མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཁྲ་ཚོགས་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:56:25         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

རྨ་ཡུལ་ཨ་སྐྱོང་ཁྲ་ཚོགས་དགོན་གྱི་ལོ་རྒྱུས་མདོར་བསྡུས་བདེན་པའི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།Mbeརྗེ་ཙོང་ཁ་པའི་དྲ་བ།

0204_1 (1).jpgMbeརྗེ་ཙོང་ཁ་པའི་དྲ་བ།

        དགོན་པ་འདི་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོ་ནས་སྤྱི་ལེ་སོ་བརྒྱད་མཚམས་སུ་ཡོད།དགོན་པ་འདི་སྔོན་གྱི་ཚེ་གདན་ས་གཏན་ཁེལ་མེད་པའི་སྦྲ་གུར་གྱི་དགོན་པ་ཞིག་ཡིན།བོད་རབ་བྱུང་བཞི་པའི་ལྕགས་འབྲུག་ལོ་སྟེ།ཕྱི་ལོ1820ལོར་ཨ་རིག་རྭ་རྒྱ་དགོན་གྱི་ཡ་མགོ་དགེ་བཤེས་ཀྱིས་ཕྱག་བཏབ་མཛད་ཅིང་།རྒྱུད་སྡེ་གསར་འཛུགས་དང་སྤྱི་སྲུང་དབྱར་གནས་སོགས་རིམ་གྱིས་འཚོགས་ཏེ།ལམ་རིམ་བློ་སྦྱོང་སོགས་ཀྱི་ཆོས་ཐོག་དབུ་ཚུགས།བོད་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ལོ་སྟེ།ཕྱི་ལོ1848ལོར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་གཟིགས་སྐྱོང་མཛད་དེ།ཁོང་གི་བླ་ཚབ་ཏུ་དཀའ་ཆེན་ཡེ་ཤེས་རྡོ་རྗེ་དབུ་བླ་བྱོན། དེ་ནས་བཟུང་སྤྱི་ཚོགས་བཅོས་སྒྱུར་བར་དུ་བླ་ཚབ་རྣམས་ཀྱིས་དགོན་པ་འདི་གཟིགས་སྐྱོང་མཛད།བོད་རབ་བྱུང་བཅོ་ལྔ་མེ་ལུག་ལོ་སྟེ། ཕྱི་ལོ1907ལོར་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་གིས་དགོན་འདིར་བཀའ་ཤོག་ཐམ་ཀ་དང་བཅས་ཨ་རིག་དགེ་བཤེས་ཆེན་མོའི་བཅའ་ཡིག་དངོས་སུ་གནངས་ཏེ། དགོན་པའི་སྒྲིག་ལམ་དང་དོ་དམ་བྱེད་ཕྱོགས་སོགས་འཛིན་སྐྱོང་གི་སྒོ་ཀུན་ནས་ལམ་སྟོན་གནངས།དུས་དེ་ནས་བཟུང་སྟེ་ཨ་རིག་དགེ་བཤེས་ཆེན་མོའི་བཅའ་ཡིག་གཞིར་བཅས་ནས།དགེ་འདུན་པ་རྣམས་ཀྱིས་ཆོ་ག་ཕྱག་ལེན་དང་། རབ་བྱུང་བའི་ལྟ་སྤྱོད་ཐམས་ཅད་ཚུལ་ལྡན་དོན་མཐུན་གྱིས་ལག་ལེན་གང་ཐུབ་མཛད།བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླིང་ལོ་སྟེ། ཕྱི་ལོ1913ལོར་རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་གདན་ཞུ་བྱས་ཤིང་། གསར་རྙིང་རིས་མེད་ཀྱི་བསྟན་པ་སྤེལ་ཞིང་མཁན་རབས་དུ་མས་དགོན་པ་འདིར་གཟིགས་སྐྱོང་མཛད།Mbeརྗེ་ཙོང་ཁ་པའི་དྲ་བ།
བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོ་སྟེ།ཕྱི་ལོ1935ལོར་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་སུ་བྱོན་ནས་དྭངས་ཧར་མོ་ཆེའི་མདོ་རུ་དད་ལྡན་ཁྲི་ཕྲག་དུ་མར་འོད་དཔག་མེད་མྱུར་ལམ་གྱི་དབང་དང་མདོ་སྔགས་ཀྱི་ཆོས་ཚན་མང་པོ་དང་ལུགས་གཉིས་བླང་དོར་གྱི་བསླབ་བྱ་མང་པོ་གནང་བའི་རྗེས་དྲན་དུ་ད་ལྟ་པཎ་ཆེན་བཞུགས་ཁྲི་སོགས་མཇལ་རྒྱུ་ཡོད་དོ། །Mbeརྗེ་ཙོང་ཁ་པའི་དྲ་བ།

0204_2 (1).jpgMbeརྗེ་ཙོང་ཁ་པའི་དྲ་བ།

        ཕྱི་ལོ་1953ལོར་མ་ཎི་བླ་མ་ཐུབ་བསྟན་ཞི་བའི་བློ་གྲོས་སམ་པདྨ་སིདྷི་རིན་པོ་ཆེ་མཆོག་གིས་རྡོ་མཁར་བཞེངས་ཤིང་། དུར་ཁྲོད་ཕྱག་བཏབ་མཛད་དེ་དགོན་འདིའི་གདན་ས་ཁྲ་ཚོགས་ལ་གཏན་ཁེལ་བྱས་པས། དགོན་མིང་ལ་ཁྲ་ཚོགས་དགོན་ཞེས་སུ་ཐོགས་སོ།།ཕྱིས་སུ་དགོན་འདིར་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བའི་ལུང་བའི་བླ་མ་པདྨ་བསམ་འགྲུབ་མཆོག་གི་རྨི་ལྟས་ཁྱད་འཕགས་ཤིག་དང་སྒོ་བསྟུན་ནས། ཁོང་གིས་དགའ་ལྡན་ཆོས་འཁོར་གླིང་ཞེས་སུ་མཚན་ཐོགས་ཞེས་བཀའ་བསྩལ་པ་ལྟར་ད་ལྟ་ཁྲ་ཚོགས་དགོན་དགའ་ལྡན་ཆོས་འཁོར་གླིང་ཞེས་ཟེར།ཕྱི་ལོ1958ལོའི་སྤྱི་ཚོགས་བཅོས་སྒྱུར་དང་རིག་གནས་གསར་རྗེར་གྲགས་པའི་སྨྱོན་པའི་ལོ་ཟླ་ནག་པོའི་གོད་ཆག་གི་འོག་ཏུ་རིན་ཐང་གཞལ་དཀའ་བའི་རིག་དངོས་སྣ་ཚོགས་ཏེ། པན་རིན་པོ་ཆེས་གནངས་པའི་བཀའ་ཤོག་དང་ཐམ་ཀ བཀའ་དང་བསྟན་བཅོས་ཀྱི་དཔེ་རྙིང་རྩ་ཆེན། ཨ་སྐྱོང་མཆོད་ཆ་དང་ལྷ་གུར།གསེར་སྐུ་བྱིན་ཅན་དུ་མ་དུས་ཀྱི་རླུང་ནག་འཚུབ་མས་ལྷག་མེད་དུ་རྩ་བརླགས་བྱས་ཤིང་།མ་ཟད་དཔལ་ལྡན་བླ་མའི་སྐུ་ལ་བདོ་ཞིང་།དམ་པའི་ཆོས་ལ་སྐུར་བ་འདེབས་པའི་གདུག་རྩུབ་ཆེ་བའི་མི་རིགས་ཀྱི་གཤེད་མ། མ་ཉེས་ཁ་ཡོག་གི་ཞྭ་བཟོ་བ་རྣམས་ཀྱི་ལག་འོག་ཏུ་ཞི་དུལ་བག་ཡོད་ལྡན་པའི་དགོན་འདིའི་སྐྱེས་ཆེན་དུ་མའི་སྐུ་སྲོག་འཆོར་མྱོང་ངོ་།།Mbeརྗེ་ཙོང་ཁ་པའི་དྲ་བ།
འདི་ནི་ཕྱིར་དྲན་ཀློང་གི་ལོ་རྒྱུས་ཀྱི་རགས་ཟིན་ཙམ་མོ།།Mbeརྗེ་ཙོང་ཁ་པའི་དྲ་བ།

0204_3 (1).jpgMbeརྗེ་ཙོང་ཁ་པའི་དྲ་བ།

༼ ད་ལྟའི་གནས་བབ། ༽Mbeརྗེ་ཙོང་ཁ་པའི་དྲ་བ།
Mbeརྗེ་ཙོང་ཁ་པའི་དྲ་བ།
        དེ་ནས་བསྟན་པ་ཡང་དར་སྐབས་ཏེ། ཕྱི་ལོ1983ལོར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དར་ནས།རྒྱལ་ཁབ་ཀྱིས་ཆོས་ལུགས་བྱ་འགུལ་ས་ཚུགས་ཀྱི་མིང་བཏགས་པ་དང་། ཕྱི་ལོ1985ལོར་དངོས་སུ་དགོན་པའི་ཆོག་མཆན་ཐོབ་པས། བཀའ་དྲིན་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ་བ། ལུང་བའི་བླ་མ་པདྨ་བསམ་འགྲུབ་དང་། མཆོག་སྤྲུལ་ཚུལ་ཁྲིམས་ནོར་བུ་། ཤར་འོད་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་རྣམས་ཀྱིས་གཙོར་མཛད་རྒན་རབས་པ་ཁ་ཤས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་མཉམ་འབྲེལ་བྱས་ནས། ས་གནས་འདིར་འདུ་ཁང་གསར་བཞེངས་མཛད་དེ། དགོན་པ་ཕྱག་བཏབ་མཛད་པ་ཡིན།བོད་རབ་བྱུང་བཅུ་དྲུག་མེ་སྟག་གི་ལོ་སྟེ། ཕྱི་ལོ1986ལོར་རྭ་རྒྱའི་མཁན་ཚུལ་ཁྲིམས་བཟང་པོ་གདན་ཞུ་བྱས་ནས།དགེ་འདུན་པ་བཅུ་ཕྲག་གཉིས་ལྷག་གིས་རབ་བྱུང་དང་བསྙེན་རྫོགས་སྡོམ་པ་བཞེས་ཤིང་། དབྱར་གནས་དང་གསོ་སྦྱོང་སོགས་གཞི་གསུམ་གྱི་ཕྱག་ལེན་གསར་འཛུགས་མཛད། ཕྱི་ལོ1985ལོར་ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་དགོན་འདིར་ཞབས་ཀྱིས་བཅག་སྟེ། དགུན་ཆོས་ལ་སྙིང་ཐིག་སྔོན་འགྲོ་དང་སེམས་ཉིད་ངལ་གསོ་སོགས་དབང་བཀའ་ཆོས་གྱ་ནོམ་པ་གནངས། ཕྱི་ལོ1993ལོར་བཤད་གྲྭ་དབུ་ཚུགས་ནས་སྔོན་འགྲོ་སྤྱོད་འཇུག་སྡོམ་གསུམ་སོགས་བློ་སྦྱོང་གཙོར་བྱས་པའི་བཤད་སྒྲུབ་ཀྱི་འཆད་ཉན་རང་དགོན་གྱི་མཁན་ཆོས་གྲགས་སོགས་མཁན་རབས་དུ་མས་འབད་བརྩོན་ལྷོད་མེད་ཀྱིས་དགོན་པ་བསྐྱངས། ཕྱི་ལོ2005ལོར་རྔ་ཡུལ་ཀིརྟི་དགོན་ཆེན་གྱི་ཨ་ལགས་སྒོ་རི་ཚང་གིས་ཞལ་བཀོད་ལྟར་མཚན་ཉིད་གསར་འཛུགས་བྱ་རྒྱུ་ཐག་ཆོད་བྱུང་ནས་ཨ་རིག་རྭ་རྒྱ་དགོན་པའི་དགེ་རྒན་གྲགས་པ་བཟང་པོ་ལགས་གདན་ཞུ་བྱས་ཏེ།མཚན་ཉིད་གསར་ཚུགས་ཀྱི་ཉིན་བྱེད་མཁའ་ནས་ཤར།དཔེ་ཁྲིད་དང་རྩོད་པ། སྒྲིག་ལམ་སོགས་ལ་དགེ་རྒན་མཆོག་གིས་གཟིགས་སྐྱོང་བླ་ལྷག་མཛད་པས།མཚན་ཉིད་སློབ་སྦྱོང་གི་རྨང་གཞི་ལེགས་པར་ཚུགས།ཕྱི་ལོ2008ལོར་རྭ་རྒྱའི་མཁན་ཟུར་དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་བྱོན་ནས་དཔེ་ཁྲིད་དང་རྩོད་པ་སྒྲིག་ལམ་སོགས་ཕྱོགས་དང་སྒོ་ཀུན་ནས་གཟིགས་སྐྱོང་བླ་མེད་མཛད་དང་། མཛད་བཞིན་པའི་སྐབས་ལགས་སོ།།Mbeརྗེ་ཙོང་ཁ་པའི་དྲ་བ།
      དགོན་པ་འདིར་ད་ལྟ་དགེ་འདུན་པའི་ཞལ་གྲངས་200ལྷག་ཡོད་པ་དང་། འཛིན་གྲྭ་གོང་འོག་བདུན་སྟེ། གོང་མ་རྣམས་ཀྱིས་ཕར་ཕྱིན་སྐབས་དང་པོ་དང་ཟུར་བཀོད་ཆ་ཚང་། ཀུན་གཞི་དང་རྣམ་འགྲེལ་ལེའུ་དང་པོ།བྱང་ཆུབ་ལམ་རིམ་ཆེན་མོ་ཆ་ཚང་བ་བཅས་ལ་ཐོས་བསམ་རྣལ་མའི་བློ་གྲོས་ཀྱི་འཇུག་པ་མཐར་སོན་ཅིང་།མདོ་རྒྱུད་གཙུག་ལག་རིག་པའི་གངས་དཀར་གྱི་སྤོ་རུ་ཐོས་བརྩོན་ཤེས་རབ་རྣལ་མའི་རྩལ་གྱིས་འཛེགས་པར་གུས་རྟག་ཟུང་གི་བརྩོན་པའི་བརྟུན་པ་གཡོ་མེད་དུ་བསྐྱེད་བཞིན་པ་འདི་ལགས་སོ།།འདི་ནི་ད་ལྟའི་གནས་བབ་ཀྱི་ས་བོན་ཙམ་ཞིག་གོ།།Mbeརྗེ་ཙོང་ཁ་པའི་དྲ་བ།
༼ མ་འོངས་པའི་ཕུགས་བསམ། ༽Mbeརྗེ་ཙོང་ཁ་པའི་དྲ་བ།
Mbeརྗེ་ཙོང་ཁ་པའི་དྲ་བ།
        དེ་ཡང་ཇི་སྐད་དུ། སངས་རྒྱས་གཉིས་པར་གྲགས་པ་སློབ་དཔོན་དབྱིག་གཉེན་གྱིས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་བསྟན་པ་ནི་ཕྱིའི་ལྷ་ཁང་དང་གསེར་སྐུ་སོགས་ཟང་ཟིང་གི་འཛུགས་སྐྲུན་དང་། ཁ་འདོན་ཕྱག་སྐོར་གྱི་དགེ་སྦྱོར་ཙམ་པོ་བར་ངོས་འཛིན་རྒྱུ་མ་ཡིན་པར་ལུང་སྡེ་སྣོད་གསུམ་ལ་འཆད་ཉན། ལམ་བསླབ་པ་གསུམ་ལ་ཉམས་བཞེས་ཏེ། བཤད་སྒྲུབ་གཉིས་ལ་ངོས་འཛིན་དགོས་པ་དང་།བསྟན་པ་འཕེལ་འགྲུབ་ཀྱི་གཞི་རྩ་འམ་བསྟན་པ་འཛིན་ལུགས་ཀྱང་དེ་འཛིན་བྱེད་པ་སྨྲ་བྱེད་པ།།སྒྲུབ་པར་བྱེད་པ་ཁོ་ན་ཡིན།།ཞེས་གསུངས་པ་ལྟར་དགོན་པ་ཞིག་ཡིན་ན་ཐུགས་མཐུན་ཁྲིམས་གཙང་དང་།གཞི་གསུམ་གྱི་ཕྱག་ལེན་ཚད་ལྡན་གྱི་སྒོ་ནས་ཐོས་བསམ་སློབ་གཉེར་ཡང་དག་ཅིག་ཡོད་དགོས།བསྟན་པའི་གཞི་མ་དེ་དག་མེད་ཚེ་དགོན་པ་ཞེས་པའི་ཐ་སྙད་གདགས་པའི་གཞི་བཙལ་ན་གཞར་ཡང་མི་རྙེད་སྟབས། དགོན་པ་ཞེས་པའི་མིང་སྐམ་ཁུར་བའི་འདུས་ཚོགས་ཤིག་ལས་ཅི་ཡང་མིན།དེས་ན་ང་ཚོ་རྒན་གཞོན་སུ་ཡིན་ཡང་ལྟ་བ་གསར་རྙིང་གི་འགལ་མཚམས་དང་། ང་དང་ཁྱོད་ཀྱི་རྩོད་རྙོག་ལ་མགོ་འཁོར་ལོང་མེད་པར་རྡོག་རྩ་གཅིག་སྒྲིལ་དང་།དཔུང་བ་མཉམ་གཤིབས་ཀྱི་སྒོ་ནས་དམ་ཆོས་འདུལ་བ་ལ་བསྟུན་པའི་སྒྲིག་ལམ་དང་།གྲྭ་ཚང་ཡར་རྒྱས་ཀྱི་ཐབས་ལམ། དུས་དང་མཐུན་པའི་སློབ་གཉེར་བྱེད་ཕྱོགས་ལ་བློ་སུས་རྣོ་དང་།འཇོན་ནུས་གང་བཟང་གིས་དགོན་པ་འདི་འཛིན་སྐྱོང་རྣལ་མ་ཞིག་གི་ལམ་ལུགས་འོག་ནས།ལྷག་བསམ་དང་སྙིང་སྟོབས་ཀྱི་བློ་རྒྱ་བསྐྱེད་དེ།ནང་བསྟན་མཚན་ཉིད་རིག་པའི་སྤྱི་ཆིངས་གཞུང་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞིའི་འཕྲིན་ལས་ཀྱི་གཟི་བྱིན་རྣམ་པར་རྒྱས་པའི་ནང་བསྟན་གཙུག་ལག་ཁང་ཞིག་ཏུ་འགྱུར་རྒྱུའི་རེ་སྨོན་དང་། ཡིད་ཆེས་རབ་ཏུ་བརྟས་སོ།།འདི་ནི་རྨི་ལམ་ཞིག་ལ་འཁྲེངས་པའི་རེ་འདུན་གྱི་ས་བོན་ཙམ་མོ།།Mbeརྗེ་ཙོང་ཁ་པའི་དྲ་བ།

         འདི་ནི་རང་བྱུང་བདེན་པའི་ཟླ་བ་སྟེ།།ནག་ནོག་ར་རིའི་སྐྱོན་གྱིས་བསྒྲིབས་པ་མེད།།བདེན་པའི་དམ་ཚིག་གསལ་བའི་མེ་ལོང་ལས།།བཅོས་མའི་ཡིད་ཁམས་འཁྲུགས་པའི་ང་རོས་དབེན།། ལུང་རྟོགས་བསྟན་པའི་ཉི་ཟླ་ཟུང་གཅིག་གི།ཤེས་རབ་འོད་སྣང་ཅིག་ཅར་འཕྲོ་བའི་དཔྱིད།།སྡེ་འདིའི་བསླབ་པའི་མཁའ་རུ་མངོན་འཕགས་ནས།།དུས་གསུམ་རྒྱལ་ཀུན་དགྱེས་པའི་རྒྱུར་གྱུར་ཅིག།Mbeརྗེ་ཙོང་ཁ་པའི་དྲ་བ།

0204_4 (1).jpgMbeརྗེ་ཙོང་ཁ་པའི་དྲ་བ།

རྗེ་ཙོང་ཁ་པ་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་གྲྭ་བློ་གྲོས་རབ་རྒྱས་ནས་༢༠༡༦-༢-༢-ཉིན།Mbeརྗེ་ཙོང་ཁ་པའི་དྲ་བ།

ས་གནས།青海省果洛州玛沁县当洛乡查雀寺离玛沁县西部190公里处。Mbeརྗེ་ཙོང་ཁ་པའི་དྲ་བ།
 Mbeརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K