མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།བུ་རྒུ་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:28:22         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0204_5 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།

        ༄༅།། བུ་རྒུ་དགོན་དགེ་ལྡན་ཐོས་བསམ་བྱང་ཆུབ་གླིང་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ཞེ་དགུ་རབས་བྱུང་བཅུ་དྲུག་པའི་ས་གླིང་ལོར། བླ་མ་བཀའ་འགྱུར་བ་དགོན་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ལུང་གིས་བསྔགས་པའི་ཡུལ་རྩེ་རྒྱལ་འདུས་རི་མཐོན་པོའི་ནུབ་བྱང་འཚམས། རྩེ་དྲུག་མཐོན་པོའི་ནང་ཚུན་མཛོ་མོ་ནུ་རྩེའི་ཉེ་འགྲམ་བུ་རྒུ་དུ་ཞེས་པའི་ལུང་མདོར་གསར་དུ་བཏབ། གཞི་གསུམ་གྱིས་མཚོན་འདོན་ལྟ་དབྱངས་སོགས་ཕྱག་ལེན་རྣམ་པར་དག་པའི་ཚོད་དུ་རྩི། ང་བརྒྱབ་ཀྱི་དུས་འཁྲུགས་སྐབས་རྩ་གཏོར་བཏང་སྤྱི་ལོ་1985 ལོར་གཙང་སྤྲུལ་སྐུ་ཚང་གཙོས་ཤུལ་ལས་གྲྭ་བ་འགས་སྲིད་གཞུང་ལ་ཞུས་ངོར། གོང་རིམ་ནས་ཆོག་མཆན་ཐོབ་སྟེ་ཆོས་སྒོ་སླར་ཡང་ཕྱེས་ཤིང་གཞི་གསུམ་གྱི་མཚོན་སྔར་གྱི་ཕྱག་སྲོལ་ཆ་ཚང་བཙུགས་པའི་སྟེང་མཚན་ཉིད་ཀྱི་སྲོལ་ཡང་བཙུགས་ཏེ་འཆད་རྩོད་རྩོམ་གྱི་བྱ་བ་ཡར་ལྡན་དུ་ཡོད། ད་ལྟ་རྩེ་ཁོག་རྫོང་ཁུང་གི་མཚན་ཉིད་དགོན་པ་གཅིག་བུ་ཡིན། ཉིས་སྟོང་བཅུ་གཅིག་ལོར་གངས་ལྗོངས་དབུ་མའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་དགོན་པ་འདི་ནསའཚོགས། ད་སྐབས་གྲྭ་བ་ཉིས་བརྒྱ་དང་བདུན་ཅུ་བཞུགས་ཤིང་འདུ་ཁང་དང་ལྷ་ཁང་གྲྭ་ཤག་རྣམ་པ་ཅུང་ཙམ་རྒྱ་ཆེ། ལྷ་སྡེ་གཙོ་བོ་རོང་བོ་སྦྲ་དཀར་ནག་གཉིས་ཡིན།X94རྗེ་ཙོང་ཁ་པའི་དྲ་བ།

0204_6 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།

རྩེ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་84འཚམས་ན་ཆགས་ཡོད།རྗེ་ཙོང་ཁ་པ་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་ཨ་ལག་ཟླ་གྲགས་ནས།༢༠༡༦-༢-༣-ཉིན།།X94རྗེ་ཙོང་ཁ་པའི་དྲ་བ།

青海省黄南藏族自治州泽库县宁秀乡吾格寺、黄南州离寺有 83公里、泽库县离寺有 公里X94རྗེ་ཙོང་ཁ་པའི་དྲ་བ།

0204_8 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།

0204_9 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།

0204_10 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།

0204_11 (1).jpgX94རྗེ་ཙོང་ཁ་པའི་དྲ་བ།
 X94རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K