མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།དགེ་ལྡན་རྣམ་པར་རྒྱལ་བའི་གླིང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-02-21 11:07:37         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0221_1.jpgRa7རྗེ་ཙོང་ཁ་པའི་དྲ་བ།

        ཁྲི་ཀ་གསེར་མོ་ལྗོངས་ཀྱི་ཤར་ཕྱོགས་སྲིན་པོ་རྫ་རིའི་འདབ་བརྒྱུད་སའི་དབྱིབས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གནས་དབྱིབས་དང་ཧ་ཅང་མཚུངས་བའིཨོཾ་སེར་པོ་སྒང་གི་ཕུང་སུ་ཆགས་པའི་དགའ་ལྡན་དགོན་པ་ནི་སྐུ་འབུམ་ཁྲི་ཆེན་ཉེར་བདུན་པ་སྐྱབས་རྗེ་མི་ཉག་བློ་གྲོས་དར་རྒྱས་ནས་སྤྱི་ལོ་(༡༧༥༣)ལ་ཕྱག་འདེབས་མཛད། དགོན་པའི་མཚན་ལའང་དགའ་ལྡན་དར་རྒྱས་གླིང་ཞེས་གསོལ་ཞིང་སྐུ་ཕྲེང་གཉིས་ལ་ལུགས་གཉིས་ཀྱིས་བརྩེ་བར་བསྐྱངས། དགོན་པའི་འདོན་ཕྱག་ལེན་འགྲིག་ཀུན་སྤྱོད་མཐའ་དག་ཀྱང་྄སྐུ་འབུམ་རྒྱུད་གྲྭའི་ཕྱག་བཞེས་བཞིན་སྤེལ། ཕྱིས་སུ་རྐྱེན་དུ་མས་དབང་གི་དགོན་གནས་ད་ལྟའི་གནས་ལོ་སྟོང་ཞེས་བར་སྤོར། རྗེས་སུ་དགོན་་པ་འདི་དབུས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཆོས་འགྲིམ་ཞིང་གཞུང་བཀའ་པོད་ལྔ་ལ་སྦྱངས་བ་ཕྱིས་ཕྱིན་མཛད་པའི་དགའ་་ལྡན་ཚང་ཨ་རིན་ཡེ་ཤེས་སྐལ་བཟང་ལ་གཏད་དེ་ལུགས་གཉིས་ཀྱི་ལེགས་པར་སྐྱོང་དགོས་བའི་བཀའ་སྩལ། དེར་བརྟེན་དགོན་པ་འདི་དགོན་བདག་དགའ་ལྡན་ཚང་ངམ་ཨ་རིན་ཚང་གཙོའི་གཞན་བཟང་ཀྱཱ་སྐུ་རིམ་བྱོན་དང་སྔགས་རམས་པ་སྐུ་རིམ་བྱོན་བཅས་རྣམ་པ་གསུམ་བླ་སློབ་རེས་མོས་ཀྱིས་ལུགས་གཉིས་ཀྱི་བརྩེ་བར་བསྐྱངས། གཞན་ཡང་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མ་ཚང་དང་མགོན་ཀྱཱ་ཚང་ཐིས་བ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་གསལ་བྱེད་ཚང་། གཞན་ད་རུང་ཨ་ལགས་འཇམ་མོ་ཚང་རོང་གཞིས་ཚང་རྒྱབ་ཚ་ཚང་རྡོ་རེས་ཚང་བཅས་མཆོག་སྤྲུལ་སྐྱེས་བུ་དམ་པ་དུ་མ་སྡེ་འདིའི་ཁྲི་བར་བཞུགས་ནས་ལུགས་གཉིས་ཀྱིས་བརྩེ་བར་བསྐྱངས། དགོན་པའི་ཆོས་ཐོག་གི་རིམ་པ་ལ། རྒྱ་ལོ་ཚེས་དགུ་ནས་ཆོ་འཕྲུལ་སྨོན་ལམ་ཚེས་བཅུ་བཞིའི་ཉིན་འབག་འཆམ་བཅོ་ལྔའི་ཉིན་བྱམས་པ་གླིང་བསྐོར་དང་གོས་སྐུ་བཤམས། རྒྱ་ལོ་ཉི་ཤུའི་ནང་རྟ་མགྲིན་དང་སེང་གདོང་གཏོར་བསྒྲུབ། ཟླ་གསུམ་པར་ཀུན་རིག་་སྒྲུབ་མཆོད། ཟླ་བཞི་བར་བཞི་བའི་མཆོད་པ་དང་གསང་འདུས་སྒྲུབ་མཆོད་ཚེས་བཅུ་བཞི་ཉིན་འབག་འཆམ། ཟླ་དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས། ཟླ་བཅུ་བའི་ཉེར་བཞི་ནས་ལྔ་མཆོད་ཆེན་མོ་ཉེར་དགུའི་ཉིན་འབག་འཆམ། ཟླ་བཅུ་གཉིས་བའི་ཚེས་ཉེར་ལྔ་ནས་ཟླ་ཟད་ཆེན་མོ་ཉེར་དགུའི་ཉིན་དགུ་བཟློག་གནམ་གང་ལ་ཞུ་འབུལ་དང་རྒྱ་ལོ་ཚེས་གཅིག་སྔ་མོ་ལྷ་མོ་ཚེས་གཏོར་འབུལ་དགོས། ད་ལྟ་ཡང་སྔགས་རམས་པ་སྐུ་ཕྲེང་ལྔ་བས་དགོན་པའི་ཕྱིའི་འཛུགས་སྐྲུན་དང་ནང་འཆད་ཉན་སྒྲུབ་སྦྱོང་སོགས་ཕྱོགས་ཡོངས་ལ་ཐུགས་བརྩེ་བས་ལེགས་པར་སྐྱོངས་བཞིན་པའི་སྐབས་ལེགས་སོ།། །།Ra7རྗེ་ཙོང་ཁ་པའི་དྲ་བ།

0221_2.jpgRa7རྗེ་ཙོང་ཁ་པའི་དྲ་བ།

0221_3.jpgRa7རྗེ་ཙོང་ཁ་པའི་དྲ་བ།

0221_4.jpgRa7རྗེ་ཙོང་ཁ་པའི་དྲ་བ།

0221_5.jpgRa7རྗེ་ཙོང་ཁ་པའི་དྲ་བ།

རྗེ་ཙོང་ཁ་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་མཚམས་སྦྱོར་ཨ་ཁུ་བཟང་པོས་༢༠༡༦-༢-༡༩-ཉིན།།Ra7རྗེ་ཙོང་ཁ་པའི་དྲ་བ།

ས་གནས། ་海南州贵德县河东乡东山尕旦寺,县城到寺院九公里,Ra7རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K