མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྡོ་རྗེ་རྫོང་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:27:11         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0120_1 (1).jpgjOqརྗེ་ཙོང་ཁ་པའི་དྲ་བ།

༄།།བྲག་དཀར་འཇིགས་མཛད་རྡོ་རྗེ་རྫོང་འདེབས་པ་པོ་ནི་ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཡིན་ལ། ཁོང་ནི་མདོ་སྨད་རྨ་ཆུའི་ལྷོ་རྒྱུད་ཀྱི་རྩེ་གཞུང་སེང་གེའི་ལྷ་ཞོལ་གྱི་སའི་ཆར་གཏོགས་མགོན་ཤུལ་ཞེས་པའི་ཚོ་བར་ཡབ་སྐར་མ་དང་ཡུམ་མཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་མེ་སྟག་1866ལོར་སྐུ་འཁྲུངས། དགུང་ལོ་དྲུག་པ་ལྕགས་ལུག་1879ལོར་རོང་བོ་དགོན་ཆེན་དུ་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་གསེར་ཁྲིར་འཁོད། བཅུ་གཅིག་པར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་རྩོད་གྲྭར་བཞུགས་ནས་དགེ་བའི་བཤེས་གཉེན་དགེ་འདུན་བསྟན་འཛིན་སོགས་ཡོངས་འཛིན་དུ་བསྟེན། དགུང་ལོ་ཞེ་གསུམ་པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་། སློབ་མ་མཆོག་བཞི་སྟེ་བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ་སོགས་ལ་ཟབ་ཆོས་བདུད་རྩིའི་ཆར་ཆེན་ཕབ་པ་མ་ཟད།གསུང་རྩོམ་ལ་མཚོན་ན། བཀའ་འབུམ་པོ་ཏི་བཅུ་བཞི་ལས་བརྒལ་བ་བཞུགས། 1922ལོར་བྲག་དཀར་འཇིགས་མཛད་རྡོ་རྗེ་རྫོང་དགོན་པ་ཕྱག་འདེབས་མཛད། རྒྱ་ཡིག་ལ(多杰宗寺)ཞེས་བྲིས་འདུག དགོན་པ་དེ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་་ལྷག་གི་སར་ཆགས་ཡོད། དགོན་པའི་རྒྱབ་རིའི་ངོས་སུ་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་ཕག་མོ་གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་བརྙན་རང་བྱོན་གང་མང་ཡོད། གནས་འདིར་སྒེའུ་སྟེང་བློ་བཟང་དཔལ་ལྡན།།དཔྱི་བ་བློ་གྲོས་རྒྱ་མཚོ། མར་ནང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་སྐྱེས་ཆེན་གསེར་གྱི་ལྷུན་པོ་ལྟ་བུ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་མྱོང་མོད། ང་བརྒྱད་ཀྱི་གོད་ཆག་ཆེན་པོའི་གཏོར་བཤིགས་སུ་བཏང་།jOqརྗེ་ཙོང་ཁ་པའི་དྲ་བ།

0120_2 (1).jpgjOqརྗེ་ཙོང་ཁ་པའི་དྲ་བ།

    1981ལོའི་ཟླ་བ་བཅུ་བའི་ནང་སྨན་འཚོང་ཚུལ་ཁྲིམས་རྒྱ་མཚོས་དགོན་པའི་རྒན་པ་འགའ་དང་ཚོ་ཆེན་བཅུའི་འགོ་ཁྲིད་རྣམས་བསྡུས་ཏེ། སྔར་ཁྲི་ཆེན་འཇམ་པའི་དབྱངས་ཀྱིས་རེབ་གོང་གི་ཆུ་འགོ་འདིར་དགོན་པ་ཞིག་བཏབ་ན་ལེགས་ཚུལ་དང་། ཁྱད་པར་ཚོ་ཆེན་བཅུའི་ཤི་གསོན་གྱི་དགེ་རྩའི་ཞིང་ཞིག་ངེས་པར་མཁོ་བ་སོགས་ལ་དམིགས་ཏེ་སྐུ་ཚེགས་གང་མང་གིས་རྡོ་རྗེ་རྫོང་བཏབ་ཚུལ་བཅས་གསུངས་ནས། དེ་སྔར་གནས་རྙིང་དུ་སླར་གསོ་བྱེད་མགོ་བརྩམས་ཏེ་མགོན་ཤུལ་མང་ཚོགས་ཀྱི་དད་གཏོང་ལ་བརྟེན་ནས་འདུ་ཁང་སོགས་བསྐྱར་བཞེངས་ལེགས་པར་མཛད། དགེ་སློང་ཨ་ཁུ་ཀུ་བྷ་ལགས་ཀྱིས་1958གོད་ཆག་ཀྱི་སྐབས་རང་སྲོག་བློས་བཏང་གི་བདག་གཉེར་བྱས་པའི་དཔལ་གུར་གྱི་མགོན་པོ་དང་ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་སྐུ་གདུང་ཆ་ཚང་ཕྱིར་གདན་དྲངས་ནས་རྟེན་གྱི་གཙོ་བོར་བཞེངས་ཡོད། 1982་ 10 25 ཉིན་ཆོས་ཀྱི་སྒོ་མོ་ཡངས་པོར་ཕྱེས། ལོ་དེ་གའི་ལྔ་བའི་ནང་འཕགས་ཡུལ་ནས་སྐྱབས་མགོན་བདུན་པ་མཆོག་གི་སྐུ་མཆེད་ཁྲི་རྒན་འཇམ་པའི་དབྱངས་ཀྱི་སྤྲུལ་སྐུ་འཇམ་དབྱངསའཕྲིན་ལས་དབང་བོ་འཇིགས་མེད་དྲེགས་པའི་སྡེ་དངོས་ཕེབས་བྱུང་སྟེ་སྨན་འཚོང་ཁོང་དང་མགོན་ཤུལ་ཚོ་བཅུ་ལ་བཀའ་དྲིན་ཆེ་ཚུལ་སོགས་གསུང་གླེང་མང་དུ་བསྩལ། དེ་ནས་ད་ལྟ་འདིར་ཐུག་གི་བར་གཙུག་ལག་ཁང་སོགས་བསྟན་པའི་མཛེས་རྒྱན་དུ་བསྐྲུན་དང་སྐྲུན་བཞིན་འདི་ལགས།ད་ལྟ་ངུར་སྨྲིག་གོས་བཟང་གིས་བརྒྱན་པའི་དགེ་འདུན་གྱི་སྡེ་བརྒྱ་དང་ལྔ་བཅུ་ལྷག་བཞུགས་མུས་སུ་ཡོད།jOqརྗེ་ཙོང་ཁ་པའི་དྲ་བ།
ཙོང་ཁའི་དྲྭ་བའི་འགན་འཛིན་དགེ་བཤེས་ཡར་རྒྱས་ནས་གསུང་དོན་ལྟར་གྲགས་པ་ནས། ༢༠༡༦-༡-༡༨-ཉིན་མཚམས་སྦྱོར་དུ།།jOqརྗེ་ཙོང་ཁ་པའི་དྲ་བ།

0120_3 (1).jpgjOqརྗེ་ཙོང་ཁ་པའི་དྲ་བ།

青海省黄南藏族自治州泽库县、离县有 51公里多乐禾茏乡多杰宗寺jOqརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K