིས། །དགྲ་བགེགས་མགོ་དང་ཁྲག་ཞག་ཕུལ། །ཐོད་པ་སྐམ་རློན་རྒྱན་བྱས་ཤིང་། །ཁྲག་ཞག་ཐིག་ལེས་སྐུ་ལ་བརྒྱན། །དུར་ཁྲོད་ཆས་ཀྱིས་རྒྱན་བྱས་ནས། །གདུག་པའི་དགྲ་བགེགས་ཐལ་བར་རློག །བདག་ཀྱང་དཔལ་ལྡན་ལྷ་མོ་ལ། །དམ་ཉམས་མགོ་དང་ཁྲག་ཞག་འབུལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །ཁྲག་འཛག་ལྔ་བཅུའི་དོ་ཞལ་དང་། །སྐུ་ལ་ཁྲག་གི་ཐིག་ལེ་དང་། །ཞག་གི་སོར་རིས་ཐལ་ཆེན་གྱི། །ཚོམ་བུས་བྱུགས་ལ་དམ་ཉམས་ཀྱི། །སྲོག་དབུགས་ལེན་ལ་རིངས་པར་བྱོན། །གཞན་ཡང་དཔལ་ལྡན་ལྷ་མོ་ལ། །བསྟན་པ་བསྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །བསྟན་པ་བསྲུང་ལ་མ་གཡེལ་ཞིག །དམ་ཉམས་སྡིག་ཅན་སྒྲོལ་བ་དང་། །དགོན་གནས་བསྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །དགོན་གནས་འདི་ལ་གནོད་པ་ཡི། །སེམས་འཆང་དགྲ་དང་བགེགས་རྣམས་ཀུན། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །དཔོན་སློབ་དགོན་གནས་བཅས་པ་ལ། །དགོས་པའི་ཡོ་བྱད་ཅི་བྱུང་ཡང་། །དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱིས། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། ། lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
དཔལ་ལྷ།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ མ་ལུས་རྒྱལ་བའི་མཁྱེན་བརྩེའི་འཕྲིན་ལས་རྣམས། །གང་འདུལ་སྦྲུལ་པའི་གར་མཛད་སྤྱན་རས་གཟིགས། །བོད་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་བསྟན་པ། །སྲོང་བཙན་སྒམ་པོའི་ཞབས་པད་སྤྱི་བོས་མཆོད། །འདོད་ནས་རྣམ་དག་ནམ་མཁའི་ཀློང་ཡངས་ནས། །རབ་འབྱམས་རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །འདོད་པ་ཁམས་ཀྱི་དབང་ཕྱུག་དཔལ་ལྷ་མོ། །བཀའ་ཉན་འཁོར་དང་བཅས་པ་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་པད་དཀར་ཟླ་བའི་སྟེང་། །ཡིད་འཕྲོག་གངས་རིའི་མདངས་འཛིན་དཔལ་མོ་ཆེ། །གཡས་པའི་ཕྱག་ན་ཁམས་གསུམ་དབང་སྡུད་ཅིང་། །སྣང་སྲིད་གསལ་བའི་མདའ་དར་མེ་ལོང་འཛིན། །འོད་ཟེར་བཞད་ལྡན་ནོར་བུའི་གཞོང་པ་ནི། །གཡོན་པའི་ཕྱག་ནས་འདོད་དགུའི་དངོས་གྲུབ་སྟེར། །ཁྱོད་ཞལ་དགྱེས་པའི་འཛུམ་ཆགས་ཡིད་བཞིན་འཚོར། །མཚམས་སྤྲིན་ངུར་མོ་དང་འགྲོགས་ཟླ་ཚེས་ཀྱི། །མཆེ་བའི་མྱུ་གུ་ངང་མོའི་འཕྲེང་བ་འཁྲིག །རིན་ཐང་བྲལ་བའི་ནོར་བུའི་རྩེ་ཕྲན་དང་། །སྣ་ཚོགས་འོད་ཆགས་རིན་ཆེན་དོ་ཤལ་སོགས། །རྒྱན་གྱི་ཁྱད་པར་དུ་མས་རྣམ་པར་མཛེས། །ཞབས་གཉིས་སེམས་པའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །རབ་དཀར་ཆུ་འཛིན་གཞོན་ནུའི་ཕངས་ཕུང་ལ། །འཁུ་ལྡན་ལྷ་རྫས་དར་གྱི་ན་བཟའ་དང་། །ཡིད་འཕྲོག་ལྷབ་ལྷུབ་གཅོད་པན་འཕུར་ལྡིང་གཡོ། །མིག་སྨན་མེ་དཔུང་འབར་འདྲའི་མདངས་འཛིན་པའི། །འཇིགས་རུང་གདོངས་ཅན་གཉིས་སོགས་གྲངས་མེད་ཀྱི། །འཁོར་ཚོགས་སྒྱུ་སྐར་འཕྲེང་བའི་དབུས་དག་ཏུ། །ཡོངས་རྫོགས་རི་བོང་འཛིན་པའི་དཔལ་ལྟར་བརྗིད། །འགྲོ་འདིའི་ཁམས་དང་བསམ་པ་ཇི་བཞིན་དུ། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱིས །།སྣ་ཚོགས་སྤྲུལ་པ་ཉི་མའི་འོད་ཟེར་ལྟར། །གྲངས་མེད་སྤྲོ་བར་མཛད་པ་ཁྱོད་ལ་བསྟོད། །དགྱེས་པ་སྐྱེད་བྱེད་མཐུན་པའི་དམ་རྫས་དང་། །ཕྱི་ནང་གསང་བ་སྐུ་གསུང་ཐུགས་ཀྱི་རྟེན། །དངོས་བཤམས་ཡིད་སྦྲུལ་མ་ཚང་མེད་པ་དང་། །འོད་འབར་ནོར་བུའི་ཚོགས་ཀྱི་ཕྲ་བཀོད་པས། །འཛིན་མའི་ཁྱོན་ཡངས་རིན་ཆེན་སྣོད་རྣམས་སུ། །རི་རབ་ལྟར་སྤུངས་མཆོད་གཏོར་རྒྱ་མཚོའི་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་རླབས་ནས། །དཔལ་གྱི་ལྷ་མོ་འཁོར་དང་བཅས་ལ་འབུལ། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས།ཞེས་སོགས་ཤོ་ཀོ་ཀ་གཅིག་བརྗོད་དེ། གོང་དུ་བཤད་པའི་གཏོར་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་འབུལ།ཨརྒྷཾ་སོགས་ཀྱི་མཆོད། ནང་མཆོད་འབུལ།།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
སེམས་ཉིད་མ།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་བར་ཆད་ཞི་བར་མཛོད། ༈ །བྷྱོཿསེམས་ཉིད་×། །ཅེས་སོགས་རིགས་འགྲེའོ། མཐུན་པར་བསྟན་པ་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །བྷྱོཿསེམས་ཉིད་×། །མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་བསྒྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས། །ཀུན་ཏུ་དབང་མཛད་མ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་དབང་དུ་བསྡུས། །བྷྱོཿསེམས་ཉིད་×། །མཐུན་པར་བསྟན་པ་དྲག་པོའི་དཔལ་ལྷ་མོ་དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་རྔམས། །ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་དགྲ་བགེགས་དྲག་པོས་སྒྲོལ། །བྷྱོཿཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང༌། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ཡི། །འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལ། །བདག་གིས་བསྒྲིམས་ཏེ་རབ་ཏུ་བསྟོད་བགྱིད་ན། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་སྟེ། །ཁྱོད་ལྟར་འགྲོ་བའི་དོན་ལ་བརྩོན་པར་ཤོག །༈བཟློག་པ་བྱ།།lhMརྗེ་ཙོང་ཁ་པའི་དྲ་བ།
བཟླས་པ།།རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས།ལྷ་མོའི་ཐུགས་ཀའི་བྷྱོཿལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་ཐམས་ཅད་བསྒྲུབ་པར་བསམ་ལ། བྷྱོཿ རཀྨོ་བྷྱོ། རཀྨོ་བྷྱོ། བྷྱོཿ རཀྨོ་ཐུན་བྷྱོ། ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ།ཞེས་བཟླས་པ་ཅི་མང་བྱས། ཡིག་བརྒྱས་ལྷག་ཆད་བསྐང། གཏོར་མ་འབུལ་བ་ནི། ལེགས་པར་བཤམས་པའི་གཏོར་མ་ནང་ཆོད་ལྟར་བྱིན་གྱིས་བརླབ། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། ཞེས་སོགས་ཀྱི་ཚིགས་བཅད་བརྗོད། ལྗགས་བྱིན་རླབས་སོགས་གོང་དུ་བཤད་པའི་གཏོར་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་འབུལ། ཨརྒྷཾ་lhMརྗེ་ཙོང་ཁ་པའི་དྲ་བ།
སོགས་ཀྱིས་མཆོད།ནང་མཆོད་འབུལ། དེ་ནས་གཏོར་རྫོངས་བྱ་བ་ནི། བྷྱོཿཤ་ཆེན་ཚོགས་ནི་རི་ལྟར་སྤུངས།།རཀྟའི་ཚོགས་ནི་མཚོ་ལྟར་བསྐྱིལ།།དམ་རྫས་གཏོར་མ་འདི་བཞེས་ལ། །དམ་ཚིག་ཉམས་པའི་དགྲ་དང་བགེགས།གནོད་བྱེད་འབྱུང་པོའི་ཚོགས་རྣམས་ལ། །བདུད་ཀྱི་དམག་ཚོགས་དགྲ་ལ་དྲོངས། །དམག་ཟོར་རྒྱལ་མོས་དམག་སྣ་དྲོངས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བདག་ཅག་དུས་འདིར་ཚེ་རིང་ཞིང་། །འཁོར་དང་བསྟན་པ་རྒྱས་པ་དང་། །ཁམས་གསུམ་དབང་དུ་འདུ་བ་དང་། །བཤད་སྒྲུབ་ལོངས་སྤྱོད་འཕེལ་བར་མཛོད། །དེ་ནས་ཚེ་རིང་མཆེད་ལྔ་དང་བསྟན་མ་བཅུ་གཉིས་ལ་གཏོར་མ་ཟུར་དུ་བཤམས་ཡོད་ན་སྐབས་འདིར་འབུལ་ཞིང་། གཞི་བདག་གཏོར་མའང་སྐབས་འདིར་ཕུལ། འཕྲིན་ལས་བཅོལ་བར་བྱའོ།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
ཚོགས་མཆོད།lhMརྗེ་ཙོང་ཁ་པའི་དྲ་བ།

དཔལ་ལྡན་ལྷ་མོའི་ཚོགས་མཆོད་མཆོད་བཞུགས་སོ། །བསངས་སྦྱང་སྔོན་དུ་བཏང་ལ་ཚོགས་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབ། བདེ་ཆེན་ཆོས་སྐུའི་གཞལ་ཡས་ནས།།རང་སྣང་མདུན་གྱི་ནམ་མཁའ་ལ། དྲིན་ཅན་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་གི་རྣམ་པ་ཅན། །མཚན་དང་དཔེ་བྱད་རབ་འབར་བ། །བཀའ་རྒྱུད་བླ་མ་སྤྲིན་ལྟར་འཐིབ། །བསྒྲུབ་རྒྱུད་བླ་མ་གྲངས་ལས་འདས། །དྲན་པས་སྲིད་གཞིའི་འཇིགས་ལས་སྐྱོབས། །མཚན་ཙམ་ཐོས་པས་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་བདེ་ལ་འགོད། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་ཅག་འདིར་ཚོགས་དད་ལྡན་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཨོཾ་གུ་རུ་སརྦ་བུད་དྷ་བོ་དྷི་སཏྭ་ག་ན་ཙཀྲ་ས་མཱ་ཡ་ཤྲི་ཨཱཿཧཱུཾ། །དག་པ་མཁའ་སྤྱོད་གནས་མཆོག་ནས། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །རིག་བཞིའི་བདག་ཉིད་མཁའ་འགྲོ་བཞི། །སྒོ་དང་འཚམས་སྐྱོང་དཔའ་མོ་བརྒྱད། །ཉི་ཤུ་རྩ་བཞིའི་དཔའ་མོ་དང༌། །མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་ཅག་འདིར་ཚོགས་དད་ལྡན་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་སྩལ་དུ་གསོལ། ། ཨོཾ་བཛྲ་ལྦཱ་ར་ཧི་སརྦ་བཱི་ར་ཡོ་གཱི་ནི་གྷ་ན་ཙཀྲ་ས་མཱ་ཡ་ཤྲཱི་ཨཱཿཧཱུཾ།མུ་ལེ་དིང་གི་རྒྱ་མཚོ་དང༌། ཆོས་འཁོར་རྒྱལ་གྱི་གཙུག་ལག་ནས། དཔལ་ལྡན་འདོད་ཁམས་དབང་ཕྱུག་མ། འཕྲིན་ལས་རྣམ་བཞིའི་ལྷ་མོ་དང༌། ལས་མཁན་གདོང་ཅན་རྣམ་པ་གཉིས། །བསྟན་སྐྱོང་ཚོགས་བདག་འཁོར་དང་བཅས། ནག་མོ་འབུམ་དང་ཤ་ཟ་སྟོང༌། ཁྲག་འཐུང་བྱེ་བའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས།།བདག་ཅག་འདིར་ཚོགས་དད་ལྡན་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཨོཾ་ཀ་ལི་དེ་ཝི་ས་པཱ་རི་ཝ་ར་གྷ་ན་ཙཀྲ་ས་མཱ་ཡ་ཤྲི་ཨཱཿཧཱུཾ།དེ་ནས་ལས་ཀྱི་རྡོ་རྗེས། ༈ གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་བ་སོགས། །གཉིས་མེད་གཅིག་ཏུ་དགོངས་སྟེ་རོལ། །lhMརྗེ་ཙོང་ཁ་པའི་དྲ་བ།
དེ་ནས་རྡོ་རྗེ་སློབ་དཔོན་གྱིས། ༈ཨེ་མ་ཆོས་རྣམས་བཟང་པོ་ཏེ། བཟུང་དང་འཛིན་པ་རྣམས་སྤངས་པ། །འདོད་ཆགས་དྲི་མ་དང་བྲལ་ཡང་། དེ་བཞིན་ཉིད་ལ་བདག་ཕྱག་འཚལ།lhMརྗེ་ཙོང་ཁ་པའི་དྲ་བ།

ཚོགས་ལྷག་ནི། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབ་ནས། ཨ་ཀཱ་རོ་ལན་གསུམ་གྱི་བསྔོས། །༈བཀའ་ཉན་ལས་བྱེད་མཁའ་འགྲོ་མ། །ཤིན་ཏུ་འཇིགས་པའི་ཆུ་སྲིན་གདོང། །མིག་ནས་བསྐལ་པའི་མེ་ཆེན་འབར། །རྣ་བའི་ལམ་ནས་འབྲུག་སྒྲ་ལྡིར། །ཁ་ནས་ཁྲག་གི་སེར་བ་འབེབས། དགའ་ན་རྒྱ་མཚོའི་མཁའ་ལ་སྐྱིལ། །ཁྲོས་ན་ཉི་ཟླ་ཐང་ལ་འབེབས། །གད་ན་རི་རབ་ཕྱེ་མར་འཐག །གཞན་ཡང་སྲིན་མོ་སེངྒེའི་གདོང༌། །ཁ་ནས་ནད་དང་དུག་གི་ནི། །རླུང་ནག་ཚུབ་མའི་ནམ་མཁའ་འགེངས། །ཞིང་ཆེན་གཡང་གཞི་ཕྱོགས་བཅུར་རྡེབ། །སྔགས་སྐྱེས་ཞིང་སྐྱེས་ཕོ་ཉ་དང༌། །ནད་བདག་མ་མོའི་ཚོགས་ཀྱིས་བསྐོར། །དམ་ཚིག་ལྡན་པའི་བསྲུང་མ་སྟེ། །དམ་ཉམས་སྲོག་གཅོད་བཤན་པ་མོ། །ལྷག་མའི་ཚོགས་ཀྱིས་གཏོར་མ་ལོངས། །སངས་རྒྱས་བསྟན་པ་བཤིག་པ་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །གནས་ཆེན་འདི་ལ་གནོད་བྱེད་རྣམས། །སྙིང་ཁྲག་འཐུང་ལ་ཚར་གཅོད་ཅིག །འདིར་ཚོགས་རྣལ་འབྱོར་བདག་ཅག་གི །རྐྱེན་དང་བར་ཆད་ཐམས་ཅད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་སྩལ་བའོ།།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
བསྟོད་པ།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ ས་བཅུའི་དབང་ཕྱུག་ཁྲོ་བ་ཉེར་ཞི་ཡང་། །གདུལ་བྱའི་དོན་དུ་འཕྲིན་ལས་རྣམ་བཞི་སྟོན། །མཛད་པ་དུས་ལས་མི་གཡོ་བདེ་སྟེར་མ། །བཅོམ་ལྡན་གཤིན་རྗེའི་གཤེད་ཀྱི་ལྕམ་ལ་བསྟོད། །སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། །ཞལ་བཞེས་དམ་བཅའ་བསྙེལ་བ་མི་མངའ་བར། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་ལ། །གཡེལ་མེད་བསྟན་སྲུང་ཆེན་མོ་ཁྱོད་ལ་བསྟོད། །ཁྲག་ཞག་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ནང་། །རླུང་ནག་འཚུབ་མར་འཚུབ་པའི་དབུས་ཉིད་ན། །སྲོག་ལ་རྔམ་ཤིང་མི་ཤ་དྲོན་མོ་གསོལ། །སྲོག་བདག་སྡེ་བརྒྱད་གཙོ་མོ་ཁྱོད་ལ་བསྟོད། །ཞབས་གཉིས་བརྡབ་པས་ས་གསུམ་ཆེམ་ཆེམ་གཡོ། །ཧཱུཾ་ཧཱུཾ་གད་རྒྱངས་དྲག་པོས་རི་རབ་བསྙིལ། ། ཁྲོས་པའི་མོད་ལ་བསྟན་དགྲ་བརླག་བྱེད་མ། །བདུད་འདུལ་དམག་དཔོན་ཆེན་མོ་ཁྱོད་ལ་བསྟོད། །ཕྱི་རོལ་ཉིད་དུ་དགྲ་བགེགས་གདུག་པའི་གཤེད། །ནང་དུ་བཅོམ་ལྡན་གཤིན་རྗེའི་གཤེད་ཉིད་ལ། །ཟག་མེད་བདེ་བ་ཆེན་པོ་སྟེར་མཛད་མ། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་གུས་པས་བསྟོད། །ཁྱོད་ནི་སངས་རྒྱས་བསྟན་པའི་སྲོག་ཤིང་སྟེ། །མཁས་གྲུབ་བསྟན་འཛིན་ཡོངས་ཀྱི་སྲིང་གཅིག་མ། །བསྟན་པའི་རྗེས་འཇུག་སྐྱེ་འགྲོ་ཡོངས་ཀྱི་མ། །བསྟན་པའི་གཉེན་གྱུར་ཁྱོད་ལ་རྩེ་གཅིག་བསྟོད། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ་བཟུང་ནས། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོ་སྟོན་མ། །ཞི་བ་རྣམས་ལ་ཞི་བའི་ཚུལ་བསྟན་ནས། །འཇིག་རྟེན་འདྲེན་པའི་ལྷ་མོ་ཁྱོད་ལ་བསྟོད། །བསྟན་དང་འགྲོ་བའི་དོན་ལ་བརྩོན་པ་དང་། །དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༐ ༐ཁྱོད་ལ་སྐྱབས་སོང་རྣལ་འབྱོར་བདག་ཅག་ལ། །མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བར་མཛོད། །དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏཱི། །ལུས་སྲོག་འབེམ་དུ་བཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་གཅིག་མཐུ་མ་ཆུང་། །ཁྱོད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེངྒེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང་། །དངོས་གྲུབ་རིན་ཆེན་འདོད་དགུའི་ཆར་འབེབས་མ། །དམག་ཟོར་རྒྱལ་མོའི་ཞབས་ལ་ཕྱག་འཚལ་ལོ། །འཐོར་བྱེད་དྲག་པོའི་རླུང་དང་རབ་འདྲེས་པའི། །དུས་མཐའི་མེ་ལྕེའི་ཕྲེང་བས་བསྐོར་བའི་དབུས། །ཁྲག་ཞག་རྒྱ་མཚོ་ཆལ་ཆིལ་གཡོ་བའི་སྟེང་། །སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་ཆིབས། །ཆར་སྤྲིན་མདོག་ཅན་འཇིགས་རུང་སྲིན་མོའི་གཟུགས། །གཟོད་དཀའ་དུས་མཐའི་མེ་འོད་རྣམ་པར་འཕྲོ། །ཞལ་གདངས་རྐན་སྒྲ་དྲག་པོས་ས་གསུམ་གཡོ། །གངས་རི་གཙིགས་འདྲའི་མཆེ་བའི་སྤྲིན་གསེབ་ནས། །དམ་ཉམས་ཁྲག་གི་ལྦུ་བའི་གོས་གྱོན་པའི། །ལྗགས་ཀྱི་གློག་འཕྲེང་ས་གསུམ་ཁྱབ་པར་གཡོ། །ཧ་ཧའི་གད་རྒྱངས་དབྱར་སྐྱེས་སྤྲིན་གྱི་སྒྲས། །ནག་པོའི་རྩ་ལག་ཕྱེ་མར་འཐག་ལ་བསྟོད། །འཇིགས་རུང་ཐོད་སྐམ་ལྔ་ཡིས་རབ་བརྒྱན་པའི། །རབ་འཛིངས་དབུ་སྐྲའི་མཚམས་སྤྲིན་ཕུང་པོའི་རྩེར །།རི་བོང་འཛིན་པའི་དཀྱིལ་འཁོར་རབ་མཛེས་པ། །རྨ་བྱའི་གདུགས་ཀྱི་གྲིབ་བསིལ་ཅན་དེར་འདུད། །རྡོ་རྗེས་མཚན་པའི་བེ་ཅོན་ཕྱག་གཡས་ཀྱིས། །ནམ་མཁའི་ངོས་ལ་ལན་གཅིག་གཟས་པ་ལས། །བདུད་དང་འབྱུང་པོའི་མགོན་པོ་ཐམས་ཅད་ཀྱི། །ཐོད་པ་ཅིག་ཅར་དྲལ་མཛད་ཁྱོད་ལ་བསྟོད །།གདུག་པའི་ཁྲག་གིས་གངབའི་ནལ་ཐོད་ནི། །གཡོན་པའི་ཕྱག་གིས་རོལ་པས་རྣམ་པར་དགྱེས། །ཁ་ནས་ཁྲག་གི་ལྦུ་བ་རབ་མཆིལ་བའི། །དམ་ཉམས་མགོ་ཕྲེང་མགུལ་པར་འཛིན་ལ་བསྟོད། །གདོང་ལྔ་པ་དང་བྲང་འགྲོའི་དབང་པོ་ཡིས། །གཡས་གཡོན་རྣ་བའི་བུ་གར་རབ་བརྒྱན་ཅིང་། །རེ་ནག་གོས་དང་མི་ལྤགས་གཡང་གཞི་དང་། །དར་ནག་ལྷབ་ལྷུབ་གཡོ་བ་ཁྱོད་ལ་བསྟོད། །ཁྲག་ཞག་ཐིག་ལེ་ཐལ་བས་ལུས་བྱུག་ཤིང་། །ལྟེ་བར་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱས། །སྟེར་ཕྲེང་གཡོ་བའི་སྟག་ལྤགས་ཤམ་ཐབས་ནི། །གདུག་པའི་སྦྲུལ་གྱི་སྐ་རགས་ཅན་དེར་འདུད། །གཞན་ཡང་ནད་རྒྱལ་མཚོན་གྱི་དྲུ་གུ་དང་། །བདུད་ཀྱི་ཁྲམ་ཤིང་ཤོ་ལྡེ་དཀར་ནག་སོགས། །བདུད་སྡེ་འཇོམས་པའི་ཆ་ལུགས་སྣ་ཚོགས་ཀྱིས། །ནག་པོའི་གཡུལ་ལས་རྣམ་པར་རྒྱལ་ལ་བསྟོད། །རྩེ་གཅིག་གུས་པས་ཁྱོད་ལ་མཆོད་བསྟོད་དང་། །བཟླས་བརྗོད་ལྷུར་ལེན་རྣལ་འབྱོར་བདག་ཅག་གི །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །ཇི་ལྟར་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བ་དང་། །བསྟན་དགྲ་དམ་ཉམས་དགྲ་བགེགས་མ་ལུས་པ། །དྲག་པོའི་ཆད་པས་ཐལ་བར་རློག་པ་དང་།།ཐུབ་བསྟན་དར་རྒྱས་ཡུན་རིང་གནས་པར་མཛོད།།ཁྱད་པར་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ།།གནོད་ཅིང་འཚེ་བའི་མི་དང་འབྱུང་པོའི་ཚོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །འདོད་དགུའི་ཡོ་བྱད་མ་ལུས་ཁྱོད་ཀྱིས་སྒྲུབས། །ནད་ཡམས་དལ་ཡམས་དགྲ་དང་བགེགས་ལ་ཐོངས། །ཚོན་གྱི་དྲུ་གུ་དགྲ་དང་བགེགས་ལ་ཁྱོངས། །ཤོ་ལྡེ་དཀར་ནག་དགྲ་དང་བགེགས་ལ་ཁྱེ། །བདུད་ཀྱི་ཁྲམ་ཤིང་དགྲ་དང་བགེགས་ལ་ཐོབས། །བདུད་ཀྱི་དམག་ཚོགས་དགྲ་དང་བགེགས་ལ་དྲོངས། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །ལྟས་ངན་ཐམས་ཅད་དགྲ་དང་བགེགས་ལ་ཐོངས། །མདོར་ན་གནོད་བྱེད་འབྱུང་པོ་གདུག་ཅན་འདི། །ལོ་དང་ཟླ་བ་ཞག་ཏུ་མ་བཞག་པར། །སྐད་ཅིག་ཙམ་གྱི་ཐལ་བར་བརླག་པར་མཛོད། །བདག་ཅག་དཔོན་སློབ་དགོན་གནས་བཅས་པ་ལ། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཞིག། །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཞིག །འགལ་རྐྱེན་སོལ་ལ་མཐུན་རྐྱེན་མ་ལུས་སྒྲུབས། ། lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ ཀཱ་ལི་དེ་བཱི་འཇིགས་རུང་སྲིན་མོའི་གཟུགས། །ཁ་གདངས་མཆེ་གཙིགས་མི་རོ་རངས་པོ་ཟ། །ག་ཤ་ཧ་ཧའི་སྒྲ་དབྱངས་མི་བཟད་པས། །ང་རྒྱལ་དྲེགས་པའི་དགྲ་བགེགས་འཇོམས་ལ་བསྟོད། །ཅ་ཅོའི་གླུ་ལེན་མ་མོ་འབུམ་སྡེའི་དབུས། །ཆ་ལུགས་ཞི་རྒྱས་དབང་དྲག་ཅིར་ཡང་སྟོན། །ཇ་ག་རལ་པའི་ཐོར་ཅོག་བསྒྲེངས་པའི་རྩེར། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འཆར་ལ་བསྟོད། །ཏ་ཐཱ་ག་ཏའི་སྲུང་མ་མཐུ་རྩལ་ཅན། །ཐ་མའི་དུས་འདིར་ཞལ་བཞེས་དམ་བཅས་བཞིན། །ད་ལྟ་རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ནཱ་གཱ་ཛུ་ནའི་ལུགས་བཟང་རྒྱས་པར་མཛོད། །པ་ལྦ་བཟང་སོགས་དམ་ཅན་རྒྱ་མཚོས་བསྐོར། །ཕ་རོལ་ཕྱོགས་བཅུར་བགྲོད་ཕྱིར་དྲེའུ་ཆིབས། །བ་སྤུའི་ཁུང་ནས་བསྐལ་པའི་མེ་འབར་བས། །མ་ལུས་བདུད་ཀྱི་དཀྱིལ་འཁོར་བསྲེག་ལ་བསྟོད། །ཙ་མུཎྚི་སོགས་མིང་བརྒྱ་མཚན་སྟོང་མ། །ཚ་ཟེར་ཅན་གྱི་དཀྱིལ་འཁོར་ལྟེ་བར་མཛེས། །ཛ་ལང་དྲེགས་པས་མྱོས་པའི་དགྲ་བགེགས་ཀུན། །ལྦ་སྐྱེས་ལྟ་བུར་མཐར་མཛད་ཁྱོད་ལ་བསྟོད། །ཞ་ཡིག་ལྟར་འཁྱིལ་སྦྲུལ་གྱི་སྙན་གཡོན་དང་། །ཟ་བྱེད་སེང་གེ་འབར་བ་གཡས་ནས་འཕྱོ། །འ་འུར་སྒྲ་སྒྲོག་རླུང་ནག་འཚུབ་མའི་དབུས། །ཡ་མཚན་ཆོ་འཕྲུལ་གྲངས་མེད་སྟོན་ལ་བསྟོད། །རྭ་གདེངས་རྡོ་རྗེས་མཚན་པའི་བེ་ཅོན་དང་། །ལ་ལར་རལ་གྲི་འབར་བ་ཕྱག་ན་བསྣམས། །ཤ་ཟ་མཁའ་འགྲོ་བྱེ་བའི་འཁོར་དང་བཅས། །ས་གསུམ་ཀུན་ལ་དབང་མཛད་ཁྱོད་ལ་བསྟོད།། ཧ་ཅང་སྙིགས་མ་ལྔ་ཡི་རྩོད་དུས་འདིར །།ཨ་ཏི་ཤ་དང་འཇམ་དཔལ་སྙིང་པོ་ཡི། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་ཆོད་ལ།།བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས་བར་མཛོད། །lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ འདོད་ཁམས་དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ནི། །ཆུ་སྲིན་གདོང་ཅན་འཇིགས་རུང་སྲིན་པོའི་གཟུགས། །སྲིད་གསུམ་དགྲ་བགེགས་སྙིང་ཁྲག་ཧུབ་གཅིག་གིས། །འདྲེན་མཛད་མུན་པའི་མདོག་ཅན་ཁྱོད་ལ་བསྟོད། །སླད་ཀྱི་རྗེས་འབྲང་དམར་ནག་སེངྒེའི་གདོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་ཞིང་། །ཁྲོས་པའི་ཞབས་བརྡབས་ས་གསུམ་སྐད་ཅིག་གིས། །ཆེམས་ཆེམས་གཡོ་མཛད་སྲིན་མོ་ཁྱོད་ལ་བསྟོད། ། lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿ ཆར་སྤྲིན་ལྟར་སྔོ་གསེར་གྱི་སྤུ་གྲི་གཡས།།གཡོན་པ་དམ་ཉམས་སྙིང་ཁྲག་དཀྲུག་ཅིང་རོལ། །མི་ལྤགས་གོས་གྱོན་དྲེའུ་ལ་ཆིབས་མ། །དཔྱིད་ཀྱི་རྒྱལ་མོས་བཅོལ་བའི་འཕྲིན་ལས་མཛོད། །པདྨ་རཱ་གའི་མདོག་ཅན་ལྕགས་ཀྱུ་གཡས། །གཡོན་པ་འབར་བའི་ཐོད་པ་ཁྲག་བཀང་བསྣམས། །ཆུ་དར་གྱོན་ཅིང་ཆུ་གླང་སྔོན་པོ་ཆིབས། །དབྱར་གྱི་རྒྱལ་མོས་བཅོལ་བའི་འཕྲིན་ལས་མཛོད། །འཛམ་བུ་ཆུ་བོའི་གསེར་མདོག་གསེར་ཟོར་གཡས། །གཡོན་པ་དགྲ་བགེགས་སྙིང་ཁྲག་ཞལ་དུ་གསོལ། །རྨ་བྱའི་སྒྲོ་ཐུལ་གྱོན་ཅིང་ཤ་བ་ཆིབས། །སྟོན་གྱི་རྒྱལ་མོས་བཅོལ་བའི་འཕྲིན་ལས་མཛོད། །མིག་སྨན་ལྟར་གནག་བདུད་ཀྱི་ཁྲམ་ཤིང་གཡས། །གཡོན་པ་ཁྲག་གིས་བཀང་བའི་ཐོད་པ་འཛིན། །རེ་ལྡེ་གྱོན་ཅིང་རྔ་མོང་ཁམ་པ་ཆིབས། །དགུན་གྱི་རྒྱལ་མོས་བཅོལ་བའི་འཕྲིན་ལས་མཛོད། །lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿདཔལ་ལྡན་གཉན་གྱི་རེ་མ་ཏཱི། །ནམ་མཁའི་ཁམས་ན་བཞུགས་པའི་ཚེ། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །དེ་ཡང་བྱང་ཤར་རེ་མ་ཏཱི། །འདིར་སྤྱོན་མཐུན་པའི་མཆོད་གཏོར་བཞེས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །རི་རབ་ཟོམ་ན་བཞུགས་པའི་ཚེ། །འབར་བ་མེ་ཁྱེར་གློག་འཕྲེང་འཛིན། །ལྷ་སྲིན་དགུ་བརྒྱའི་ལིང་པ་མོ། །དེ་ཡང་× × × རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །མི་ཟད་དྲག་གྱོན་རལ་གཅིག་མ། །ཀླུ་སྲིན་ཐམས་ཅད་དབང་སྡུད་མ། །དེ་ཡང་× × × དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི །གཙོ་མོ་མཛད་པ་དེ་ཡི་ཚེ། །མི་བསྲུན་གཡག་མགོ་ཐོད་རློན་འཕྱང་། །དེ་ཡང་ × × × མ་བདུན་གཙོ་མོ་མཛད་པའི་ཚེ། །ཨེ་ཀ་ཛ་ཊི་རལ་གཅིག་མ། །རྣལ་འབྱོར་ཚེ་འཛིན་དྲོད་ཉུལ་མ། །དེ་ཡང་× × × མ་བདུད་གཙོ་མོ་མཛད་པའི་ཚེ། །རྡོ་རྗེ་ཤཱནྟིཾ་ཀུན་གྲགས་མ། །ཤུགས་པ་ཀུན་གྱི་བཀའ་ཉན་མ།།དེ་ཡང་ × × × སྲིང་བཞིའི་གཙོ་མོ་མཛད་པའི་ཚེ། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །ཉི་མའི་ཟེར་ལ་ཞོན་བྱེད་མ། །དེ་ཡང་× × × ལྷ་དང་ལྷ་མིན་གཡུལ་འཐབ་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཀུན་གྱིས་རྫོང་བཅས་ནས། །ལྷ་མིན་རྣམས་ཀྱི་གཡུལ་ངོ་བཟློག །དེ་ཕྱིར་དུང་དཀར་རྫོང་མར་གྲགས། །དེ་ཡང་× × × བསྟན་པའི་གཙོ་མོ་མཛད་པའི་ཚེ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །འཁོར་རྣམས་སྐྱོང་ཞིང་འདྲེ་སྲིན་འདུལ། །དེ་ཡང་ × × × དམ་ཚིག་མཐའ་གནས་གཙོ་མོ་མཛད་པའི་ཚེ། །མོ་བཙུན་ཆེན་མོ་རྡོ་རྗེ་གཡར་མོ་བསིལ། །རྣལ་འབྱོར་གྲོགས་བྱེད་གསང་སྔགས་ཆོས་འཁོར་སྐྱོང་། །དེ་ཡང་བྱང་ཤར་རེ་མ་ཏཱི། །འདིར་སྤྱོན་མཐུན་པའི་མཆོད་གཏོར་བཞེས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་པོ་རྒྱ་བྱིན་བུ་མོ་ཡིད་འོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་རེ་མ་ཏཱི་ཕྱག་འཚལ་ལོ། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ནོར་འཛིན་མ། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་གཟི་ལེགས་མ། །བྱ་དཀར་ཅན་གྱི་གནས་ཀྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ལྡེ་འགོང་ཡག་བུ་མོ་དྲི་ལྡན་མ། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། ། ནད་དང་འཐབ་རྩོད་དབུལ་འཕོངས་ཞི་བ་དང།།ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །lhMརྗེ་ཙོང་ཁ་པའི་དྲ་བ།
ཨོཾ་འཆི་མེད་ཚེ་ཡི་མཆོག་རྩོལ་ཚེ་རིང་མ། །སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཟས་ཀྱི་དཔལ་སྟེར་མི་གཡོ་བློ་བཟང་མ། །ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། །རྐང་བཞི་འཕེལ་མཛད་གཏད་དཀར་འགྲོ་བཟང་མ། །མཁའ་འགྲོ་ཆེན་མོ་ཁྱེད་ལྔ་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོགས་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །འདིར་གཤེགས་མཆོད་སྤྱིན་གཏོར་མ་བཞེས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། སྔོན་གྱི་× × × × × ×། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །མཁའ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ × × × × ×། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོངས་། །བཙན་ལ་ལོ་རོ་རྡོ་རྗེ་སྨན་གཅིག་མ་། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ × × × × ×། ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས།། ཆོས་བཞིན་སྒྲུབ་པའི་གང་ཟག་ཐམས་ཅད་ཀྱི། །ཆོས་ལྡན་འཕྲིན་ལས་མཐའ་དག་སྒྲུབ་མཛད་པའི། །ཆོས་སྐྱོང་ལས་བྱེད་འཁོར་དང་བཅས་རྣམས་ཀྱང་། །སྔོན་གྱི × × × × ×།ཞེས་སོགས་གོང་ལྟར་བྱའོ།lhMརྗེ་ཙོང་ཁ་པའི་དྲ་བ།
བསྐུལ།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿརི་རབ་ལྷུན་པོའི་གདན་སྟེང་ན། །རླུང་ནག་འཚུབ་མའི་གུར་གྱི་ནང་། །དྲེའུ་རྐྱང་སེར་གྭ་པའི་སྟེང་། །ཀྵ་ལས་བྱུང་བའི་ནག་མོ་ནི། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་བེ་ཅོན་དང་། །གཡོན་པ་ཡུངས་དཀར་ཐོད་ཁྲག་འཛིན། །སྐུ་ལ་མི་ལྤགས་གཡང་གཞི་དང་། །རེ་བ་ནག་པོའི་གོས་གྱོན་ཅིང་། །རྫུ་འཕྲུལ་ཤུགས་ཀྱིས་སྟོང་གསུམ་བསྐོར། །ཁྱོད་ཀྱི་དགྲ་བགེགས་ཐལ་བར་རློག །ཧཱུཾ་ལས་བྱུང་བའི་ནག་མོ་ནི། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཕྱག་གཡས་སྡིགས་མཛུབ་ཞགས་པ་དང་། །གཡོན་པ་དྲེའུའི་མཐུར་སྣ་འཛིན། །ཆུ་སྲིན་གདོང་ཅན་ལས་མཛོད་གཅིག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་། །སྐུ་མདོག་དམར་ནག་སྲིན་མོའི་གཟུགས། །ཕྱག་གཡས་རྡོ་རྗེ་གྲི་གུག་དང་། །གཡོན་པ་སྡིགས་མཛུབ་ཞགས་པ་འཛིན། །སེང་གེའི་གདོང་ཅན་ལས་མཛོད་ཅིག ། བྷྱོཿདཔལ་ལྡན་གཉན་གྱི་རེ་མ་ཏཱི། །ལེགས་ཉེས་ཚར་གཅོད་རྗེས་འཛིན་ཕྱིར། །ཁྱོད་ཀྱི་རལ་པའི་གསེབ་ཤེད་ནས། །དུས་བཞིའི་ལྷ་མོའི་སྐུར་ཡང་ཤར། །བྷྱོཿདཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ཤྲཱི་དུར་ཁྲོད་གནས་ཉུལ་མ། །རླུང་ནག་འཚུབ་མའི་སྣ་འདྲེན་མ། །འཁྱག་པའི་མིག་ཏུ་ས་འདེབས་མ། །མིང་པོ་རྡོ་རྗེས་ལས་བཅོལ་ན། །སྲིང་མོ་དམ་ཅན་ལས་མཛོད་ཅིག །ཡིད་ལ་བརྣགས་པའི་དགྲ་བོ་རྣམས། །ཁྲམ་ལ་བབ་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱིས་ཤོ་ཁྱེ་ཞིག།ནད་ཀྱི་རྐྱལ་པ་ཁ་ཐོང་ལ། །མཚོན་གྱི་དྲུ་གུ་དེར་ཁྱོངས་ཤིག །ཉེས་ཅན་སྟེས་ལ་ཤོར་ར་རེ། །རྟགས་བྱུང་མཚན་མ་མྱུར་དུ་སྟོན། །བྷྱོཿདབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །སྤྲིན་བཅས་མཁའ་ལ་ཆར་འབེབས་མ། འབྲུག་སྒྲོག་ཐོག་གི་མདའ་འཕེན་མ། །སད་དང་སེར་བའི་སྣ་འདྲེན་མ། །མིང་པོ་ × × × × × × × × ×བྷྱོཿསྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མཧཱ་ཤཱནྟི་ཀུ་རུ་མ། །རི་རབ་ཀྱི་ནི་ཟོམ་ན་གནས། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །སྤང་པོ་དེ་ནི་ཁ་སེར་ལ། །འབྲུ་དང་ལོ་ཏོག་བཅུད་ལེན་མ། །རྡོ་རྗེ་བཀའ་ཉན་ཕོ་ཉའི་ཚོགས། །མི་རྣམས་ཀུན་གྱི་བདུད་གཅོད་མ། །མིང་པོ× × × × × × × × × བྷྱོཿདགུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །རྒྱ་མཚོའི་གཏིང་ནས་བཀའ་སྡོད་མ༐ ༐དཔག་ཚད་བརྒྱད་ཁྲིར་དྲི་སྣོམ་མ། །ཀླུ་ལ་གནས་ནས་མངའ་མཛད་མ། །མིང་པོ× × × × × × × × × lhMརྗེ་ཙོང་ཁ་པའི་དྲ་བ།
བྷྱོཿཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། །དྲག་མོ་ནམ་གྲུ་ཚིམ་བྱེད་མངའ་བདག་མོ། །སྲོག་བདག་མ་མོ་དཔལ་གྱི་རྡོ་རྗེའི་ལྕམ། །སྡེ་བརྒྱད་བདག་མོ་དཔལ་ལྡན་གཤིན་རྗེའི་ཡུམ། །ཁྱོད་ཀྱི་བཀའ་སྡོད་བྲན་གཡོག་འཁོར་དང་བཅས། །མ་མོ་འབུམ་སྡེ་ནག་མོ་འབུམ་སྡེར་བཅས། །བདུད་དང་གཤིན་རྗེ་སྲིན་པོའི་ཚོགས་དང་བཅས། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །བྱ་ཁྱི་ཅེ་སྤྱང་ལ་སོགས་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྷྱོ་བྷྱོ་དེ་ནི་དམ་ཉམས་དགྲ་ལ་བྷྱོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བྷྱོ། །གདོན་རིགས་གསུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ། །ནད་ཀྱི་བདག་མོ་འཁོར་བཅས་དགྲ་ལ་བྷྱོ། །ཤ་ཟ་ཁྲག་འཐུང་ཐམས་ཅད་དགྲ་ལ་བྷྱོ། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །དམ་ཉམས་དགྲ་བོ་མྱུར་དུ་བསྒྲལ་བར་གྱིས། །མཐུ་རྩལ་དུས་ལ་བབ་བོ་ས་མ་ཡ། ། lhMརྗེ་ཙོང་ཁ་པའི་དྲ་བ།
བསྐུལ་འདི་རྣམས་དུས་གཏོར་སོགས་ཀྱི་སྐབས་དང་གཏོར་མ་འཕེན་པ་སོགས་ཀྱི་སྐབས་མ་གཏོགས་རྒྱུན་དུ་ཤིན་ཏུ་གཉན་པས་མི་བྱེད།བྷྱོཿདཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས།མཐུན་པའི་དམ་རྫས་འདི་བཞེས་ལ།།སོགས་ཆོས་སྐུ་མའི་བཟློག་པ་མཐུན་གྲུབ་མ་བཅས་བྱའོ།།lhMརྗེ་ཙོང་ཁ་པའི་དྲ་བ།
lhMརྗེ་ཙོང་ཁ་པའི་དྲ་བ།
མངའ་གསོལ།lhMརྗེ་ཙོང་ཁ་པའི་དྲ་བ།

བྷྱོཿ རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང་། །བདེ་ཆེན་ཆོས་སྐུའི་ངང་དུ་རོ་གཅིག་ཀྱང་། །རབ་འབྱམས་འཕྲིན་ལས་སྒྲུབ་མཛད་ལྷ་མོ་ཁྱོད། །བཀའ་བརྒྱུད་བླ་མའི་ཚོགས་སུ་མངའ་གསོལ་ལོ། །ལྷན་ཅིག་དངོས་སྐྱེས་བདེ་ཆེན་ནམ་མཁའི་ངང་། །གྲངས་མེད་གཟུགས་སྐུའི་སྒྱུ་འཕྲུལ་དྲ་བ་ཅན། །མ་ལུས་རྒྱལ་བའི་ཡུམ་ཁྱོད་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །སྐུ་གསུམ་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཏེ། །སྤངས་རྟོགས་དབྱེར་མེད་ཞི་གྱུར་དམ་པའི་ཆོས། །རིག་གྲོལ་མཐར་ཕྱིན་འཕགས་ཚོགས་ཀུན་གྱི་གཙོ། །སྐྱབས་གནས་དཀོན་མཆོག་གསུམ་དུ་མངའ་གསོལ་ལོ། །འོད་སྲུངས་བསྟན་པའི་མཇུག་ཏུ་ལྷ་མོ་ཁྱོད། །ཉི་མའི་གཉེན་དང་སྨོན་ལམ་ལྷན་ཅིག་པས། །ཞིང་འདིར་ཐུབ་བསྟན་བསྲུང་དང་སྤེལ་མཛད་པའི། །བཀའ་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱར་ཞིང་། །ཐོགས་མེད་དངོས་གྲུབ་ཆར་འབེབས་ལྷ་མོ་ཁྱོད། །མཁའ་འགྲོ་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཁྱོད་ནི་སྲིད་གསུམ་མ་ལུས་ཀུན་གྱི་བདག །འདོད་ཁམས་དབང་བསྒྱུར་སྡེ་བརྒྱད་བྲན་དུ་འཁོལ། །འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མའི་གཙོ། །སྣང་སྲིད་ཀུན་གྱི་བདག་མོར་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་མི་ནོར་དགོན་གནས་བཅས། །ཀུན་གྱི་སྲུང་མར་མངའ་གསོལ་གཉེར་གཏད་ཀྱི། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རབ་འབྱམས་འཕྲིན་ལས་བསྒྲུབ་ལ་མ་གཡེལ་ཞིག ། ཨོཾ སྲིད་བཞི་མ་དང་། །མཐུན་པའི་དངོས་གྲུབ་མ་ལུས་པ། །ཞེས་པ་ནས།སྲུང་མའི་ཚོགས། །དེ་ནས་གཏང་རག་གི་མཆོད་པ་གསར་དུ་བཤམས་པའམ་ཁ་གསོ་བ་གང་རིགས་བྱས་ལ་བྱིན་གྱི་བརླབས་ཤིང་འབུལ་བ་སོགས་མཇུག་གི་ཆོ་ག་རྣམས་སྤྱི་ལྟར་བྱའོ།། བྷྱོཿ དཔལ་གྱི་གཟུགས་ལ་འདོད་ཁམས་གཙོ་མོ་ཁྱོད། །དྲེ་རྟ་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག །བེ་ཅོན་ནལ་ཐོད་དམ་པའི་རང་རྟགས་འཛིན། །རེ་ལྡེའི་སྟོད་གཡོགས་སྦྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། །འདོད་དགུའི་མཆོག་སྦྱིན་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏཱི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། ། lhMརྗེ་ཙོང་ཁ་པའི་དྲ་བ།
ཅེས་པས་བསྟོད།lhMརྗེ་ཙོང་ཁ་པའི་དྲ་བ།
བཀྲ་ཤིས།lhMརྗེ་ཙོང་ཁ་པའི་དྲ་བ།
༄༅། །དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བའི། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་དང་། །སྐུ་བཞིའི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་གཙོ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རབ་བཞི་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ཐབས་མང་སྤྲུལ་པས་བསྟན་པ་བསྲུང་མཛད་ཅིང་། །སྒྲུབ་པ་པོ་རྣམས་བུ་བཞིན་སྐྱོང་མཛད་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོའི་བཀྲ་ཤིས་ཤོག །ཆོས་བཞིན་སྒྲུབ་པའི་གང་ཟག་སྐྱོང་བ་དང་། །བསྟན་དགྲ་དམ་ཉམས་ཕྱེ་མར་འཐག་པ་ལ། །ནམ་ཡང་གཡེལ་བ་མེད་པའི་འཕྲིན་ལས་ཅན། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །ཞེས་སོགས་འདོན། དགེ་ལེགས་འཕེལ།། །།lhMརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K