མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།མེར་གན་གྲྭ་ཚང་བཀྲ་ཤིས་འཕེལ་རྒྱས་གླིང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-14 21:50:07         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0130_10.jpgMPIརྗེ་ཙོང་ཁ་པའི་དྲ་བ།

        མེར་རྒན་དགོན་བཀྲ་ཤིས་འཕེལ་རྒྱས་གླིང་ནི་ཇོ་ལུང་བ་གསུམ་དུ་གྲགས་པའི་བར་བ་ཁྲི་ཀ་ཀ་རྫོང་ནས་སྤྱི་ལེ་བཅུ་གསུམ་མཚམས་སུ་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། སྒྲུབ་སྡེ་འདི་ནི་སྔོན་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་གོང་ས་ལྔ་བ་ཆེན་པོ་གཉིས་དབར་མཆོད་ཡོན་གྱི་འབྲེལ་བ་བྱུང་སྐབས་གོང་ས་ལྔ་བ་ཆེན་མོས་དགོན་འདིའི་ཁྲི་ཐོག་དང་པོ་ཆོས་རྗེ་དགེ་འདུན་རྣམ་རྒྱལ་མཆོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་མཆོད་གནས་སུ་གནང་ཞིང་། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་དཔོན་སློབ་འགའ་དང་ལྷ་མོ་རེ་མ་ཏི་ཕྱག་བཞི་མའི་ཐང་སྐུ་སོགས་རྟེན་འགངས་ཆེན་མང་པོ་དང་བཅས་རྫོང་རྟ་མཛད་ནས་མདོ་སྨད་དུ་ཆིབས་བསྒྱུར་གནང་། ལོ་དེར་ཐོ་ལེ་(ད་ལྟའི་ཆི་ལན་རྫོང་)ནས་གུར་སྒར་གྱི་དགོན་གཞི་བཟུང་ནས་མཚོ་སྔོན་པོའི་གཡས་རུ་གཡོན་རུའི་སོག་པོ་དཔོན་ཁག་བརྒྱ་དང་གཅིག་གིས་སྤྱི་སྒར་བྱས། དེ་ནས་རྐྱེན་འགའ་ཞིག་གིས་བྱ་ཐང་(ད་ལྟའི་ཞིན་ཧེ་རྫོང་ན་ཡོད)དུ་སྒར་གཞི་སྤོས་ནས་དེར་གཞིས་ཆགས་ཤིང་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་འདུས་ལ་འཆད་ཉན་ཀྱང་ཡོད་པར་གྲགས། དགོན་འདིའི་ཁྲི་ཐོག་གཉིས་པ་རྗེ་བློ་བཟང་བསྟན་འཛིན། གསུམ་པ་མེར་རྒན་མཁན་པོ་ཨེར་ཏི་ནི་འཕྲིན་ལས་ཡར་འཕེལ་དཔལ་བཟང་པོ་ཡིན་ལ། དམ་པ་འདི་ལ་སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་བོ་མཆོག་གིས་མེར་རྒན་མཁན་པོ་ཨེར་ཏི་ཞེས་པའི་ཆོ་ལོ་བསྩལ་ཅིང་དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་མེར་རྒན་མཁན་པོ་ཞེས་པའི་མཚན་ཆགས། དེའི་སྤྲུལ་སྐུ་དོན་ཡོད་རྒྱ་མཚོ་སོག་པོར་འཁྲུངས། དམ་པ་འདིའི་སྐུ་དུས་རབ་བྱུང་བཅུ་གཉིས་པའི་མེ་ཡོས་(ཕྱི་ལོ་༡༧༢༢)ལོར་ཉན་གུང་ཡེའི་དམག་གིས་མཚོན་སྔོན་དུས་འཁྲུག་ཟེར་བའི་ལོ་རྒྱུས་རང་བཞིན་གྱི་དམག་ཆེན་དེ་བསླངས་ནས་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཕལ་ཆེར་མེར་བསྲེགས་དང་གཏོར་བཤིགས་ཚད་མེད་བཏང་པས་དགོན་སྡེ་རང་གི་རྒྱབ་དཔུང་སོག་པོའི་དཔོན་ཁག་རྣམས་ཀྱིས་སྟོབས་ཤུགས་ཉམས་པ་དང་། མགོ་ལོག་གི་ཇག་པས་ཡང་ཡང་གཙེས་སྟབས་ལཱ་མོ་ཚ་གན་ནོ་མོ་ཧན་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ལ་སྐྱབས་བཅོལ་ནས་གུར་སྒར་ད་ལྟ་ཡོད་སའི་ཁྲི་ཀའི་གནས་དེར་སྤར། འདི་ཡན་ཆད་ལ་དགོན་འདི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགོན་ལག་ཡིན་ལ་འདི་ནས་བཟུང་ལཱ་མོའི་དགོན་ལག་ཏུ་གྱུར། དེའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ་སོག་པོར་འཁྲུངས། དེའི་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་རྒྱལ་མཚན་ཆུ་བཟང་དུ་འཁྲུངས། དེའི་སྤྲུལ་སྐུ་སྨར་ཁམས་ནས་འཁྲུངས་ཤིང་དབུས་སུ་ཕེབས་ནས་ཕྱིར་མ་འབྱོར་བས་ཁྲི་རབས་དང་བླ་བརྒྱུད་དུ་བགྲངས་མེད་དོ།།དེའི་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། དེའི་སྤྲུལ་སྐུ་བློ་བཟང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཕྱི་ལོ་༡༩༤༨ལོར་ཆུ་བཟང་ར་ལོ་ཐང་དུ་འཁྲུངས། དུས་འགྱུར་སྐབས་སུ་དགོན་སྡེ་འདི་ཡང་གཞན་དང་འདྲ་བར་གཏོར་བཤིག་ཐེབས་ཏེ་མིང་གི་ལྷག་མར་ལུས། རྗེས་སུ་ཆོས་སྒོ་གསར་དུ་ཕྱེ་དུས་གྲྭ་བཙུན་བདུན་བརྒྱད་ཙམ་དང་ད་ལྟ་དགེ་འདུན་ཞལ་གྲངས་བཅུ་ཕྲག་ཁ་ཤས་མེད་ལ་འདུ་ཁང་རྟེན་བརྟེན་པ་དང་བཅས་ལེགས་པར་བཞེངས་གྲུབ་བྱུང་ཡོད།MPIརྗེ་ཙོང་ཁ་པའི་དྲ་བ།

0130_11.jpgMPIརྗེ་ཙོང་ཁ་པའི་དྲ་བ།

ཧོར་ཟླ་བཅུ་བའི་ནང་དགའ་ལྡན་ལྔ་མཆོད་ཆེན་མོ་གྲལ་འཛིན་དང་བཅས་ཉིན་དྲུག་མཇུག་ཏུ་གར་འཆམ་དང་བཅས་པ། ཧོར་ཟླ་བཅུ་གཅིག་པར་མ་ཎིའི་ཟླ་ཆོས་ཚེས་ཉེར་གསུམ་ནས་དབུ་བཙུགས་ཏེ་ཉིན་བདུན། རྒྱ་ལོའི་ཚེས་གཅིག་ལ་ལྷ་མོའི་ཚེས་གཏོར།ཚེས་བཅུ་ནས་བཅོ་ལྔའི་བར་ཆོ་འཕྲུལ་སྨོན་ལམ་མཇུག་ཏུ་གར་འཆམ་དང་བཅས་པ། ས་ག་ཟླ་བའི་ཚེས་བདུན་ནས་ཀུན་རིག་སྒྲུབ་མཆོད་སྦྱིན་བསྲེགས་དང་བཅས་པ་ཉིན་བདུན། བཅུ་བཞི་ཉིན་སྨྱུང་གནས་བཅས་དང་། དགུ་བའི་ཚེས་བརྒྱད་ནས་ཡ་མཱ་རཱ་ཛའི་སྒྲུབ་ཆེན་ཉིན་བདུན་ལ་དུས་དགྲའི་དབང་བོའི་ཆོ་ག་གསུངས་ཤིང་། མཇུག་ཏུ་སྦྱིན་བསྲེགས་དང་བཅས་ཆོས་ཐོག་རིམ་པ་བཅས་ངོ་སྤྲོད་ཉུང་ངུ་ཙམ་མོ། །རྗེ་ཙོང་ཁ་པ་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན། ངག་དབང་བཟོད་པ་ནས།༢༠༡༦-༡-༢༧-ཉིན་མཚམས་སྦྱོར་བའོ།།MPIརྗེ་ཙོང་ཁ་པའི་དྲ་བ།

0130_12.jpgMPIརྗེ་ཙོང་ཁ་པའི་དྲ་བ།

从贵德县城到木干寺有十三公里。MPIརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K