མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཤུལ་མ་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-01-16 11:54:44         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

0.jpgGslརྗེ་ཙོང་ཁ་པའི་དྲ་བ།

ཤུལ་མ་དགོན་དགའ་ལྡན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་།Gslརྗེ་ཙོང་ཁ་པའི་དྲ་བ།
གཅིག དགོན་པ་འདི་ཕྱག་འདེབས་པ་པོ་སྒར་བའི་བླ་མ་རབ་འབྱམས་པ་ཟེར།དེ་དུས་རྙིང་མའི་གྲུབ་མཐའ་ཡིན།ཕྱག་འདེབས་པའི་དུས་ཚོད་ལ་གསལ་ཁ་མེད་ཀྱང་ཁྲི་འདུ་ལོ་རྒྱུས་ལས་༡༧༨༨་ཕྱག་འདེབས་མཛད་ཟེར་བ་ཞིག་འཁོད་ཡོད་པ་དེའི་རྗེས་སུ་འབྲང་ནས་ལབ་ཆོས་འབྱུང་སོགས་ལས་བཤད་ཚུལ་རྣམས་བདག་གིས་བྲིས་པའི་ལོ་རྒྱུས་རྒྱས་པ་ན་མི་འཐད་ཚུལ་གསལ་པོ་བཀོད་ཡོད།ཧ་ལམ་ཚོད་དཔག་བྱས་ན་དུས་རབས་བཅུ་དྲུག་ཙམ་ལ་ཕྱག་འདེབས་པ་སྣང་ངོ་།Gslརྗེ་ཙོང་ཁ་པའི་དྲ་བ།

1.jpgGslརྗེ་ཙོང་ཁ་པའི་དྲ་བ།

གཉིས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དྲན་ཆེན་གྲོང་རྡལ་གྱི་ཤར་ཕྱོགས་སྤྱི་ལེ་བརྒྱད་ལ་སྔར་གྱི་དགོན་ཤུལ་དང་།སྤྱི་ལེ་དགུ་ལ་ད་ལྟའི་དགོན་པ་ཆགས་ཡོད།ཡུལ་ཤུལ་ཁུལ་ནས་དགོན་ནང་བར་སྤྱི་ལེ།109དག་ཁྲི་འདུ་རྫོང་ནས་དགོན་ནང་བར་སྤྱི་ལེ་33ཡོད།Gslརྗེ་ཙོང་ཁ་པའི་དྲ་བ།

2.jpgGslརྗེ་ཙོང་ཁ་པའི་དྲ་བ།

གསུམ། ཤུལ་མ་ཞེས་པའི་སྡེ་འདི་ལ་བཤད་ཚུལ་མང་ཡང་ཕ་ཤུལ་བུས་འཛིན་པའི་ཤུལ་མ་གྲགས་པ་ཡིན་ཚུལ་སོགས་རྒྱས་པ་ཆོས་འབྱུང་དབྱིག་གི་བང་མཛོད་ལས་གསལ་ལོ།།Gslརྗེ་ཙོང་ཁ་པའི་དྲ་བ།

3.jpgGslརྗེ་ཙོང་ཁ་པའི་དྲ་བ།

བཞི། ཤུལ་མ་དགོན་པ་ལ་ཉམས་གུད་བྱུང་ཚུལ།༡༩༣༧ལོར་རྨ་ཤུང་ནས་དཔོན་རུ་སྨད་མ་དང་།ཤུལ་མ་གཉིས་ལ་དྲག་གནོན་བྱེད་པ་དང་མཉམ་དུ་ཤུལ་མ་དགོན་ལའང་ཉམས་གུད་མང་པོ་བྱུང་།རྟེན་གྱི་གཙོ་བོ་གསེར་ལྡོང་ཐུབ་པ།སྒྲོལ་མ་ཞལ་གྲགས་མ་སོགས་ཡོད།སྲུང་མ་མགོན་པོ་ཕྱག་དྲུག་པ།མགོན་དཀར།དམ་ཅན་ཆོས་རྒྱལ།དཔལ་ལྡན་ལྷ་མོ།རྣམ་སྲས།ལྕམ་སྲིང་།དམ་ཅན་རྡོར་ལེགས་ཏེ་ཆོས་སྐྱོང་ཆ་བདུན་འདོན་སྲོལ་ཡོད།བྱང་གླིང་པཎ་ཊི་ཏ་ཡེ་ཤེས་ཚུལ་ཁྲིམས་ནི།རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་སྐུ་འཁྲུངས།སྤྱི་ལོ་༡༨༦༦ལོར་ཤུལ་མ་དགོན་པའི་བཅའ་ཡིག་བརྩོམས་པ་སོགས་འཁོད་པ་ལས་གཞན་འཁྲུངས་ལོ་དང་འདས་ལོ་གསལ་ཁ་མེད་པས་ཇི་བཞིན་འབྲི་མ་ཤེས།ད་ལྟ་གསུངས་འབུམ་པོད་གཅིག་བཞུགས་གཞན་རྣམས་རིག་གསལ་སྐབས་རྩ་མེད་དུ་སོང་།བྱང་གླིང་པན་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་དགེ་ལེགས་རྣམ་རྒྱལ་གྱིས་གསང་གཞུང་བཀྲ་ཤིས་བོད་སོགས་བརྩམས།Gslརྗེ་ཙོང་ཁ་པའི་དྲ་བ།

4.jpgGslརྗེ་ཙོང་ཁ་པའི་དྲ་བ།

5.jpgGslརྗེ་ཙོང་ཁ་པའི་དྲ་བ།

དགེ་བཤེས་བློ་བཟང་རྣམ་གྲོལ་གྱིས་སྒྲོལ་མའི་སྟོང་མཆོད་སོགས་ཆོ་ག་ཁ་ཤས་བརྩམས།དུས་རབས་བཅོ་བརྒྱད་ཙམ་ལ་དགོན་འདི་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ནས་བྱང་གླིང་པཎ་ཆེན་གྱི་སྐབས་སུ་དགེ་ལུགས་པར་ཆགས།༡༩༥༨ལོ་སྔོན་དགོན་འདི་པར་ཁང་དང་དཔེ་མཛོད་ཁང་སོགས་མེད།བསྟན་པ་ཡང་དར་གྱི་སྐབས་སུ༡༩༨༠ལོ་ཆོས་སྒོ་ཕྱེས།༢༠༠༥ལོ་མཁན་བསོད་ནམས་བཟང་པོས་གཙོ་འཛིན་བྱས་ནས་དགོན་འདི་མཚན་ཉིད་གྲྭ་ཚང་གསར་དུ་བཏབ།༢༠༡༣ལོ་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དགོན་འདིར་འཚོགས།ད་ལྟ་གྲྭ་བ་བཞི་བརྒྱ་མ་ལོང་ཙམ་ཡོད།འཛིན་གྲྭ་དབུ་མའི་བར་དང་།གཞན་ཡང་སུམ་རྟགས་སྙན་ངག་སོགས་ཀྱི་འཛིན་གྲྭའང་ཡོད་དོ།དཔེ་མཛོད་ཁང་དང་འདུ་ཁང་ཆེ་ཆུང་གཉིས་གྲྭ་ཤག་ཉིས་བརྒྱ་ལྷག་ཡོད།ཞེས་རྗེ་ཙོང་ཁ་དྲྭ་བའི་འགན་འཛིན་དགེ་བཤེས་ཡར་རྒྱས་ནས་རེ་བསྐུར་བཞིན་མཁན་ཟུར་བསོད་ནམ་བཟང་པོས་༢༠༡༦-༡-༢༡-ཉིན་མཚམས་སྦྱར་བའོ།།Gslརྗེ་ཙོང་ཁ་པའི་དྲ་བ།

6.jpgGslརྗེ་ཙོང་ཁ་པའི་དྲ་བ།

7.jpgGslརྗེ་ཙོང་ཁ་པའི་དྲ་བ།

8.jpgGslརྗེ་ཙོང་ཁ་པའི་དྲ་བ།

9.jpgGslརྗེ་ཙོང་ཁ་པའི་དྲ་བ།

ས་གནས།青海省玉树州称多县休玛寺、玉树藏族自治州离休玛寺有109公里、离称多县有33公里འབྲེལ་བཏུག་ཁ་པར་ཨང་གྲངས15909763188Gslརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K