མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-14 21:49:42         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0120_1.jpgpvvརྗེ་ཙོང་ཁ་པའི་དྲ་བ།

0120_2.jpgpvvརྗེ་ཙོང་ཁ་པའི་དྲ་བ།

        མི་ཉག་དགོན་བཀྲ་ཤིས་ཆོས་འཕེལ་གླིང། ཆོས་སྡེ་འདི་ནི་ཁྲི་ཀ་རྫོང་མཁར་གྱི་ནུབ་འགྲམ་རྨ་ཀླུང་རིང་མོའི་འགྲམ་རྒྱུད་ཀྱི་མི་ཉག་མཆོད་རྟེན་དཀར་པོའི་གམ་དུ་ཆགས་ཡོད། གྲུབ་མཐའ་ནི་རི་བོ་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན་ཞིང་སྔོན་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན། ཆོས་སྡེ་འདི་ཐོག་མར་འདེབས་མཁན་ནི་མི་ཉག་བློ་གྲོས་དར་རྒྱས་ཞེས་པ་དེ་ཡིན་ཞིང།ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཏེ་སྤྱི་ལོ1675ལོར་བུམ་པར་རྟེའུ་ཆུང་དུ་འཁྲུངས། སྐུ་འབུམ་རྒྱུད་པ་བླ་མ་སྐེ་ཀྱཱ་དགེ་ལེགས་ལས་རབ་ཏུ་བྱུང་། དབུས་སུ་ཕེབས་ནས་སློབ་གཉེར་མཐིལ་ཕྱིན་མཛད་དེ་གསང་ཕུར་དཀའ་བཅུའི་དམ་བཅའ་བཞག མདོ་སྨད་དུ་བྱོན་ནས་དགུང་ལོ་ཞེ་དགུ་བར་སྐུ་འབུམ་རྒྱུད་པའི་ཁྲིར་བཞུགས། ད་ལྟ་གྲྭ་བ་བདུན་ཙམ་གྱིས་སྔར་རྒྱུན་སྐྱོང་བཞིན་ཡོད་ཞེས་ཙོང་ཁའི་དྲྭ་བདག་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་བ་བཞིན་ཨ་ཁུ་མཁྱེན་རབ་ནས།༢༠༡༦-༡-༢༠-ཉིན་ཕུལ།།pvvརྗེ་ཙོང་ཁ་པའི་དྲ་བ།

0120_3.jpgpvvརྗེ་ཙོང་ཁ་པའི་དྲ་བ།

0120_4.jpgpvvརྗེ་ཙོང་ཁ་པའི་དྲ་བ།

青海省海南藏族自治州贵德县河阴镇乜那寺,乜那寺至街上一公里。pvvརྗེ་ཙོང་ཁ་པའི་དྲ་བ།
 pvvརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K