མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།། རྫོང་མར་དགའ་ལྡན་ལྡན་བཀྲ་ཤིས་ཆོས་གླིང་།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:26:32         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0204_1.jpgQJcརྗེ་ཙོང་ཁ་པའི་དྲ་བ།

        ད་ལྟ་དམེ་ཤུལ་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་གྱི་ལུང་བཟང་མདོ་རུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་རྨིད་2800དང་།རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་གྱི་མངའ་ཁོངས་ཡིན།དགོན་པ་འདི་དང་ཐོག་རེབ་གོང་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་རྫོང་དམར་གྲུབ་གནས་ཀྱི་ཉེ་འགྲམ་དུ་བཏབ་པས་དགོན་པའི་མཚན་ལ་(རྫོང་མར་དགའ་ལྡན་བཀྲ་ཤིས་ཆོས་གླིང་)ཟེར་ཞིང་་།དུས་དེ་ནས་བཟུང་གྲུབ་གནས་དབུ་རྩེ་རུ་ལབ་ཙེ་བསྟད་ཅིང་གཏེར་བརྒྱག་པ་སོགས་ལོ་རེ་བཞིན་བྱེད་ཅིང་། གྲུབ་གནས་གནས་བདག་ནི་ནོར་ལྷ་ཞིག་ཡིན་པས་དུས་དེར་དགོན་པའི་དཔལ་འབྱོར་ཆོས་སྲིད་ལེགས་ཚོགས་ཐམས་ཅད་ཧ་ཅང་ཡར་རྒྱས་ཆེན་པོ་སོང་།QJcརྗེ་ཙོང་ཁ་པའི་དྲ་བ།

0204_2.jpgQJcརྗེ་ཙོང་ཁ་པའི་དྲ་བ།

       དགོན་པ་འདེབས་མཁན་ནི། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས།རྡོ་རྗེ་གུར་གྱིས་བསྒོ་བ་བྲན་མོས་རྗེའི། ངག་ལ་ཉན་པ་ལྟར་བགྱིད་སྐྱབས་མགོན་མཆོག སྐུ་ཕྲེང་གསུམ་པས་ཕྱག་བཏབ་རྫོང་དམར་གྱི།།སྒྲུབ་སྡེར་ཇ་སྦྱོར་རྟེན་གྱི་བཀོད་པ་མཐོང་། ཞེས་དང་ །བསྟན་སྲུང་བྲན་དུ་འཁོལ་བའི་རིགས་བརྒྱའི་བདག།དགེ་འདུན་འཕྲིན་ལས་རབ་རྒྱས་གསོལ་བ་འདེབས།ཞེས་གསུངས་པའི་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་གསུམ་པ་ཤར་དགེ་འདུན་འཕྲིན་ལས་རབ་གྱིས་རབ་འདོད་ས་ཁྱི་སྤྱི་ལོ་1778ལོར་བཏབ། ཆོས་སྐྱོང་ས་སྐྱའི་གུར་མགོན་ལ་གཏད།ཡི་དམ་གྱི་གཙོ་བོ་རྡོ་རྗེ་འཇིགས་བྱེད་ཡིན། དེ་ནས་དམེ་ཤུལ་སྔགས་པ་ནས་འཁྲུངས་པའི་ཁ་སོ་སྔགས་རམ་པ་སྦྱིན་པ་རྒྱ་མཚོ་དང་།དམེ་ཤུལ་མགོ་སྦྲ་ནས་འཁྲུངས་པའི་དྲུང་ཡིག་བློ་བཟང་རྒྱ་མཚོ།ཨ་རོལ་གྲགས་པ་རྒྱ་མཚོ་སོགས་ཀྱིས་རིམ་བཞིན་བསྐྱངས།དེ་ནས་ལོ་168 འདས་པ་རབ་རྒྱལ་མེ་ཁྱི་ལོ་སྟེ་སྤྱི་ལོ་1946ལོར་སྐྱབས་མགོན་བདུན་པའི་བཀའ་ལྟར་རྫོང་སྔོན་སྤྲུལ་བའི་སྐུ་འཇིགས་མེད་བསྟན་འཛིན་མཆོག་གྲུབ་མཆོག་གིས་དགོན་པ་ལུང་བཟང་མདོ་ཞེས་པའི་ས་ཁུལ་འདིར་སྤོར་ཏེ་འདུ་ཁང་རྟེན་བརྟེན་པ་གསར་དུ་བཞེངས། བྱང་རྩེ་མཁན་སྤྲུལ་འཇམ་དབྱངས་མཁས་བཙུན་རྒྱ་མཚོས་ས་འདུལ་མཛད། བདེ་ཆེན་ཆུང་བ་བློ་བཟང་བསྟན་འཛིན་རབ་རྒྱས་མཆོག་ཀྱང་ལོ་གསུམ་ལ་ཁྲིར་བཞུགས། སྤྱི་ལོ་1957 ལོར་སྐྱབས་མགོན་བདུན་པ་སྐལ་ལྡན་བློ་བཟང་ལུང་རྟོགས་རྒྱ་མཚོས་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གནང་། སྤྱི་ལོ་1982 ལོར་ཆོས་སྒོ་གསར་དུ་ཕྱེས་ཏེ་འདུ་ཁང་དང་ཇ་ཁང་གསར་དུ་ལས།དགོན་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་60000ལྷག་ཡོད།རྟེན་གྱི་སྐོར་ལ་སྐྱབས་མགོན་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་འཇིགས་བྱེད་བསྙེན་ཐང་དུས་དགྲའི་དབང་གི་ཡི་གེ་ཅན།སྐྱབས་མགོན་སྐུ་འཕྲང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་ཤངས་ཁྲག་གིས་བཞེངས་པའི་གུར་ལྷ་བརྒྱད་ཀྱི་ཞལ་ཐང་དམ་སྦྱར་མ་དང་།བཀའ་བསྟན་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་རྟེན་སྣ་ཕྱིན་ཅན་མང་པོ་བཞུགས། ད་ལྟ་གྲྭ་ཁང་27 དང་གྲྭ་བཙུན་38 ཡོད།QJcརྗེ་ཙོང་ཁ་པའི་དྲ་བ།
        ཆོས་ཐོག་ནི་དབྱར་གནས་ཉིན་ཞེ་ལྔ་དང་། ལྔ་མཆོད །བོད་ལོའི་སྐུ་རིམ་སྨྱུང་གནས། སྐྱབས་མགོན་བདུན་པའི་དུས་མཆོད་སོགས་ཡོད།སྐྱབས་མགོན་བརྒྱད་པ་བསྟན་འཛིནའཇིགས་མེད་སྐལ་ལྡན་མཆོག་གིས་སེམས་བསྐྱེད་མཆོད་པ་ཐེངས་དང་པོ་དང་། ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་གྱིས་འཇིགས་བྱེད་དཔའ་གཅིག་གི་དབང་།དགེ་བའི་བཤེས་གཉེན་བློ་གསལ་རྒྱ་མཚོས་རིགས་བྱེད་མའི་རྗེས་གནང་དང་འདུལ་བ་དང་ལམ་རིམ། རོང་བོ་དགོན་པའི་དགེ་བཤེས་གཅན་ཚ་འཇམ་དབྱངས་ཆོས་འཕེལ་ལགས་ཀྱིས་ལོ་རེ་བཞིན་བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང་དང་སྡོམ་གསུམ་སྐྱབས་འགྲོ་སོགས་གསུང་།། ལྷ་སྡེ་ནི་དམེ་ཤུལ་ཚོ་དགུ་ཡིན།QJcརྗེ་ཙོང་ཁ་པའི་དྲ་བ།
        རྩེ་ཁོག་རྫོང་ཐོག་ནས་དགོན་པའི་བར་སྤྱི་ལེ64 དང་རྨ་ལྷོ་ཁུལ་ཐོག་ནས་སྤྱི་ལེ་34 མཚམས་སུ་ཆག་ཡོད།།། རྗེ་ཙོང་ཁ་པ་དྲྭ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་བསྐུར་དོན་བཞིན་ཨ་ལག་ཟླ་གྲགས་ནས།༢༠༡༦-༡-༣༠-ཉིན་མཚམས་སྦྱར་བའོ།།QJcརྗེ་ཙོང་ཁ་པའི་དྲ་བ།

0204_3.jpgQJcརྗེ་ཙོང་ཁ་པའི་དྲ་བ།

ས་གནས་青海省黄南藏族自治州泽库县宁秀乡吾什苟寺、黄南州离寺有34 公里、泽库县离寺有 64公里。QJcརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K