མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཤོ་ཁང་ཐུབ་བསྟན་ཡིད་དགའ་ཆོས་གླིང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-04-05 09:13:58         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 0405_1 (1).jpglGcརྗེ་ཙོང་ཁ་པའི་དྲ་བ།

        ༈དགོན་པ་ཕྱག་བཏབས་པ་པོ་དགེ་སློང་འཕགས་སྣ་ཞེས་པ་ནི། འཁྲུངས་ཡུལ་ལྷ་སའི་ཉེ་འགྲམ་འཕེན་པོ་ནས་ཡིན་ཞིང་༎ སེར་བྱེས་གྲྭ་ཚང་བྲ་ཏི་ཁང་ཚན་དུ་ཆོས་ཞུགས་བྱས་ནས་སློབ་གཉེར་ཚུལ་བཞིན་གནང་། ཁྱད་པར་དུ་ཡང་ཆོ་ག་ཕྱག་ལེན་དང་༎ དབྱངས་ཐྱིག་གར་གསུམ་དང་༎ གཞུང་ཆེན་མོ་རྣམས་ཀྱང་གང་མཚམས་ གཟིགས་ནས་ལྷོ་ཁ་ཕྱོགས་སུ་བྱོན་ནས༎ ལོ་གསུམ་ཆོས་གསུམ་གྲུབ་པ་མཛད་ནས་བཞུགས༎ དེ་ནས་མོན་རྟ་དབང་དུ་ཕེབས་ནས་གཡུ་བྲག་དགོན་པར་ལོ་ཡུན་རིང་ཙམ་སྒྲུབ་པ་མཛད་ནས་བཞུགས༎ དེ་དུས་རྟ་དབང་པ་རྣམས་ཀྱང་འབྲུ་རིགས་འཚོལ་དུ་རྭ་དྷི་འཕོངས་མེད་མར་ཡོང་གི་ཡོད་པར་བརྟེན༎ དགེ་སློང་ཡང་དེ་དང་ལྷན་དུ་མར་ཕེབས་ནས༎ རྭ་དྷི་འཕོངས་མེད་རྣམས་སུ་ཆོས་ཡོན་སྦྱིན་བདག་རྣམས་དང་འབྲེལ་བ་ཟབ་པོར་ཆགས་ནས༎ ཡོན་བདག་རྣམས་ཀྱིས་བླ་མ་ཡར་མ་ལོག་པར་ངེད་གཅག་རྣམས་ཀྱི་སྐྱབས་མགོན་དུ་མཛད་དེ། འདི་གར་བཞུགས་རོགས་ཞེས་གསོལ་བ་ཡང་ཡང་བཏབ་པས༎ བླ་མས་ཡང་རྭ་དྷི་འཕོངས་མེད་ཀྱི་ཡོན་བདག་རྣམས་ལ་ཐུགས་བརྩེ་བར་དགོངས་ནས༎ འོ་ན་སྡོད་ཆོག་ཡིན་ནའང་ང་ཡུལ་དཀྱིལ་དུ་སྡོད་མི་ཐུབ༎ ཟུར་ཞིག་ལ་སྡོད་རྒྱུ་ཡིན་གསུངས་ནས༎ ཤོ་ཁང་དུ་ཕེབས་ནས་ཐུབ་བསྟན་ཡིད་དགའ་ཆོས་གླིང་ཞེས་པའི་སྒྲུབ་ཁང་ཞིག་བརྩིགས་ནས་དེར་བསྒྲུབ་པ་ མཛད་ནས་ཡུན་རིང་བཞུགས་པ་མ་ཚད༎ བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད༎ ཕྱིས་སུ་ཁོང་གི་སློབ་མ་དགེ་སློང་བྷི་མས་ ཡང་དེར་སྒྲུབ་པ་མཛད་ནས་བཞུགས༎ དེ་ནས་ཁོང་གི་སློབ་མ་དགེ་སློང་གཞོན་ནུ་ཡང་དེར་བཞུགས༎ ཁོང་ནི་༼དུས་རབས་༡༩་ པའི་རབ་བྱུང་༡༥་པའི་ནང་༽ལ་ཕེབས་ཡིན་པ་འདྲ༎ ཁོང་ནི་ཤིང་བཟོའི་རིགས་ལ་མཁས་པ་ཞིག་ཡོད་པར་གྲགས༎ ཁོང་གི་ཕྱག་བཟོ་སྦག་ལ་སོགས་པ་དུས་ཕྱིས་སུ་ཡང་ཡོད་པར་མི་རྒན་རྣམས་ཀྱིས་བཤད་སྲོལ་འདུག དེས་བསྐལ་བཟང་དོན་ཡོད་བསྟན་ འཛིན་མཆོག༌ནས་ཀྱང་དབང་ལུང་མན་ངག་སོགས་ཞུས་ཡོད་པའི་ལོ་རྒྱུས་འདུག ༎lGcརྗེ་ཙོང་ཁ་པའི་དྲ་བ།

0405_2 (1).jpglGcརྗེ་ཙོང་ཁ་པའི་དྲ་བ།

        ༈ དེའི་རྗེས་སུ་ཁོང་གི་སློབ་མ་བཀྲ་ཤིས་གཡང་རྩེ་སྟོང་བྱང་ནས་ཡིན་པས༎ གཏོང་ཚེ་རིང་ཞེས་པ་ཞིག་བོད་དུ་བྱོན་ནས་དགའ་ལྡན་དུ་ཕྱག་དཔེ་གཟིགས་ཏེ་མཐར་དགེ་བཤེས་མཚན་བཏགས་བཞེས་ཏེ༎ ཁོང་ཡང་སྔར་བླ་མའི་གདན་ས་ཤོ་ཁང་དུ་བྱོན་སྒྲུབ་པ་མཛད་ནས་བཞུགས༎ ཁོང་གིས་སློབ་མ་ཡང་མང་དུ་འདུས་ནས་འགྲོ་བའི་དོན་རྒྱ་ཆེར་མཛད༎ ཕྱིས་སུ་མཚན་ཡང་སློབ་དཔོན་གཏོང་ཚེ་རིང་ཞེས་གྲགས། ཁོང་ནི་ཐབས་མཁས་ཐུགས་རྗེ་ཅན་ཞིག་ཡིན་པས། དེའི་སྐབས་ནས་གཞུང་གྲྭ་ཚང་གི་ལམ་ལུགས་ལྟར། དེར་ཡང་རྒྱུ་སྨན་འདམ་ལས་གྲུབ་པའི་ཞབས་དྲུང་སྐུ་འདྲ་ཞིག་བཞེངས་ནས་ཞབས་དྲུང་ཚེས་བཅུ་ཞེས་སྐུ་གསུང་ཐུགས་བརྟེན་སོགས་དབང་གནང་སྲོལ་བཙུགས་པས། ཡུལ་མི་རྣམས་ལ་ཕན་ཐོག་ཆེན་པོ་བྱུང་བས་དུས་ད་ལྟའི་བར་དུའང་དབང་གནང་སྲོལ་འདུགlGcརྗེ་ཙོང་ཁ་པའི་དྲ་བ།

0405_3 (1).jpglGcརྗེ་ཙོང་ཁ་པའི་དྲ་བ།

        དེ་ནས་སློབ་དཔོན་ཞིང་དུ་གཤེགས་པའི་རྗེས་སུ་ཁོང་གི་སློབ་མ་རྣམས་རིམ་པའི་འཐོར་རྐྱེན་དུ་ཕྱིན་ཏེ༎ དགོན་པ་ཡང་ཉམས་རུས་སུ་སོང་༎དེའི་སྐབས་གདོང་ལ་སློབ་དཔོན་པདྨ་རྡོ་རྗེ་མཛད་འཕྲིན་རྒྱས་བཞིན་ཡོད་པས༎ མི་མང་ཡོངས་ནས་གདོང་ལ་སློབ་དཔོན་ལ་ངེད་ཅག་གི་བླ་མ་མཛད་ནས་བཞུགས་རོགས་ཞུས་པས༎ ད་ང་ལོ་བགྲེས་སོང་ནས་ངེས་ཡོང་བ་མིན་འདུག ངའི་སློབ་མ་གཞོན་ནུ་མགོན་པོ་བཏང་ཡོང་ཞེས་གསུངས་པ་བཞིན༎ བླ་མ་དགོན་པོ་གདན་འདྲེན་ཞུས༎ དེས་ཤོ་ཁང་ཐུབ་བསྟན་ཡིད་དགའ་ཆོས་གླིང་དགོན་པའི་བླ་མ་མཛད་ནས་བཞུགས༎ དེའི་རྗེས་སུ་བླ་མ་དགོན་པོའི་རིགས་སྲས་བླ་མ་རྣམ་སྲས་ཀྱིས་དགོན་བདག་མཛད༎ གུས་པས་བླ་མ་རྣམ་སྲས་སློབ་དཔོན་དུ་བསྟེན་ནས་སློབ་སྦྱོང་བྱེད་རྒྱུ་གོ་བཙུགས་པ་ཡིན༎ ཡིག་ཆ་རྙིང་པ་དང་༎ སློབ་དཔོན་གྱིས་གསུངས་པ་བཞིན་ངག་ལམ་ནས་རྣ་ལམ་དུ་བརྒྱུད་དེ་ཡོད་པ་རྣམས་ཟིན་བྲིས་བྱས་ནས་ཕྱོགས་ གཅིག་ཏུ་བསྡོམ་ནས་འདིར་བཀོད་པ་མ་གཏོགས་རང་བཟོས་མིན་ནོ།།lGcརྗེ་ཙོང་ཁ་པའི་དྲ་བ།

0405_4 (1).jpglGcརྗེ་ཙོང་ཁ་པའི་དྲ་བ།

        ༈ དགོན་པ་འདིར༎ ལ་དྭགས་ནས་ཡིན་པས༎ དགེ་སློང་ཞིག་ཕེབས་ནས་ཁོང་གིས་ཁྱོད་རང་ཚོ་འདི་ལ་ནད་ཡམས་མུ་གེ་འཁྲུགས་རྩོད་སོགས་མི་ཡོང་བའི་ཆེད་དུ༎ དགེ་སློང་མ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཞིག༌བཙུགས་ཤོག་གསུངས་ནས༎ ཀྲང་ཀ་དཀར་པོ་བརྒྱ་ཐམས་པ་གནང་བས༎ དེ་ནས་བཟུང་དགེ་སློང་མ་ དཔལ་མོ་ལུགས་ཀྱི་སྨྱུང་གནས་ད་ལྟ་བར་དུ་མུ་མཐུད་ནས་ཚོགས་བཞིན་ཡོད༎ དེ་ནས་༼ཕྱི་ལོ ༡༩༧༥ ལོར་༽བླ་མ་ནས་ གཙོས་མི་མང་མཉམ་རུབ་ནས་དགོན་པ་དེ་ཉམས་གསོས་བྱེད༎ དེ་ཡང་ཉམས་ཏེ༎ ༈ རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེའི་བསམ་བློ་ཁང་ཚང་གི དགེ་ཤེས་འཇིག་མེད་མཐར་ཕྱིན་ནས་གཙོ་བོ་བྱེད་དེ༎ ད་ལྟ་དགོན་པ་ཉམས་གསོས་བྱེད་བཞིན་ཡོད༎ དགོན་པའི་ཉེ་འཁོར་ན་མི་ཚང་སུམ་ཅུ་ལྷག་ཙམ་ཞིག་ཡོད༎ དེ་དང་འབྲེལ་ཡོད་ཀྱི་མི་ཚང་སུམ་བརྒྱ་ལྷག་ཙམ་ཞིག་ལ༎ ད་ལྟ་དགོན་པའི་དགེ་བཤེས་འཇིགས་མེད་མཐར་ཕྱིན་ནས་ཕན་ཐོགས་བྱུང་བཞིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་༎ དགོན་པ་འདི་ལེགས་གྲུབ་བྱུང་ན༎ མ་འོངས་པར་རྒྱལ་ཁབ་ཡོངས་ལ་ཆ་སྙོམས་ཀྱི་ཞི་བདེ་སྒྲུབ་ཐུབ་པའི་ཆ་རྐྱེན་དུ་འགྱུར་བར་ངེས་སོ༎ ༎lGcརྗེ་ཙོང་ཁ་པའི་དྲ་བ།

0405_5.jpglGcརྗེ་ཙོང་ཁ་པའི་དྲ་བ།

0405_6.jpglGcརྗེ་ཙོང་ཁ་པའི་དྲ་བ།

0405_7.jpglGcརྗེ་ཙོང་ཁ་པའི་དྲ་བ།

0405_8.jpglGcརྗེ་ཙོང་ཁ་པའི་དྲ་བ།

lGcརྗེ་ཙོང་ཁ་པའི་དྲ་བ།
Thupten yigacholinglGcརྗེ་ཙོང་ཁ་པའི་དྲ་བ།

Shokhang phongmeylGcརྗེ་ཙོང་ཁ་པའི་དྲ་བ།

P/o RangjunglGcརྗེ་ཙོང་ཁ་པའི་དྲ་བ།

Dt Trashi gang Est BhutanlGcརྗེ་ཙོང་ཁ་པའི་དྲ་བ།

Kwangdi1963@gmail.comlGcརྗེ་ཙོང་ཁ་པའི་དྲ་བ།

རྗེ་ཙོང་ཁ་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་འབྲུག་ཡུལ་གནས་བཞུགས་དགེ་བཤེས་བསྟན་འཛིན་བསྟན་པ་ནས་༢༠༡༦-༤-༥-ཉིན།lGcརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K