མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།། སེང་གདོང་གཙོ་འཁོར་གསུམ་གྱི་བསྙེན་ཡིག་བསྡུས་བ་བཞུགས་སོ།།

    སྤེལ་དུས།  2017-03-16 22:35:29         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ༄༅།། འདིར་སེང་གདོང་མའི་བསྙེན་པ་ལ་འདུག་པར་འདོད་པའི་ཐོག་མར། གཏོར་མ་དང་མཆོད་པ་སོགས་བསྙེན་པའི་ཡོ་བྱད་རྣམས་ཚགས་པར་བྱས་ལ། ཉིན་ཐོག་མར་སྲོད་ཀྱི་དུས་སུ་སྒོ་དྲུང་དུ་བགེགས་གཏོར་བཤམས་ལ། སྐྱབས་སེམས་སྔོན་དུ་བཏང་ལ། རང་ལྷའི་ང་རྒྱལ་དང་ལྡན་པའི་བགེགས་བསྐྲད། བསྲུང་འཁོར་བསྒོམས། མཚམས་ཐོ་བསྐྱེད་པ། གནས་དང་ཡོ་བྱད་དང་རང་གི་གནས་ཁང་བྱིན་རླབས། གདན་བྱིན་རླབས་སོགས་གཞན་ལས་ཤེས་པར་བྱ། དེ་ནས་དགུང་ཇ་བཞེས་རྗེས་ཐུན་མོང་སྐྱབས་འགྲོ་བརྒྱ་སྐོར། དམིགས་བརྩེ་མ་བརྒྱ་སྐོར་སོགས་བྱས་ལ། ཧྲཱིཿསྔོན་གྱི་བསྐལ་བ་་ནས་་འགོད་པར་ཤོག སྐུ་གསུམ་མངོན་གྱུར་་ཅེས་བླ་བརྒྱུད་གསོལ་འདེབས། རང་ཉིད་སྐད་ཅིག་གིས་་ནས་་བཞེངས་པར་གྱུར། དེ་ནས་ནང་མཆོད་དང་མཆོད་པ་བྱིན་རླབས་ནི། ཨ་མྲྀཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་་ཞེས་བ་ནས་གཞུང་ལྟར་་བསྲེགས་པར་གྱུར། ཅེས་པའི་བར་བརྗོད་ལ། བཟླས་པ་ཅི་འགྲུབ་བྱས་ལ་ཡིག་བརྒྱ་བརྗོད། ཡེ་ཤེས་ཀྱི་མཁའ་འགྲོ་་ནས་་སྩལ་ཏུ་གསོལ། དེ་ནས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་་ནས་་གཤེགས་པར་གྱུར། ཞེས་པའི་བར་བརྗོད། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་་ཞེས་པའི་གཏོར་འབུལ་གཞུང་ལྟར། དཔལ་ལྡན་རྡོ་རྗེ་་ཞེས་བསྟོད་པའི་བར་བྱ། མཚམས་འདིར་མགོན་ཆོས་སོགས་ཆོས་སྐྱོང་རྣམས་དང་། བཀའ་བསྲུང་སོགས་དང་། མཁའ་འགྲོའི་སྤྱི་གཏོར། གཞི་བདག་གཏོར་མ། མཚམས་འདིར་ཚོགས་བྱ། དེ་ནས་གཏང་རག་ནི། གོང་གི་མཆོད་པ་བྱིན་རླབས་ལྟར་བྱས། ཨོཾ་བཛྲ་ཊ་ཀི་ནི་སིདྷ་མུ་ཁ་ས་བ་རི་ཝ་ར་ཨརྒྷཾ་་ནས་་ཤཔྟའི་བར་དང་སྔགས་དེ་ལ་འབྲུ་གསུམ་བཏགས་པའི་ནང་མཆོད། དཔལ་ལྡན་རྡོ་རྗེ་་སོགས་ཀྱིས་བསྟོད། དེ་ནས་ཡིག་བརྒྱ་ལན་གསུམ། མ་རྙེད་ཡོངས་སུ་་དང་རྟེན་ཡོད་ན། འདིར་ནི་རྟེན་དང་་ཞེས་པ་དང་མེད་ན། ཁྱེད་ཀྱིས་སེམས་ཅན་་ཞེས་པ་དང་། བསྡུ་རིམ་ནི། བསྲུང་འཁོར་གདན་དང་་ནས་་ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། དགེ་བ་འདི་ཡིས་་ནས་་འགོད་པར་ཤོག སྨོན་ལམ་ནི། བསླུ་མེད་སྐྱབས་གནས་་ཞེས་པ་ནས་་བདེ་བླག་འགོད་པར་ཤོག ཤིས་བརྗོད་ནི། དཔལ་ལྡན་རིགས་བརྒྱའི་་ནས་་བཀྲ་ཤིས་ཤོག བར་དང་། གཞན་བསྔོ་སྨོན་སོགས་བྱའོ། ཕྱི་ཉིན་ཐུན་དང་པོ་ལ། མགོར་སྐྱབས་འགྲོ་བརྒྱ་སྐོར། དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་བརྒྱ་སྐོར། སྔོན་གྱི་་བླ་བརྒྱུད་གསོལ་འདེབས། རང་ཉིད་སྐད་ཅིག་་ནས་་བཞེངས་པར་གྱུར། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡཾ་ལས་་ནས་གཞུང་ལྟར། བསྒྲེག་པར་གྱུར། བར་དང་བཟླས་པ་ཅི་འགྲུབ་མཐར་ཡིག་བརྒྱ་བརྗོད། ཡེ་ཤེས་ཀྱི་མཁའ་འགྲོ་་ནས་་སྩལ་ཏུ་གསོལ། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་་ཞེས་པ་ནས་་ས་ལ་འགོད་པར་ཤོག ཞེས་པའི་གཞུང་ལྟར་བྱའོ། ཐུན་གཉིས་པ། རང་ཉིད་སྐད་ཅིག་་ནས་བཟུང་ཐུན་དང་པོ་དང་འདྲའོ། ཐུན་གསུམ་པ་བཟླས་པའི་བར་ཐུན་གཉིས་པ་དང་འདྲ། བཟླས་པའི་མཇུག་ཡིག་བརྒྱ། ཡེ་ཤེས་ཀྱི་མཁའ་འགྲོ་་ནས་་སྩལ་ཏུ་གསོལ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་་ནས་་དཔལ་ལྡན་རྡོ་རྗེ་་བར་བྱས། མགོན་ཆོས བཀའ་བསྲུང་ མཁའ་འགྲོའི་སྤྱི་གཏོར གཞི་བདག་གཏོར་མ ཚོགས་འཁོར་བྱས་ལ གཏང་རག་སྨོན་ལམ་སོགས་བྱའོ། ཐུན་མ་ལ བཟླས་པའི་བར། ཐུན་གཉིས་པ་དང་འདྲ་ལ། བཟླས་པའི་མཇུག་ཡིག་བརྒྱ་བརྗོད། ཡེ་ཤེས་ཀྱི་མཁའ་འགྲོ་་ནས་སྩལ་ཏུ་གསོལ། དེ་ནས རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་གཙོ་འཁོར་་ནས་་གནས་སུ་གཤེགས་པར་གྱུར། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་་ནས་་དཔལ་ལྡན་རྡོ་རྗེ་ མཇུག་ཡིག་བརྒྱ་བརྗོད། བཟོད་གསོལ། བརྟན་བཞུགས། གཤེགས་གསོལ། བསྡུ་རིམ་ནི ས་ལ་འགོད་པར་ཤོག སྨོན་ལམ་ནི། བསླུ་མེད་སྐྱབས་གནས་་ནས་་བདེ་བླག་འགོད་པར་ཤོག ཤིས་བརྗོད་ནི། དཔལ་ལྡན་རིགས་བརྒྱའི་་ནས་་བཀྲ་ཤིས་ཤོག གཞན་བསྔོ་སྨོན་སོགས་བྱའོ། དེ་ལྟར་བྱས་ལ་མཚམས་གྲོལ་ཉིན་ཐུན་དང་པོ་ཡང་ཐུན་དང་པོ་དང་འདྲ། ཐུན་གཉིས་པ་བཟླས་པའི་བར་ཐུན་གཉིས་པ་དང་འདྲ། བཟླས་མཐར་ཡིག་བརྒྱ་བརྗོད། ཡེ་ཤེས་ཀྱི་མཁའ་འགྲོ་་ནས་་སྩལ་ཏུ་གསོལ། བར་དང་དེ་ནས རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་གཙོ་འཁོར་་ནས་་གཤེགས་པར་གྱུར། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་་ནས་་དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད་པའི་བར་བྱ། དེ་ནས་མགོན་ཆོས་སོགས་ཀྱིས་གཏོར་བསྔོས། མཁའ་འགྲོའི་སྤྱི་གཏོར རྒྱལ་ཆེན་བཞིའི་གཏོར་འབུལ་ གཞི་བདག་གཏོར་མ ཚོགས་འཁོར་རྒྱས་པའི་དགའ་སྟོན་བྱ། གཏང་རག་མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ་བྱ། སྨོན་ལམ་རྒྱས་པ ཤིས་པ་བརྗོད་པར་བྱའོ། དེ་ནས་མཚམས་ཐོའི་མདུན་དུ་མཆོད་གཏོར་བཤམས་ལ་སྔར་བཞིན་ཕུལ་ཏེ། ཡིག་བརྒྱ བཟོད་གསོལ། བཅས་གཤེགས་གསོལ་བྱའོ། ནང་མཚམས་གྲོལ་ལོ། དེ་མིན་ཆོས་སྐྱོང་བཀའ་བསྲུང་གཞི་བདག་གནས་བདག་སོགས་ལ་གཏང་རག་གི་ཚུལ་དུ་བསང་དང་གཏོར་མ་རྒྱ་ཆེན་གཏོང་ངོ་། བཀྲ་ཤིས། ནང་གཏོར་ལ། བླ་གཏོར། གཙོ་འཁོར་གསུམ། ཆོས་སྐྱོང་སྤྱི། དུར་བདག དམ་ཅན། མཁའ་འགྲོའི་སྤྱི་གཏོར། རྒྱལ་ཆེན་བཞི། གཞི་བདག་གཏོར་མ། མཆོད་པ་བདག་མདུན་གཉིས་བཅས་སོ།།18Tརྗེ་ཙོང་ཁ་པའི་དྲ་བ།


18Tརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K