མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཅོག་རོང་གྲྭ་ཚང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-14 21:49:32         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0204_122.jpguV7རྗེ་ཙོང་ཁ་པའི་དྲ་བ།

        ཅོག་རོང་གྲྭ་ཚང་ནི་སྡེ་འདི་ནི་ཁྲི་ཀ་རྫོང་ཧོ་དབྱི་གྲོང་བརྡལ་གྱི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སའི་ཆ་སྟེ་ཅོག་རོང་སྡེ་བར་ཆགས་ཡོད་ལ་དཔལ་རི་བོ་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན།སྡེ་འདི་ཐོག་མར་ཅོག་རོང་བླ་མ་བཤད་སྒྲུབ་རྒྱ་མཚོས་རབ་དྲག་མེ་གླང་སྟེ་སྤྱི་ལོ་1649ལོར་བཏབ།དམ་པ་འདི་ཉིད་ནམ་འཁྲུངས་དང་བསྟན་པ་ལ་བྱ་བ་བྱས་ཚུལ་སོགས་མི་གསལ་ཡང་ཁྲི་ཀ་ཅོག་རོང་ནས་འཁྲུངས།དགོན་པའི་རྟེན་བཞེངས་ཀྱི་སྐོར་ལ།ཅོག་རོང་བཤད་སྒྲུབ་རྒྱ་མཚོས་གཙུག་ལག་ཁང་དང་རྟེན་བཞེངས།འདོན་དབྱངས་དང་ཕྱག་ལེན་སོགས་རིམ་པར་རྒྱ་ཆེར་སྤེལ་བར་མཛད།ང་བརྒྱད་ཡར་སྔོན་དུ་གྲ་བཙུན་ཉི་ཤུ་ཡས་མས་དང་འདུ་ཁང་གྱན་ཉེར་ལྔའི་ནང་སྨན་འདམ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ།བཀའ་བསྟན་སོགས་རྟེན་བྱིན་ཅན་མང་དུ་བཞུགས་པ་རྣམས་ད་ལྟ་མིང་གི་ལྷག་མར་གྱུར།དེང་གི་ཆར་ཡང་ཧ་ཅང་ཉམས་ཆུང་།རྗེ་ཙོང་ཁ་པ་དྲ་བའི་འགན་འཛིན་དགེ་བཤེས་ཡར་རྒྱས་ནས་བསྐུར་དོན་བཞིན་བློ་བཟང་རྒྱ་མཚོས།༢༠༡༦-༡-༢༩-ལ།།uV7རྗེ་ཙོང་ཁ་པའི་དྲ་བ།

0204_132.jpguV7རྗེ་ཙོང་ཁ་པའི་དྲ་བ།

青海省海南藏族自治州贵德县河阳镇大史家史家寺县城到寺院2公里。uV7རྗེ་ཙོང་ཁ་པའི་དྲ་བ།

0204_112.jpguV7རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K