མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་།

    སྤེལ་དུས།  2016-02-22 09:11:04     རྩོམ་པ་པོ།   ལྡོང་ཡོན་ཏན་རྒྱ་མཚོ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་མཚམས་སྦྱོར་མདོར་བསྡུས།5X5རྗེ་ཙོང་ཁ་པའི་དྲ་བ།


བྱང་ཕྱོགས་ཁ་བ་ཅན་པའི་རྒྱལ་ཁམས་སུ།།
5X5རྗེ་ཙོང་ཁ་པའི་དྲ་བ།

བསྟན་ལ་སྟོན་པ་གཉིས་པའི་མཛད་པ་ཅན།།5X5རྗེ་ཙོང་ཁ་པའི་དྲ་བ།

འཇམ་དཔལ་དགྱེས་བཞད་ཀུན་མཁྱེན་བླ་མ་ཡི།།5X5རྗེ་ཙོང་ཁ་པའི་དྲ་བ།

སྐུ་འཕྲེང་རིམ་བྱོན་རྣམས་ལ་གུས་ཕྱག་འཚལ།།5X5རྗེ་ཙོང་ཁ་པའི་དྲ་བ།

    དེ་ཡང་ཇི་སྐད་དུ།བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། ཅེས་གསུངས་པ་ལྟར།  རྣམ་འདྲེན་རྒྱལ་བ་དུ་མས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་མཆོག་འཕགས་ཡུལ་རྡོ་རྗེ་གདན་ལས་དཔག་ཚད་བརྒྱ་ལྷག་ཙམ་བགྲོད་པའི་བྱང་གི་ཆར། རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བའི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཆེན་པོ་ལྷོ་རྒྱལ་འཛམ་བུ་གླིང་བའི་རྒྱ་ཕིབས་དང་ཆུ་བོའི་མཆོད་རྟེན་གྱི་གཟུགས་སུ་ལྷམ་མེར་ཆགས་ཤིང་། ཡུལ་ཁམས་ཆེན་པོ་འདི་ནང་བཅུད་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཆོལ་ཁ་གསུམ་དུ་ཕྱེས་པ་ལས་མདོ་སྨད་རྟའི་ཆོལ་ཁའི་ལྷོ་རྒྱུད་དུ་གཏོགས་པ། སྨར་རོལ་མ་ལག་དྲུག་གི་ནང་ཚན། རྔ་ཁོག་ལགས་པ་སྐྱ་མོ་སྨར་གྱི་ལག་ཞེས་བྱ་བ། སྔོན་གྱི་ཚེ་ན་བོད་བཙན་པོའི་རིགས་སྲས་རྩོད་མེད་གནམ་ལྡེ་འོད་སྲུང་གིས་དབང་བསྒྱུར་བའི་སྟོད་མངའ་རིས་ཀྱི་མི་རྒྱུད་སྐོར་ཞིག་འོང་སྟེ་གཞིས་ཆགས་པས་མངའ་བ་ཟེར་བ་ལ་རིམ་གྱིས་བརྡ་འགྱུར་ཏེ་རྔ་བ་ཞེས་འབོད་པ།  ཡང་ན་སའི་དབྱིབས་རྔ་དང་འདྲ་བའི་ཆ་ནས་རྔ་བར་གྲགས་པ། དེང་གི་ཆར་སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས། སི་ཁྲོན་གྱི་ཁོངས་གཏོགས་སུ། རྩྭ་ཆུ་འཛོམས་ཤིང་ལོངས་སྤྱོད་རྒྱས་པ། གྲུབ་མཐའ་རིས་མེད་ཀྱི་བསྟན་པ་དར་ས། རིགས་ཞེན་ཟབ་ཅིང་ལ་རྒྱ་ཡོད་པ། མཎ་ཌལ་གྱི་ཚོམ་བུ་མཆོད་པར་བཤམས་འདྲའི་རྔ་བ་རྫོང་ལ་རྔ་སྟོད་སྨད་གཉིས་སམ་གསུམ་དུ་ཕྱེས་པ་ལས་རྔ་སྟོད་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་ནི། 5X5རྗེ་ཙོང་ཁ་པའི་དྲ་བ།

1502160170694102.jpg5X5རྗེ་ཙོང་ཁ་པའི་དྲ་བ།

          བཀའ་གདམས་གླེགས་བམ་ལས། དུས་དགུན་གསུམ་དཀར་བོ་ཤེལ་གྱི་མདོག། དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག། དུས་སྟོན་གསུམ་སེར་བོ་གསེར་གྱི་མདོག། དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག། གསུངས་པ་ལྟར། དུས་བཞིའི་འགྱུར་ལྡོག་གསལ་བ། མཁའ་དབུགས་གཙང་ཞིང་སྨན་སྣ་མང་བ། ཆུ་བོ་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པ། གྲོ་ནས་སྲན་གསུམ་གྱི་སྙེ་ཞགས་ཆུ་བོའི་རླབས་ལྟར་འཕྱོ་ཞིང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བས་ཞིང་འབྲོག་ཟུང་གི་འཚོ་བ་སྣུམ་པ་སོགས་ཁྱད་ཆོས་དང་དགེ་མཚན་དུ་མས་མཛེས་པར་ཕྱུག་ཡོད་ལ། དེ་ལྟ་བུའི་ས་ཡི་ཐིག་ལེར་དཀར་དམར་མེ་ཏོག་ཁྲ་ཆི་ལེར་བཞད་སའི་དགོན་གནས་བཀྲ་ཤིས་ཆོས་ཐང་ནི། རིན་ཆེན་བུམ་པའི་གཟུགས་སུ་ཡོད་ཅིང་པདྨ་འདབ་བརྒྱད་ཀྱི་རྟགས་མཚན་ཕྱོགས་སུ་བཀྲ་བ། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱིས་མཚན་ཞིང་ཉི་མའི་དབྱིབས་སུ་གདུགས་ལྟར་འཁོད་པ། རྒྱབ་རི་མཆོད་རྟེན་སྒོ་ཁྱིམ་དབྱིབས་ལྡན་གྱི་རྩེ་མོ་རྒྱལ་མཚན་བསྒྲེངས་པ་ལྟར་མཐོ་ཞིང་བརྗིད་པ། མདུན་རི་དུང་དཀར་གཡས་འཁྱིལ་གྱི་གཟུགས་ལ་ཆུ་ཕྲན་མང་བོ་དཔལ་བེའུའི་ཚུལ་དུ་འབབ་པ། ཤར་ནུབ་གཉིས་སུ་དྭངས་བསིལ་རྫ་ཆུ་བསིལ་མ་ཟུང་གསེར་གྱི་ཉ་མོ་འཁྱུག་པ་ལྟར་ལྷུང་ལྷུང་གླུ་སྒྲ་སྒྲོག་བཞིན་འབབ་པ་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མ་ལྷུན་གྱིས་གྲུབ་པ།  ཤར་ལྷོ་ན་ཀླུ་ཆུ་དུང་ཆུང་དཀར་མོའི་ཆུ་མིག་དང་། ནུབ་བྱང་ན་ཆུ་འགོ་བརྒྱ་དང་བརྒྱད་ལྡན་གྱི་ཚྭ་ཆུ་གཉིས་མཆོད་ཡོན་གྱི་ཚུལ་དུ་བཤམས་པ་སོགས་མ་བཅོས་རང་བྱུང་གིས་གྲུབ་པའི་དགེ་མཚན་བརྗོད་ཀྱིས་མི་ལངས་པ་དང་། སའི་ལེགས་ཉེས་དཔྱད་པའི་གཙུག་ལག་གི་དགོངས་དོན་ལྟར་ན་ཡང་། ཤར་གྱི་གད་པ་སྐྱ་བོ་རྒྱ་སྟག་སྐྱ་བོས་མཆེ་བ་གཙིགས་འདྲ། ལྷོ་ཡི་རྔ་ཆུ་རིང་མོ་གཡུ་འབྲུག་ཐང་ནས་འཁྱུག་འདྲ། ནུབ་ཀྱི་བདེ་འཛོམས་རི་རྒྱུད་ཁྱུང་ཆེན་མཁའ་ལ་ལྡིང་འདྲ། བྱང་གི་བྲག་རྒན་རི་བོ་རུས་སྤལ་སེར་བོ་ཐང་ལ་གོག་པ་ལྟ་བུ་སྟེ་སའི་སྲུང་བཞི། དགེ་འདུན་འདུས་པའི་སྡེ་ཆེན་གོང་དུ་འཕེལ་བའི་བརྡར་ཤར་ཕྱོགས་ཀྱི་མཐོངས་ཡངས་པ།  སྐུ་ཚེ་མཛད་འཕྲིན་རིང་བའི་རྟགས་སུ་ནུབ་ཕྱོགས་རིང་དུ་གཏན་པ་སོགས་ས་ཡི་ཀྭ་བཞི་དང་དགེ་བཅུ་ཚང་བའི་ཡུལ་ཁྱད་པར་ཅན་དེ་ནི། སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ཆེན་པོ་ལྷུན་གྱིས་ཆགས་པའི་གནས་ཁྱད་པར་ཅན་ལགས་སོ།།5X5རྗེ་ཙོང་ཁ་པའི་དྲ་བ།

1502160170243732.jpg5X5རྗེ་ཙོང་ཁ་པའི་དྲ་བ།

        དེ་ལྟའི་ཁྱད་དུ་འཕགས་པའི་གནས་མཆོག་འདིར་ཆོས་ཀྱི་སྡེ་ཆེན་པོ་ཇི་ལྟར་བཏབ་ཚུལ་ནི།  སྔོན་ཀུན་མཁྱེན་སྐུ་གོང་མ་ལའང་རྔ་ཡུལ་ཕྱོགས་འདིར་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་འཛིན་པའི་ཆོས་སྡེ་ཞིག་འཛུགས་རྒྱུའི་ཐུགས་འདུན་ཡོད་ལ། སྤྱི་༡༧༥༩ལོར་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་བོ་དཔལ་བཟང་བོ་མཆོག་དབུས་ནས་ཆིབས་ཁ་བསྒྱུར་ཅིང་སྒོ་ལ་བརྒྱུད་དེ་རིམ་གྱིས་རྭ་སྒྲེང་དུ་བྱོན་པ་ན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོ་ཡང་དགའ་ལྡན་བརྒྱུད་དེ་དེར་ཕེབས་པས་ཡབ་སྲས་གཉིས་ཉིན་གཅིག་ལ་བཀའ་གདམས་གདན་ས་ཆེན་པོར་ཞལ་འཛོམས། དཀོན་མཆོག་འཇིགས་མེད་དབང་བོས་ཀུན་གཟིགས་མཆོག་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་ཞུས་ཤིང་ཆིབས་ཆེན་དཀར་བོ་ཞིག་ཕུལ་བར་ཐུགས་ཤིན་ཏུ་དགྱེས། དེ་ནས་ཀུན་མཁྱེན་མཆོག་གིས། ངས་རྔ་ཡུལ་དུ་དགོན་སྡེ་ཞིག་བཏབ་ན་འཕེལ་རྒྱས་ཅི་འདྲ་འབྱུང་ཞུས་པར། ཀུན་གཟིགས་རིན་པོ་ཆེས། དེ་ནི་ཤིན་ཏུ་ལེགས། ཀུན་མཁྱེན་གོང་མའི་ཐུགས་བཞེད་ལྟར་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་འཛིན་པའི་ཆོས་སྡེ་ཞིག་ཐོབས་དང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཕེལ་རྒྱས་ཆེན་པོ་འབྱུང་ཞེས་མ་འོངས་ལུང་དུ་བསྟན་ཅིང་ཙན་དན་དཀར་བོའི་གཎྜི་ཞིག་ཀྱང་རྟེན་སྐལ་དུ་གནང་བར་གྲགས། 5X5རྗེ་ཙོང་ཁ་པའི་དྲ་བ།

གཞན་ཡང་ཀུན་མཁྱེན་མཆོག་གིས་ལྕང་སྐྱ་རོལ་བའི་རོལ་རྡོ་རྗེ་དང་། ཀློང་རྡོལ་རིན་པོ་ཆེ་ངག་དབང་བློ་བཟང་སོགས་ཡེ་ཤེས་ཀྱི་སྤྱན་ལ་དབང་འབྱོར་བའི་མཁས་གྲུབ་མང་བོར་དགོན་འདི་འཛུགས་བཞེད་ཀྱི་བརྟག་པ་ཞུས་པར་ཐམས་ཅད་ཀྱིས་རྒྱལ་བསྟན་རིན་པོ་ཆེའི་རྒྱན་དུ་འགྱུར་བའི་ལུང་བསྟན་དང་། རྟེན་བྱིན་ཅན་མང་བོ་གནང་།  བླ་མའི་ཐུགས་བསྐྱེད་དང་འགྲོ་བའི་བསོད་ནམས་ཟུང་དུ་འབྲེལ་བས།  སྐབས་དེའི་ཡུལ་འདིའི་རྡོར་ཞར་དཔོན་པོས་གཙོས་ཨ་རན་ཚོ་བ་བརྒྱད་ཀྱི་མི་སྣ་ཆེ་ཕྲ་དུ་མས་རྩེ་གཅིག་གུས་པ་ཆེན་པོས་རྔ་ཡུལ་སྤྱིའི་མཆོད་གནས། ཤི་བོས་སྔས་གཏོད་ས་དང་། གསོན་པོས་སྐྱབས་འཚོལ་ཡུལ་གྱི་དགོན་པ་ཞིག་འདེབས་དགོས་ཚུལ་ཡང་ཡང་ཞུས་པས།  རྗེ་ཉིད་ནས་ཀྱང་ཡུལ་འདིའི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་དུས་ལ་བབས་པར་དགོངས་ནས།  སྤྱི་ལོ་༡༧༩༠ལོའི་ཧོར་ཟླ་གཉིས་པར་རྔ་ཡུལ་སྟོད་དུ་ཆིབས་བསྒྱུར་གནང་།  ཕྱོགས་ཐམས་ཅད་ནས་འདུས་པའི་མཇལ་བ་སྟོང་ཕྲག་མང་བོ་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་བསྩལ། 5X5རྗེ་ཙོང་ཁ་པའི་དྲ་བ།

1502160170787137.jpg5X5རྗེ་ཙོང་ཁ་པའི་དྲ་བ།

གཟའ་སྐར་གྱི་འཕྲོད་སྦྱོར་ཤིན་ཏུ་ལེགས་པའི་ཉིན་འཁོར་ཚོགས་རྒྱ་ཆེན་པོ་དང་བཅས་གདན་ས་འཚོལ་ཕྱིར་ད་ལྟའི་ས་འདིར་ཕེབས་ཏེ་ཡུལ་མི་ཞིག་ལ་ཐང་འདིའི་མིང་ལ་ཅི་ཟེར་དྲིས་ཚེ། བཀྲ་ཤིས་ཆོས་ཐང་དུ་འབོད་ཅེས་ཞུས་པར། ཁོང་ཐུགས་དགྱེས་པ་ཆེན་པོས། ད་ནི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་བྱུང་། སྔོན་ཀུན་མཁྱེན་སྐུ་གོང་མས་ཀྱང་རྩེ་པོ་ཏ་ལའི་གཟིམ་ཆུང་བཀྲ་ཤིས་བཀོད་པར་ཐམས་ཅད་མཁྱེན་པ་ངག་དབང་ཡེ་ཤེས་རྒྱ་མཚོར་བཀའ་ཆོས་གནང་སྐབས། ད་ཕྱིན་ངེད་རང་ཚོ་གང་དུ་སོང་ནའང་བཀྲ་ཤིས་ཟེར་བ་ཞིག་འོང་གསུངས་པ་ལྟར། ཐོག་མར་བཀྲ་ཤིས་སྒོ་མང་གི་བླ་མ་གནང་། དེ་ནས་མཆོད་གཞིས་བཀྲ་ཤིས་རྩེ་བྱུང་། ཕྱིས་སུ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྒྱལ་བས་ལུང་བསྟན་པའི་ཆོས་སྡེ་ཆེན་པོ་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཕྱག་འདེབས་མཛད་པ་རེད། དེ་རིང་ཡང་ང་ཚོ་བཀྲ་ཤིས་ཆོས་ཐང་དུ་སླེབས་ཚེ་ཆིབས་རྟ་ཉལ་ཞིང་རང་བྱུང་ས་ཡི་བཀོད་པའང་ཆེས་ཆེར་བཀྲ་བས་གདན་ས་དངོས་འདི་ཡིན་པར་འདུག་སོགས་གསུངས་ཏེ། དགོན་སྡེ་འདིར་ཡང་བསླབ་པ་གསུམ་ལྡན་ཞིང་།། བྱམས་དང་སྙིང་རྗེས་རྒྱུད་གང་མཁས་བཙུན་ཞིང་།། གསུང་རབས་དྲང་ངེས་རིགས་པས་ལེགས་རྟོགས་ནས།། ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག། ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་དུ་མ་དང་མེ་ཏོག་འཐོར་ཏེ་གདན་ས་བྱིན་གྱིས་བརླབས། སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་ཞེས། མཁས་གྲུབ་བྱེ་བས་རོལ་གནས་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་གསོལ་ཏེ་བཤད་སྒྲུབ་གཉིས་ཀྱི་ཆ་ནས་ཡར་ཚེས་ཟླ་བའི་འཕེལ་ཁར་འགྲན་པའི་ཐུགས་སྨོན་རྒྱ་ཆེར་གནང་སྟེ་ཐོག་མར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཕྱག་འདེབས་གནང་།5X5རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༡༧༩༡ལོའི་དབྱར་ཐོག་ཁོང་གི་ཐུགས་སྲས་མཁས་བཙུན་བཟང་གསུམ་གྱི་མངའ་བདག་རྗེ་གུང་ཐང་བསྟན་པའི་སྒྲོན་མེར་བཀའ་གནང་བ་བཞིན་ཕེབས་ཏེ། བཀྲ་ཤིས་གསོ་སྦྱོང་དང་། ས་བརྟག་བསླངས།ལྟོ་འཕྱེའི་ཐིག་རྒྱས་པར་གནང་ནས་འདུ་ཁང་གི་རྨང་བཏིང་བ་སོགས་བླ་མའི་མཛད་འཕྲིན་གྱི་འཕྲོ་བསྐྱངས་ཤིང་དགོན་འདིའི་ཁྲི་ཐོག་དང་བོར་བཞུགས།  སྤྱི་ལོ་༡༨༠༧ལོར་ཀུན་མཁྱེན་སྐུ་འཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་རྒྱ་མཚོ་དཔལ་བཟང་བོ་མཆོག་དགོན་འདིར་ཕེབས་ནས། ཉིན་ཞག་དུ་མར་ལྷོད་བཞུགས་ཀྱིས་འགྲིག་ལམ་ཀུན་སྤྱོད་སོགས་ལ་ཞིབ་གཟིགས་གནང་། དགོན་འདིའི་འདོན་རྟ་དབྱངས། རྒྱུད་ཀྱི་འཆད་ཉན་སོགས་ཁུངས་བཙུན་ཞིང་གྲྭ་ས་ཆེན་པོའི་ཕྱག་བཞེས་ལྟར་གྲྭ་མ་ཉམས་པར་འདུག་ཅེས་ཐུགས་དགྱེས་པའི་གསུང་གནང་། ཨ་རན་ཚོ་བ་བརྒྱད་ཀྱི་སྡེ་ཕལ་ཆེར་ལ་ཕེབས་ཤིང་འཕོ་བ་ལྗགས་བསྔོ་སོགས་འདོད་ཆོས་གང་ཞུས་འཕྲལ་དུ་གནང་། 5X5རྗེ་ཙོང་ཁ་པའི་དྲ་བ།

1502160170116349.jpg5X5རྗེ་ཙོང་ཁ་པའི་དྲ་བ།

  སྤྱི་ལོ་༡༨༣༤་ལོར་ཆོས་སྡེ་ཆེན་པོ་འདིའི་ཁྲི་ལས་ཐོག་པ་ཁྱ་དགེ་དཔོན་སློབ་སྤྲུལ་བའི་སྐུ་དཀོན་མཆོག་ཆོས་ལྡན་ཚང་དང་སྐུ་ཚབ་རྒན་གྱའི་ཚང་ར་གཉིས་ཀྱིས་གཙོར་བྱས་ཏེ་གདན་འདྲེན་ཞུས་པ་བཞིན་སླར་ཡང་ཀུན་མཁྱེན་སྐུ་འཕྲེང་གསུམ་པའི་ཆིབས་ཞལ་གླིང་འདིར་བསྒྱུར། ཐར་བ་དོན་གཉེར་ཅན་མང་བོ་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པའི་དཔལ་ལ་བཀོད། སེར་སྐྱའི་ཚོགས་པ་སྟོང་ཕྲག་བདུན་ལྷག་དང་བཅས་པའི་ཁྲོམ་ལ། གསང་བདེ་འཇུག་གསུམ་གྱི་དབང་དང་། ཐུགས་རྗེ་ཆེན་པོའི་དབང་གི་བཀའ་ཁྲིད་བསྩལ། ཁྱ་དགེ་ཚང་ནས་གཟིམ་ཁང་ཕུལ་ཞིང་། གཞན་རྔ་སྟོད་སྨད་ཀྱི་སྒྲུབ་སྡེ་མང་བོས་གདན་དྲངས་པའི་སར་ཕེབས་ཏེ་རང་རང་གི་འདོད་མོས་ཀྱི་ཆོས་བཀའ་དང་། བསུ་བར་ཀུན་རིག་གི་དབང་གནང་། གྲོང་བ་རྣམས་ཀྱིས་ནན་ཞུས་བཞིན་ཉིན་རེར་མི་ཁྱིམ་ཉེར་ལྔ་རེར་ཕེབས་ཤིང་དབང་ཆེན་བདུན་རེ་གནང་སྟེ་སོ་སོའི་རེ་བ་ཚིམ་པར་བསྐངས། ཚེས་བཅོ་ལྔའི་གསོ་སྦྱོང་གི་མགོན་དུ་ཕེབས་ནས་ཆོས་བསྒྲགས་པའི་མདོ་དང་། སོ་ཐར་གྱི་མདོའི་གླེང་གཞིའི་ལྗགས་ལུང་དང་། ལྟུང་བ་སྡེ་ལྔ་ཐོས་བསྒྲགས་ཀྱི་བཀའ་དྲིན་ཡང་བསྐྱངས་། 5X5རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༡༨༥༣ལོར་སླར་ཡང་སྐྱབས་མགོན་གསུམ་པ་ཆེན་པོ་སྒོ་མང་དགོན་དུ་ཆིབས་བསྒྱུར་གནང་སྟེ་ཁྱ་དགེ་དཀོན་མཆོག་ཆོས་ལྡན་མཆོག་གི་ཕྱག་རྫས་ཀྱི་བཞེངས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུ་ཁང་གསར་བར་རབ་གནས་མཛད། གྲྭ་ཚང་ལ་མང་འགྱེད་དང་སྤྱི་འཇོག གཟིམ་ཁང་གི་ཐེབས་སོགས་གྱ་ནོམ་པ་དང་། སེར་སྐྱའི་འདུས་ཚོགས་ཁྲིར་ཉེ་བ་ལ། སྤྱན་རས་གཟིགས་ཕྱག་བཞི་བ། སྒྲོལ་ལྗང་། འོད་ཟེར་ཅན་མ། མགོན་ཆོས་ལྷ་མོ་རྣམས་ཀྱི་རྗེས་གནང་བསྩལ་བ་སོགས་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་གཟིགས་སྐྱོང་བླ་ན་མེད་པ་གནང་ངོ་། །5X5རྗེ་ཙོང་ཁ་པའི་དྲ་བ།

བདག་སོགས་ལྷ་དང་བཅས་པའི་འདྲེན་པ་བླ་ན་མེད་པ། ཀུན་མཁྱེན་བཞི་བ་ཆེན་མོ་༧རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོ་མཆོག་སྤྱི་ལོ་༡༨༦༩ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན། ངུར་སྨྲིག་འཆང་བའི་དགེ་འདུན་པ་བརྒྱ་ཕྲག་མང་བོས་གདུགས་དང་རྒྱ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་མཐའ་ཡས་པས་ཆོས་སྡེ་ཆེན་པོ་སྒོ་མང་དགོན་དུ་གདན་དྲངས། དགོན་གྲོང་གཉིས་ཀའི་ཇ་ཞུས་གང་ཡོད་ལ་ཕེབས་ཤིང་འདོད་ཆོས་གང་ཞུས་ཀྱི་རེ་བ་བསྐངས། གདན་ས་འདིས་མཚོན་ཕྱོགས་ཡས་མས་ཀྱི་དགོན་སྡེ་མང་བོ་དང་། དད་ལྡན་ཕོ་མོ་སྟོང་ཕྲག་མང་བོར་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་། དགའ་ལྡན་ལྷ་བརྒྱ་མ། ལམ་གཙོ་རྣམ་གསུམ། ལམ་མཆོག་སྒོ་འབྱེད་བཅས་ཀྱི་ལུང་གནང་། ཀུན་མཁྱེན་མཆོག་དགུང་གྲངས་བཅོ་ལྔར་ཕེབས་པའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ཡང་དགོན་འདི་ནས་གནང་།  ཚོགས་དབུས་སུ་བྱོན་ཏེ་དགེ་འདུན་ཡོངས་ལ་མཇལ་ཁ་དང་སྲུང་མདུད་བསྩལ། 5X5རྗེ་ཙོང་ཁ་པའི་དྲ་བ།

1502160170496500.jpg5X5རྗེ་ཙོང་ཁ་པའི་དྲ་བ།

       སྤྱི་ལོ་༡༩༠༧ལོའི་ཧོར་ཟླ་བདུན་པའི་ཚེས་ལྔའི་ཉིན། སྒོ་མང་དགོན་དང་ཚོ་དྲུག་སོགས་དད་ལྡན་སྟོང་ཕྲག་མང་བོས་ཆིབས་བསུ་རྒྱ་ཆེན་པོས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུ་ཁང་དུ་གདན་དྲངས། རྗེ་ཉིད་ཀྱིས་སྦྱིན་བདག་མཛད་དེ་གྲྭ་ཚང་ལ་མང་འགྱེད་བཏང་། མཚན་ཉིད་གསར་འཛུགས་ཀྱི་ཆེད་གྲྭ་ཚང་ལ་ཞབས་བརྟན་མང་བོ་བསྒྲུབ་ཏུ་བཅུག  མགོན་ཁང་དུ་ཕེབས་ཏེ་འཕྲིན་ལས་བཅོལ་བ་དང་ལྷག་པར་དམ་ཅན་གཏོར་བསྔོས་མང་དུ་གསུངས་ཤིང་ཐུགས་སྨོན་རྒྱ་ཆེར་གནང་། ཟླ་དེའི་ཚེས་བདུན་ཉིན་སྔར་ནས་བཀོད་ཁྱབ་བསྩལ་ཡོད་པ་བཞིན། བསྡུས་གྲྭ། ས་ལམ་རྣམ་བཞག དོན་བདུན་ཅུ། མངོན་རྟོགས་རྒྱན། དབུ་མ་འཇུག་པ་སོགས་ཀྱི་བློ་རྒྱུགས་བླངས། ཚེས་བཅུའི་ཉིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལས་བློ་གསལ་ཞིང་དོན་གཉེར་ཆེ་བ་མང་བོ་ལོགས་སུ་བཀར་སྟེ་རྨད་བྱུང་ཐོས་བསམ་གླིང་གསར་དུ་བཙུགས། ཚོགས་ཆེན་ལ་བཤད་སྒྲུབ་འཕེལ་རྒྱས་གླིང་དང་། རྨད་བྱུང་ཐོས་བསམ་གླིང་ལ་བཤད་སྒྲུབ་འདུས་སྡེ་གླིང་ཞེས་དོན་དང་མཐུན་པའི་མཚན་གསོལ། རྩོད་ཡིག་དང་བཅའ་ཡིག་ཤེལ་དཀར་ཕྲེང་བ་གཉིས་གསར་དུ་བརྩམས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཚན་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་དང་སྔོན་གྱི་བཅའ་ཡིག་སོར་བཞག་གནང་། ཐོས་བསམ་གླིང་ལ་འཛིན་གྲྭ་དགུ་བྱས་ཏེ་སྐྱབས་མགོན་མཆོག་ཉིད་ནས་བརྩི་བཞག་གནང་། གསར་བུ་རྣམས་ལ་བགྲོ་གླེང་བྱེད་དུ་བཅུགས་ཅིང་རྟགས་གསལ་འཕེན་ཚུལ་དང་ཁས་ལེན་འཛིན་ཚུལ་ཚུན་ཆད་ཞིབ་རྒྱས་སུ་བསླབས། ཁྲི་རིན་པོ་ཆེ་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ་མཆོག་གིས་དུང་དཀར་བོ་ཆ་གཅིག་ཕུལ་ཏེ་ཆོས་སྡེ་འདིར་འཆད་ཉན་འཕེལ་བའི་སྐྱབས་འཇུག་ཞུས་པས་རྟེན་འབྲེལ་ཤིན་ཏུ་འགྲིག  འཆད་ཉན་གྱི་སྲུང་མར་གནས་ཆུང་རྒྱལ་བོ་སྐུ་ལྔར་བཀའ་བསྒོས་ཤིང་ཚེས་གཉིས་གང་ཡིན་ལ་ལྷ་ཚེས་སུ་འཚོགས་པའི་སྲོལ་བཙུགས། ཡིག་ཆ་དང་ཕྱག་ལེན་ཐམས་ཅད་མ་དགོན་བཀྲ་ཤིས་འཁྱིལ་ཇི་ལྟ་བ་བཞིན་ཏུ་གནང་། ཚོ་བ་དྲུག་གི་མི་ཁྱིམ་ཕལ་ཆེ་བར་ཕེབས་ཤིང་འཕོ་ལུང་དང་དྲུག་ཅུ་བ། གཡང་འབོད། བཀྲ་ཤིས་ཀྱི་མེ་ཏོག་འཐོར་བ་སོགས་སོ་སོས་གང་ཞུས་ཀྱི་རེ་བ་ཆོས་ཀྱིས་བསྐངས། ཚེས་བཅུ་གཅིག་ཉིན་སེར་སྐྱ་ཡོངས་ལ་འཇམ་དབྱངས་དམར་སེར་དང་། ཐུགས་རྗེ་ཆེན་པོའི་རྗེས་གནང་། འོད་ཟེར་ཅན་མ། རིགས་གསུམ་མགོན་པོའི་ལུང་སོགས་བཀའ་དྲིན་བསྩལ། ཚོ་དྲུག་གིས་ཞུས་ངོར་དགྲ་ལྷ་དཔུང་བསྟོད་གསུངས། ལོ་རེ་བཞིན་སྨྱུང་གནས་དང་འོད་ཟེར་ཅན་མའི་གཟུངས་བསྒྲུབ་ལ་འཚོགས་པའི་སྲོལ་བཙུགས། དགོན་གྲོང་གཉིས་ལ་གང་ཕན་གྱི་བསླབ་བྱ་ཞིབ་རྒྱས་སུ་བསྩལ་ཏོ།།5X5རྗེ་ཙོང་ཁ་པའི་དྲ་བ།

1502160170128114.jpg5X5རྗེ་ཙོང་ཁ་པའི་དྲ་བ།

      སྤྱི་ལོ་༡༩༡༤ལོར་སྒོ་མང་དགོན་འདུས་སྤྱི་དང་ཚོ་དྲུག་དཔོན་མང་གིས་སྔ་ཕྱིར་ལན་གསུམ་ལ་གདན་ཞུ་ཕུལ་བ་བཞིན། ཧོར་ཟླ་བརྒྱད་པའི་ནང་ཡུལ་འདིར་ཞབས་ཀྱི་པདྨོ་བཀོད། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་བསྐང་བའི་དབྱངས་ཆ་ཚང་དང་། རྨད་བྱུང་ཐོས་བསམ་གླིང་གིས་རིགས་ལུང་གི་རྒྱུགས་ཕུལ་བར་ཐུགས་ཤིིན་ཏུ་དགྱེས་པའི་གསུང་གནང་། ཐོས་བསམ་གླིང་བཙུགས་ནས་ལོ་ཤས་ལས་མ་འགོར་ཡང་འཆད་ཉན་ཤིན་ཏུ་རྒྱས་འདུག་ཅེས་དགེ་བཤེས་མང་བོས་སྔགས་བརྗོད་ཀྱི་མེ་ཏོག་འཐོར། ཞབས་བརྟན་ལྷ་ཁང་གསར་དུ་གྲུབ་པ་ལ་རབ་གནས་དང་། འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རྗེ་སྐལ་བཟང་བས་མཛད་པའི་ལུང་། སྐྱ་སེར་ཡོངས་ལ་ཕྱག་དབང་བཅས་ཀྱི་བཀའ་དྲིན་བསྐྱངས།  ཚོ་དྲུག་དཔོན་མང་གིས་ང་ཚོར་ཕྱིའི་དགྲ་བོས་མི་ཐུབ་ཅིང་། ནང་མཐུན་སྒྲིལ་ཟབ་ལ་ལོངས་སྤྱོད་སྤེལ་བའི་ཡུལ་ལྷ་བཙན་པོ་ཞིག་འགོད་དགོས་པའི་སྐྱབས་འཇུག་ནན་ཞུ་བྱས་པར་ལེགས་པར་ཞལ་གྱིས་བཞེས་ཏེ། རྫ་ཆེན་སྟག་ཤ་ཅན་གྱི་རྩེ་མོར་གཉན་སྲས་དགྲ་འདུལ་གཟི་ལྡན་འོད་འབར་ཞེས་པའི་ལབ་རྩེ་གསར་དུ་བསྟོད་དེ། ཆོས་སྡེ་ཆེན་པོ་འདིའི་མདོ་སྔགས་ཟུང་གི་འཆད་ཉན་དང་། བསྟན་པའི་སྤྱིན་བདག་ཚོ་བ་དྲུག་སོགས་ཀྱི་དབང་ཀླུང་སྙན་གྲགས་ཐམས་ཅད་ཡར་ཟླའི་དཔལ་ལ་འགྲན་པའི་ཐུགས་སྨོན་དང་བཀའ་བསྒོ་མཛད། བསང་མཆོད་སྣང་བ་མཐའ་ཡས་གསར་རྩོམ་གནང་ཞིང་བསང་མཆོད་རྒྱ་ཆེར་ཕུལ། རུ་སྡེ་ཡོངས་ལ་ལྷ་རྒྱལ་དང་འབོད་སྐུལ་བྱེད་དུ་བཅུག་པས་གཉན་སྲས་མངོན་སུམ་དུ་བྱོན་པའི་མཐོང་སྣང་སོགས་དགེ་ལྟས་མང་བོ་དེར་འཁོད་ཡོངས་ལ་མཐུན་སྣང་དུ་ཤར་བར་གྲགས། དེ་ནས་བཟུང་ལོ་རེ་བཞིན་ཧོར་ཟླ་ལྔ་བའི་ཚེས་བཞིར་དགོན་གྲོང་གཉིས་ཀ་དགྲ་འདུལ་ལབ་རྩེ་གསོ་རུ་འགྲོ་བའི་སྲོལ་ཚུགས། གཞན་ཡང་། སྐྱབས་མགོན་བཞི་བ་ཆེན་མོས་གླིང་འདིར་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་དང་འབྲེལ་བའི་ཁྱི་ར་སྐོར་གསུམ་གྱི་འཆམ་གསར་ཚུགས་ཀྱི་བཀོད་ཁྱབ་བསྩལ་བ་སོགས་བཀའ་དྲིན་གཞལ་མཐའ་བྲལ་བ་གནང་ངོ་།། 5X5རྗེ་ཙོང་ཁ་པའི་དྲ་བ།

1502160170377991.jpg5X5རྗེ་ཙོང་ཁ་པའི་དྲ་བ།

འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་གསེར་སྦྱང་བཙོ་མ་ལྟ་བུ་བཤད་སྒྲུབ་འཁོར་ལོ་ཟུང་གིས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་འགྲན་པའི་ཟླ་དང་བྲལ་བ་ཀུན་མཁྱེན་སྐུ་འཕྲེང་ལྔ་བ་ཆེན་མོ་༧རྗེ་བཙུན་བློ་བཟང་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་སྤྱི་ལོ་༡༩༢༥ལོའི་ཟླ་བཅུ་གཉིས་པའི་ནང་དགོན་འདིར་ཆིབས་བསྒྱུར་གནང་སྟེ་དགུང་གྲངས་བཅུ་གཅིག་པའི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་དགོན་འདིར་གནང་། ཆོ་འཕྲུལ་སྨོན་ལམ་གྱི་ཚེས་དྲུག་ཉིན་འདུས་པ་རྒྱ་མཚོའི་ཚོགས་དབུར་ཕེབས། ཚེས་བརྒྱད་ནས་སྨོན་ལམ་གསུང་ཆོས་སུ་ཕེབས་ཏེ། བསྟན་འབར་མ་དང་། མངོན་རྟོགས་རྒྱན། སྤྱོད་འཇུག་བཅས་ཆོས་ཚན་བསུམ་གྱི་དབུ་ནས་བཤད་པ་རྨད་དུ་བྱུང་བ་བསྩལ་ཏེ་སེར་སྐྱ་སྟོང་ཕྲག་མང་བོ་དད་པའི་ས་ལ་བཀོད།  ཆོ་འཕྲུལ་སྨོན་ལམ་གྲོལ་རྗེས་སྒར་གྲོང་གཉིས་ཀྱིས་ཞུས་ངོར་ཚོགས་པ་སྟོང་ཕྲག་དུ་མར་ཚེ་དབང་བསྩལ།  དེའི་ཕྱི་ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་དགུའི་ཉིན་སྒོ་མང་དགོན་དུ་ཕྱག་ཕེབས་ཏེ་ཟླ་བ་བཞིའི་རིང་ལ་ལྷོད་བཞུགས་གནང་།  དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་ལམ་གྱི་དཀའ་གནད་གསལ་བར་བྱེད་པའི་རིམ་ལྔ་གསལ་སྒྲོན་དང་། རྨད་བྱུང་ཐོས་བསམ་གླིང་ལ་ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་མི་ཕམ་ཞལ་ལུང་གི་དབུ་ནས་རྩི་བཞག་གནང་། 5X5རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༡༩༣༠ལོའི་ཧོར་ཟླ་དྲུག་པའི་ནང་ཆིབས་བསུ་ཇ་ཐབ་དང་བསུ་བ་སེར་སྦྲེང་རྒྱ་ཆེན་པོས་དགོན་འདིར་སྤྱན་དྲངས། རྨད་བྱུང་ཐོས་བསམ་གླིང་ལ་རིགས་ལུང་གི་རྒྱུགས་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་བསྐང་བའི་དབྱངས་རྒྱུགས་བླངས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕར་ཕྱིན་བཅའ་ཡིག་དང་མཐུན་པར་ཆོས་སྡེ་འདིར་ཕར་ཕྱིན་ཇ་ཡིག་གསུངས། སྒར་གྲོང་ཐུན་མོང་ནས་ཞུས་ངོར། དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་བསྐུར་ཟབ་མོ་བསྩལ།5X5རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༡༩༤༣ལོའི་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་རྔ་སྟོད་དགོན་སྡེ་མང་བོ་དང་ཚོ་བ་དྲུག་སོགས་ཀྱིས་སྒོ་མང་དགོན་གྱི་འདུ་ཁང་དུ་གདན་དྲངས། དབང་བཀའ་མང་བོ་གནང་། དགེ་འདུན་འདུས་པ་རྒྱ་མཚོར་མཇལ་ཁ་དང་ཕྱག་སྲུང་བསྩལ། ཞལ་ནས། གྲྭ་ཚང་འདི་སྔོན་ཆད་ཀུན་མཁྱེན་གོང་མ་རིམ་བྱོན་གྱི་ཐུགས་རྗེས་འཆད་ཉན་འགྲིག་ལམ་གང་ཅིར་རྐང་ཚུགས་པ་་མོད། ད་ཆ་དུས་ཀྱི་གེགས་ཆ་དང་། མེ་ཏོག་མདའ་ཅན་གྱི་བྱེད་པ་སྙིང་ལ་ཞུགས་པའི་མི་ངན་འགས་བྱེད་སྤྱོད་ཀྱིས་ཉམས་ཆག་རེ་བྱུང་ཡང་། ད་ཕན་དཔེ་ཁྲིད་སློབ་སྦྱོང་འཆད་ཉན་རྒྱུན་བརྩོན། དབྱངས་རྟ་ཕྱག་ལེན་སོགས་གང་ཅིར་ལས་སྣེ་རྣམས་ཀྱིས་ཁུར་ལེན་ཆེན་པོས་གསེང་ཤོར་ཟོམ་ལུས་མེད་པ་གནང་རྒྱུ་དང་། ཁྱེད་གྲྭ་ཚང་གིས་ཀྱང་བླ་མ་ལས་སྣེ་རྣམས་ལ་བརྩི་བཀུར་ཞེ་ས་གང་ཆེ་བྱེད་དགོས། ཞེས་སོགས་བསླབ་སྟོན་རྒྱས་པ་གནང་། དེའི་ཕྱིན་ཉིན་ནས་གཟིམ་ཁང་བཀྲ་ཤིས་ཐུབ་བསྟན་དུ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་གསང་བདེ་འཇིགས་གསུམ་གྱི་ཆོ་ག་དང་། གསང་འདུས་རྩ་རྒྱུད། རྨད་བྱུང་ཐོས་བསམ་གླིང་ལ་གཞུང་ཆེ་ཆུང་མང་བོའི་ཚིག་རྒྱུགས་བཞེས། སྒོ་མང་དགོན་གྱི་མདོ་སྔགས་ཟུང་གི་འཆད་ཉན་དང་ཚོ་བ་དྲུག་མཐུན་སྒྲིལ་སོགས་ཀྱི་ཆེད་ཡིན་གསུངས་ཏེ། ཉིན་དུ་མར་གྲྭ་ཚང་ལ་ལོ་གྱོན་མ་དང་སེང་གདོང་མའི་བསྙེན་པ་གསུང་དུ་བཅུག རྗེ་རང་ཉིད་དབུར་བཞུགས་ཏེ་མགོན་པོའི་གཏོར་ཆེན་ཁྲོ་བཅུ་དང་། སེང་གདོང་གཏོར་ཟློག་བཅས་རིམ་པར་བསྒྲུབས། དགུང་གྲངས་ཉེར་དགུ་བཞེས་པ་ཤིང་སྤྲེལ་ལོའི་གནམ་ལོ་གསར་བའི་དགའ་སྟོན་ཡང་དགོན་འདིར་གནང་། གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་ནས་བླ་སྤྱི་གཞུང་གསུམ་དང་། མངའ་རིས་སོ་སོའི་འགོ་འཛིན་ལས་དཔོན་མང་བོ་ལོ་སྟོན་འབུལ་དུ་ཡོང་བས་གླིང་འདིར་འདུ་ཚོགས་ཧ་ཅང་རྒྱས། ཚེས་བཅུ་དགུ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་ཆོ་ག་ཆོས་སྤྱོད་དང་རྨད་བྱུང་ཐོས་བསམ་གླིང་ལ་རིགས་ལུང་རྒྱུགས་བཞེས། མཚན་མོར་གཟིམ་ཁང་ར་སྐོར་དུ་གྲྭ་ཚང་ཡོངས་ལ་དབུ་མའི་ཐལ་ལྡོག་དང་། ཕར་ཕྱིན་ཡང་དག་མཐའ། གཅིག་དུ་བྲལ་སོགས་ཀྱི་དམ་བཅའ་ཚུགས་སུ་བཅུག་སྟེ་ཉིན་རེ་རེ་བཞིན་ཞིབ་གཟིགས་གནང་། ཟླ་གཉིས་པའི་ཚེས་གཉིས་ཉིན་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བར་ཚེ་དབང་བསྐུར་ཞིང་། འདུ་ཁང་དང་ལྷ་ཁང་རྣམས་སུ་ཕེབས་ཏེ་མཆོད་འབུལ་སྙན་དར་དང་ཐུགས་སྨོན་རྒྱས་པ་གནང་། སྒོ་མང་ཚོགས་འདུ་ལྷན་རྒྱས་སྐུ་མདུན་དུ་བཅར་སྟེ། དགོན་འདིའི་ཆོས་སྲིད་ལུགས་གཉིས་ལ་བསླབ་སྟོན་དང་ཐུགས་རྗེས་འདོར་མེད་གནང་རྒྱུའི་སྐྱབས་འཇུག་ཞུས་པར། ཞལ་ནས་ཐེངས་འདིར་རྒྱུན་རིང་འདུག་ཁོམ་མ་བྱུང་ཡང་། དགོན་གྲོང་གཉིས་ལ་གནོད་པའི་བགེགས་ཚོགས་བཟློག་ཆེད་རིམ་གྲོ་གང་ལེགས་བསྒྲུབས་ཡོད། རྗེས་སོར་ཁོམ་ལོང་ཡོད་པ་བྱས་ཏེ་དགོན་འདིའི་ཆོས་སྲིད་ལུགས་གཉིས་སྐྱོང་ཁུར་བྱེད་དུ་ཡོང་ངེས། ཞེས་སོགས་བསླུ་མེད་བདེན་པའི་གསུང་གིས་དེར་འཁོད་ཐམས་ཅད་དགའ་དད་འགྱུར་མེད་ཀྱི་དཔལ་ལ་བཀོད་དོ།།  5X5རྗེ་ཙོང་ཁ་པའི་དྲ་བ།

1502160170183315.jpg5X5རྗེ་ཙོང་ཁ་པའི་དྲ་བ།

             ཀུན་མཁྱེན་བཞད་པའི་རྡོ་རྗེ་དེ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་སླར་ཡང་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་སྤྲུལ་བའི་རོལ་གར་བསྒྱུར་བ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོས་ནམ་རྒྱུན་ཆོས་སྡེ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བཞག་གང་ལའང་གཟིགས་སྐྱོང་བླ་ན་མ་མཆིས་པ་གནང་སྟེ། མ་ཧཱ་པཎྜི་ཏ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་བཟང་རྒྱ་མཚོ་གཉིས་སྔ་ཕྱིར་དབང་བསྐུར་གྱི་བླ་མ་དང་དགེ་རྒན་དུ་བཀས་གནང་བར་མ་ཟད། རྟག་པར་དགོན་གྲོང་སྤྱི་རིམ་སོགས་ལ་བརྟགས་ལུང་། འགྲིག་ལམ་ཀུན་སྤྱོད་དང་། མདོ་སྔགས་བཤད་སྒྲུབ་ཀྱི་དཔལ་ཡོན་གོང་དུ་སྤེལ་བར་ཐུགས་རྗེ་དུས་ལས་ཡོལ་བ་མེད་པ་མཛད།  དགོན་གྲོང་ཀུན་གྱིས་ཡང་ཡང་གསོལ་བ་བཏབ་པ་བཞིན་སྤྱི་ལོ་༡༩༩༢་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཅུའི་ཉིན་ཞབས་ཟུང་གསེར་གྱི་འཁོར་ལོ་གླིང་འདིར་བསྒྱུར་བས་དགོན་གྲོང་ཀུན་གྱིས་དཔག་ཚད་དུ་མའི་ལམ་ནས་ཆིབས་བསུ་དང་ཐབ་བསུ་རྒྱ་ཆེན་པོ་ཞུས། ཚེས་བཅུ་གཅིག་ཉིན་དད་ལྡན་སེར་སྐྱ་ཁྲི་ཕྲག་གཉིས་ལ་ཉེ་བར་བདེ་སྨོན་གྱི་ལུང་དང་། བཅུ་གཉིས་ཉིན་པཎ་ཆེན་རིན་པོ་ཆེས་ཡང་སྤྲུལ་མྱུར་བྱོན། ཤམ་བྷ་ལའི་སྨོན་ལམ། དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ། བསྟན་འབར་མ་བཅས་ཀྱི་ལུང་གནང་། དགོང་མོར་དགེ་འདུན་འདུས་པའི་ཚོགས་དབུར་ཕེབས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་བསླབ་སྟོན་ཆེན་པོ་མཛད། དགོན་གྲོང་གཉིས་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབས་པས། ད་ལྟ་ཆོས་སྡེ་ཆེན་པོའི་མདོ་སྔགས་བཤད་སྒྲུབ་ཀྱི་བྱ་བ་ཆུ་གཏེར་བཞིན་འཕེལ་ཞིང་། ལྷ་སྡེ་མི་སྡེ་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ལ་ལོངས་སྤྱོད་པའི་སྐལ་བཟང་ལྷུན་གྲུབ་ཏུ་བྱུང་བ་འདི་བཞིན་ལགས་སོ།། 5X5རྗེ་ཙོང་ཁ་པའི་དྲ་བ།

 དེ་ལྟར་ཆོས་སྡེ་ཆེན་པོ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ངམ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་ནི་སྤྱི་ལོ་༡༧༩༠ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་ཕྱག་འདེབས་གནང་ཞིང་། སྤྱི་ལོ་༡༩༠༧ལོར་སྐྱབས་མགོན་སྐུ་འཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོས་རྨད་བྱུང་ཐོས་བསམ་བཤད་སྒྲུབ་འདུས་སྡེ་གླིང་གསར་དུ་བཙུགས། སྤྱི་ལོ་༡༩༥༡ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྡོ་རམས་པ་དང་དུས་འཁོར་རྡོ་རྗེ་འཛིན་པ་ཟུར་བ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་གསར་དུ་བཙུགས། 5X5རྗེ་ཙོང་ཁ་པའི་དྲ་བ།

སྒོ་མང་དགོན་གྱི་ཁྲི་རབས་དང་བོ་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་དཔལ་བཟང་བོ་དང་།ཟམ་ཚ་གསེར་ཁྲི་འཇིགས་མེད་ནམ་མཁའ། ཁྱ་དགེ་སྤྲུལ་བའི་སྐུ་དཀོན་མཆོག་ཆོས་ལྡན་སོགས་ཁྲི་རབས་རིམ་བྱོན་དང་། གདན་ས་རང་ནས་བྱོན་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་བོས་ཐུགས་བརྩེ་ཆེན་པོས་ཉེ་བར་བསྐྱངས་པས། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དབྱར་གསུམ་ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་བཟོད་ཅིང་། བསླབ་ཁྲིམས་རྣམ་པར་དག་པའི་དགེ་འདུན་པའང་བརྒྱ་ཕྲག་ལྔ་ལ་ཉེ་བ་ཞིག་བཞུགས་མོད། སྤྱི་ལོ་༡༩༥༨ལོ་ནས་གངས་ཅན་ཁ་བའི་ལྗོངས་སུ་བཟློག་མེད་དུས་འགྱུར་གྱི་རླུང་འཚུབ་དྲག་ཏུ་ལྡང་བར་མ་ཟད་རིམ་གྱིས་ལོ་བཅུའི་གོད་ཆག་གམ་རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་ཞིག་སྨྱོས་པ་བཞིན་ཐོན་ཏེ། ཆོས་སྡེ་ཆེན་པོ་འདིའི་ལྷ་ཁང་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་ཕལ་ཆེར་ཐལ་བའི་རྡུལ་དུ་བརླགས། བླ་གྲྭ་མང་བོ་བཙོན་དུ་ཁྱེར་ཏེ་སྐུ་གཤེགས་པ། མུ་གེས་ཤི་བ། གྲྭ་བཙུན་གཞོན་སྐྱེས་རྣམས་དམག་ལ་ཁྲིད་དེ་སྐྱ་སར་ཕབ་པ། ལྷག་ལུས་རྣམས་གྲོང་གསེབ་ཏུ་ཁྲིད་ནས་ངལ་རྩོལ་བྱེད་དུ་བཅུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་མནར་གཅོད་ཐེབས་ཤིང་། དགོན་ཤུལ་དུ་གྲོང་སྡེ་ཆགས་ཤིང་ལོ་ཏོག་བཏབ་ནས་དགོན་པ་ཞིག་གི་རྣམ་པ་ཙམ་ཡང་མེད་པར་བཟོས་ཏེ་སྡུག་བསྔལ་དང་མུན་ནག་གི་ཀློང་ནས་མི་ལོ་ཧྲིལ་བོ་ཉེར་གསུམ་ཙམ་བསྐྱལ་དགོས་བྱུང་།5X5རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ་༡༩༨༠ལོ་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས་དགོན་སྡེ་འདི་ལའང་སླར་འཚོག་བྱེད་པའི་གོ་སྐབས་ཐོབ། ལྷ་བབས་དུས་ཆེན་ཉིན་བཀྲ་ཤིས་གསོ་སྦྱོང་མཛད་ཅིང་ཕྱུག་རྡོ་རྗེ་འཆང་སྐལ་བཟང་ལྷག་བསམ་རྒྱ་མཚོས་ཆོས་སྒྲོག་པའི་མདོ་གསུངས། རིམ་བཞིན་དགའ་ལྡན་ལྔ་མཆོད་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ།  གྲྭ་ཚང་རང་རང་གི་ཆོས་ཐོག་སོགས་བསྐྱར་གསོ་བྱས། གྲུབ་པའི་དབང་ཕྲུག་འབྲས་སྤུངས་རབ་བརྟན་རྒྱ་མཚོ་དང་། ཟབ་མོ་གཅོད་ཀྱི་མངའ་བདག་ཕྱུག་འཆང་སྐལ་བཟང་ལྷག་བསམ་རྒྱ་མཚོ། མི་སར་སྤྲུལ་བའི་སྐུ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན། ཆོས་འཁོར་སྤྲུལ་བའི་སྐུ་བསྟན་པ་རྒྱ་མཚོ། ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་སོགས་བླ་སྤྲུལ་རྣམས་ཀྱིས་གཙོས། དགེ་བའི་བཤེས་གཉེན་དང་བླ་མ་ལས་སྣེ། གྲྭ་བ་རྒན་བགྲེས་རྣམས་ཀྱི་དཔག་པར་དཀའ་བའི་འབད་བརྩོན་དང་ཐུགས་སྟོབས་ལ་བརྟེན་ནས། འདོན་ཕྱག་ལེན་དང་མདོ་སྔགས་ཀྱི་འཆད་ཉན་སོགས་སྔོན་གྱི་ཕྱག་བཞེས་ཕལ་ཆེར་ཉམས་གསོ་ཡང་དག་པར་བྱས། ཁྱད་པར་དུ་དགོན་འདིའི་ཡང་དར་བསྟན་པའི་གསལ་བྱེད་དམ་པ་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་ཏེ། ཚོགས་ཆེན་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་བར་ཨ་རན་ཚོ་བ་དྲུག་དང་མཐའ་བ་ཧུ་ར་མ་སོགས་ལྷ་སྡེ་མི་སྡེ་རྣམས་ཀྱིས་རྒྱུ་འབྱོར་ལོངས་སྤྱོད་དང་ལས་ཀའི་ངལ་རྩོལ་སོགས་ཀྱིས་རམ་འདེགས་བླ་ན་མེད་པ་བྱས། 5X5རྗེ་ཙོང་ཁ་པའི་དྲ་བ།

ཀུན་གཟིགས་བཅུ་བ་ཆེན་མོ་དང་། ཀུན་མཁྱེན་སྐུ་འཕྲེང་དྲུག་པ། གུང་ཐང་བསྟན་པའི་དབང་ཕྱུག  རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བློ་བཟང་རྒྱ་མཚོ།  དགེ་བའི་བཤེས་གཉེན་ཆེན་མོ་རྗེ་གྲགས་པ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་བོ་སྔ་ཕྱིར་བྱོན་ཏེ་དབང་ལུང་མན་ངག་དང་མདོ་སྔགས་གཉིས་ཆ་ནས་དཔེ་ཁྲིད་གང་མང་གནང་སྟེ་བཤད་སྒྲུབ་གདུགས་དཀར་སྲིད་ན་མཐོ་བར་མཛད། 5X5རྗེ་ཙོང་ཁ་པའི་དྲ་བ།

             སྤྱི་ལོ་༡༩༩༥ལོར་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་བསྟན་སྤེལ་འགྲོ་ཕན་ཚོགས་པ་གསར་བཙུགས། དཔེ་རྒྱུན་དཀོན་པའི་གསུང་རབ་མང་བོ་དཔར་བསྐྲུན་གྱིས་མདོ་དབུས་ཁམས་ཁམས་གསུམ་གྱི་དགོན་སྡེ་དང་སློབ་གཉེར་བ་དག་ལ་རིན་མེད་དུ་ཕུལ་ཞིང་། ནད་པ་སེར་སྐྱ་སྟོང་ཕྲག་མང་བོར་སྨན་སྦྱིན། དབུལ་བོའི་འཚོ་བའི་ཁ་སྣོན་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བསྒྲུབས། 5X5རྗེ་ཙོང་ཁ་པའི་དྲ་བ།

          སྤྱི་ལོ་༡༩༩༩ལོར་རྗེ་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་གསར་བཞེངས་མཛད་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་རྟེན་དང་བརྟེན་པ་བཅས་སྲིད་ན་དཀོན་པ་དེ་ཉིད་ལེགས་གྲུབ་ཀྱི་དགའ་སྟོན་བསྟར། སྤྱི་ལོ་༢༠༠༢ལོར་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་སྡེ་འདིར་མདོ་སྔགས་བཤད་སྒྲུབ་གླིང་གསར་འཛུགས་མཛད་དེ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ལམ་རིམ་བཤད་ལུང་བསྩལ། རིམ་གྱིས་གྲྭ་ས་རང་དང་ཕྱོགས་སོ་སོའི་གྲྭ་བཙུན་སློབ་གཉེར་བ་མང་བོ་སློབ་མར་བསྡུས་ཏེ། གཙོ་བོ་གྲྭ་ས་རང་གི་དགེ་བཤེས་རྣམས་ཀྱིས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་རྒྱུན་པར་གནང་བས་དགོན་སྡེ་འདིའི་འཆད་ཉན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཚོད་དུ་འཕེལ་རྒྱས་བླ་མེད་བྱུང་།  སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་འདུན་པའི་ཞལ་གྲངས་ཀྱང་ཆིག་སྟོང་སུམ་བརྒྱ་ཡས་མས་སུ་འཕེལ་བར་མ་ཟད། ཆོས་འདུལ་བའི་བཅས་ཁྲིམས་ངོས་གཙང་བ། ཐུགས་མཐུན་པ། འདོན་རྟ་དབྱངས། རྡུང་ཕྱག་ལེན། གཞུང་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞིའི་འཆད་ཉན་དར་བ། ཐ་སྙད་རིག་གནས་པ་མང་བ། དུས་དང་བསྟུན་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཁས་པ་སོགས་འཇམ་མགོན་རྒྱལ་བའི་རིང་ལུགས་ཕྱོགས་མཐར་སྤེལ་བའི་ཆོས་ཀྱི་རྫོང་ཆེན་མོའི་ངོ་བོར་མི་འགྱུར་རྟག་བརྟན་རྡོ་རྗེའི་གཤིས་སུ་གྲུབ་པ་འདི་བཞིན་ལགས་སོ།།5X5རྗེ་ཙོང་ཁ་པའི་དྲ་བ།

1502160170113328.jpg5X5རྗེ་ཙོང་ཁ་པའི་དྲ་བ།

       སྤྱི་ལོ་༢༠༡༢་ལོར་སྐྱབས་རྗེ་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་ཐུགས་བསྐྱེད་ཉག་གཅིག་ལ་བརྟེན་ནས། ས་གསུམ་ན་མཐོང་བར་དཀོན་པའི་གཙུག་ལག་ཁང་ཆེན་མོ་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞུགས་གནས་ཕོ་བྲང་ཡིད་དགའ་ཆོས་འཛིན་གསར་བཞེངས་ཀྱི་དབུ་བརྩམས་ཏེ། ཨ་ཁུ་ལྷག་བསམ་ཅན་རྒན་འཇིགས་པོ་ལགས་ཀྱིས་སྣེ་ཁྲིད་ནས་ལས་བཟོ་བ་བརྒྱ་ཕྲག་དུ་མས་ལོ་འཁོར་ལྔ་ལྷག་ལ་བརྩོན་པ་བསྐྱེད་མཐར།  བྱམས་ཆེན་ལྷ་ཁང་མཐོང་བ་ཀུན་གྲོལ་དང་། ཨེ་ཝཾ་ཆོས་འཁོར་གླིང་། ཕོ་བྲང་བཀྲ་ཤིས་གཡས་འཁྱིལ། གཟིམ་ཁང་ཉི་འོད་རང་འཁྱིལ། བདེ་ཡངས་དེ་ཉིད་རབ་གསལ། གཟིམ་ཆུང་བཀྲ་ཤིས་འོད་འབར། བཀའ་གདམས་ལྷ་ཁང་བྱམས་བརྩེ་རང་འཁྲུངས། སྤྱི་དོན་ལས་སྒྲུབ་ཁང་། བཅུད་ལྡན་གསོལ་ཚིགས་ཁང་། རྟེན་མཛོད་ནོར་འཛིན་ཀུན་ཕན་གླིང་། མཆོད་ཁང་རྩེ་རྒྱལ་མཚན་ཏོག་དཀར། བཀྲ་ཤིས་ལྷུན་གྲུབ་ཁང་། ལེགས་བཤད་དགའ་ཚལ། ཕོ་བྲང་ཕུན་ཚོགས་འོད་འབར། གཟིམ་ཁང་བདེ་ཆེན་ཀུན་བཟང་། བདེ་ཡངས་ཏིང་འཛིན་རང་འཁྲུངས། གཟིམ་ཆུང་ཞི་བསིལ་ཟླ་སྣང་། དགེ་ལྡན་ལྷ་ཁང་སྲིད་གསུམ་མཛེས་རྒྱན། བློ་གསལ་རིག་གཞུང་སློབ་ཁང་། མགྲོན་བསུ་ལྷན་འཛོམས་ཁང་ཆེན། གསང་སྔགས་བདེ་ཆེན་གླིང་།འདུ་ཁང་ཆེན་མོ་དགེ་ལེགས་པད་མོའི་སྐྱེད་ཚལ་གླིང་། ཚོགས་ཁང་བཞེད་དོན་ལྷུན་འགྲུབ་དང་བཅས་པའི་རྟེན་དང་བརྟེན་པ་མ་ཚང་བ་མེད་པ་ལྷའི་བཟོ་བོ་བི་ཤྭ་ཀརྨའི་པུར་རྩེ་ལས་འཁྲུངས་པ་དང་གཉིས་སུ་མེད་པ། དགའ་ལྡན་དག་པའི་ཞིང་ཁམས་དངོས་སུ་མི་ཡུལ་དུ་བབས་འདྲ། མཐོང་ཐོས་དྲན་རེག་གང་གིས་ཀྱང་བསོད་ནམས་ཆུ་གཏེར་གྱི་འཕེལ་ཁ་རྒྱས་ཤིང་མངོན་མཐོ་ངེས་ཀྱི་དཔལ་ལ་འགོད་པ། སྙིགས་མའི་རྒུད་པ་རྨང་ནས་སེལ་ཞིང་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་པའི་ངོ་མཚར་སྤྲུལ་བའི་གཙུག་ལག་ཁང་ཆེན་མོ་འདི་ཉིད་ལེགས་པར་གྲུབ་སྟེ། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་སུ་མཆིས་པའི་དགོན་སྡེ་བརྒྱ་ཕྲག་དུ་མའི་བླ་སྤྲུལ་དགེ་བའི་དགེ་བའི་བཤེས་གཉེན་དང་། བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་འདུན་པ་ཆིག་ཁྲི་ཡས་མས་དང་། མཐོ་བ་དབང་གིས་བརྗིད་པའི་དཔོན་པོ། རྒྱུ་འབྱོར་ལོངས་སྤྱོད་ཀྱིས་ཕྱུག་པའི་དོན་མཐུན་པ། དད་པའི་རི་མོ་བཀྲ་བའི་མཇལ་བ། ངོ་མཚར་འཕྲུལ་གྱིས་བཀུག་པའི་ཡུལ་སྐོར་བ། ཆོས་སྡེ་རང་གི་བསྟན་པའི་སྦྱིན་བདག་ཨ་རན་ཚོ་བ་དྲུག་དང་།མཐའ་བ་ཧུ་ར་མ།དམེ་སྐོར་རི་གྲོང་། ཨ་འདུས་ཚོ་བཞི། ཁང་སར་ཁང་རྒན་སོགས་མི་སྣ་ཁྲི་ཕྲག་མང་བོ་གདན་འཛོམས་ཏེ། གཟབ་རྒྱས་ཆེ་བའི་བཀྲ་ཤིས་སྒོ་འབྱེད་ཀྱི་ཚོགས་འདུ། དགེ་འདུན་པ་རྣམས་ཀྱིས་གཙུག་ལག་ཁང་ཆེན་མོར་རབ་གནས་ཁྲུས་གསོལ་དང་འབྲེལ་མདོ་སྔགས་དམ་བཅའ་ཆེན་མོ་དང་གཞུང་ཆེན་མང་བོའི་བློ་རྒྱུགས་སོགས་ཆོས་ཀྱི་དགའ་སྟོན། བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཉིན་་དུ་མའི་རིང་ལ་གླུ་ལེན་གར་རྩེད་སོགས་སྒོ་གསུམ་གྱི་མཆོད་པ་གཙང་མའི་ལས་ལ་བྲེལ་བའི་བཀྲ་ཤིས་རྫོགས་ལྡན་གྱི་དུས་སྟོན་ཆེན་མོར་རོལ་བའི་རྫོགས་ལྡན་གསར་བའི་སྤྲོ་དགའ་མངོན་དུ་གྱུར་ཏོ།།5X5རྗེ་ཙོང་ཁ་པའི་དྲ་བ།

ཞེས་རྗེ་ཙོང་ཁ་པའི་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་ལྡོང་ཡོན་ཏན་རྒྱ་མཚོ་ནས།  ༢༠༡༧/༨/༦/ཉིན་མཚམས་སྦྱར་བའོ།།5X5རྗེ་ཙོང་ཁ་པའི་དྲ་བ།

ས་གནས།四川省阿坝藏族羌族州阿坝县各莫寺院成都到各莫寺院有500公里。阿坝藏族羌族自治州到各莫寺院有250左右公里。阿坝县到各莫寺院有14公里5X5རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K