མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྫ་གླིང་རུ་ཉ་མགོ་དགོན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-02-22 11:26:07     རྩོམ་པ་པོ།   གླིང་རུ་རྭ་ཉག་སྤྲུལ་སྐུ་བསྟན་འཛིན་མཁས་བཙན།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

༄༅། །རྫ་གླིང་རུ་དགའ་ལྡན་བཀྲ་ཤིས་ལྷ་རྩེ་ཉ་མགོ་དགོན་པའི་ལོ་རྒྱུས་སྙིང་བསྡུས།     mQaརྗེ་ཙོང་ཁ་པའི་དྲ་བ།

1.jpg          mQaརྗེ་ཙོང་ཁ་པའི་དྲ་བ།

དེ་ཡང་རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་ས་ལ་དགེ་བ་བཅུའི་ལོ་འདབ་མངོན་པར་བཀྲ་བའི། བོད་གངས་ཅན་གྱི་ལྗོངས་འདི་ལ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ། མདོ་སྟོད་མགོ་ནག་མིའི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། མདོ་སྟོད་ཆུ་བཞི་དང་སྒང་དྲུག་ཏུ་དབྱེར་ཡོད་པའི་འབྲི་རྫ་ཟལ་མོ་སྒང་རྫ་གླིང་ཚང་སྡེ་བས་ཆར་རུ་གཏོགས་ཤིང་། དུས་འགྱུར་དབང་ལས་ད་ལྟར་སྡེ་དགེ་རྫོང་གི་ཁོངས་སུ་གཏོགས། རྫོང་དེ་ནས་ལེ་དབར་༢༠༠ཙམ་དང་དཀར་མཛེས་ནས་བརྩིས་ན་ལེ་དབར་༩༠ཙམ་རྒྱ་མཚོ་ནས་མཐོ་ཚད་སྨི་༣༧༨༦ཙམ་གྱི་གནས། ཆུ་བོ་ཆེན་པོ་རྫ་ཆུའི་ཉེ་འགྲམ། ས་ཁྱད་པར་ཅན་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་དབྱིབས་དང་འདྲ་བའི་དབེན་པའི་རི་མགོ་ཞིག་ན་གླིང་རུ་དགའ་ལྡན་བཀྲ་ཤིས་ལྷ་རྩེ་ཉ་མགོ་དགོན་འདི་ཆགས་ཡོད། mQaརྗེ་ཙོང་ཁ་པའི་དྲ་བ།

2.jpgmQaརྗེ་ཙོང་ཁ་པའི་དྲ་བ།

དགོན་འདིའི་མིང་བྱུང་ཚུལ་ནི། གླིང་སྟག་རོང་གི་རུ་ཁག་དཔོན་ཉ་ཚ་འཁྲུངས་པའི་ཡུལ་ཡིན་པས་ན་གླིང་རུ་ཟེར། གཞན་ཡང་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡང་རྩེའི་དགོན་འདི་ཉིད་ཕྱག་བཏབ་པའི་ཚེ། དགའ་བ་དང་ལྡན་པའི་ལྟས་ཁྱད་པར་ཅན་སྣ་ཚོགས་བྱུང་བས་ན་དགའ་ལྡན་བཀྲ་ཤིས་རྩེ་དགོན་ཟེར་ལ། ཉ་མགོ་ཞེས་པ་ནི་གསེར་ཉ་འདྲ་བའི་དབྱིབས་ཀྱིས་མགོ་འཛོམས་པས་ན་ཉ་མགོ་ཞེས་འབོད། ཡོངས་གྲགས་སུ་ཉ་མགོ་དགོན་ཞེས་འབོད་སྲོལ་ཡོད། mQaརྗེ་ཙོང་ཁ་པའི་དྲ་བ།

3.jpgmQaརྗེ་ཙོང་ཁ་པའི་དྲ་བ།

འདི་ནི་དུས་རབས་བཅུ་དྲུག་པའི་ནང་དུ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡང་རྩེ་ཡིན་པར་གྲགས། དུས་རབས་བཅུ་བདུན་པའི་ནང་༧ ཀུན་གཟིགས་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གིས་མཁན་སྤྲུལ་ངག་དབང་བློ་བཟང་བྱམས་པ་བསྟན་འཕེལ་ཆེད་མངགས་མཛད། ཁོང་གིས་ཆོས་སྡེ་འདི་ཉིད་དུ་གཞི་གསུམ་གྱི་ཕྱག་སྲོལ་སོགས་དར་རྒྱས་ཕུན་སུམ་ཚོགས་པ་མཛད།  ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དགོན་འདིར་སྲུང་མ་ནེ་སེ་ཕྱིང་དཀར་དང་རྡོ་རྗེ་ཁྱུང་ལུང་མ་བཅས་བསྟན་སྲུང་དུ་མངགས་གནང་མཛད། བསྟན་སྲུང་དེ་གཉིས་ཀྱི་བྲིས་སྐུ་དང་རྒྱུ་ཙནྡན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་སོགས་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ནས་ཆེ་བའི་སྒྲུབ་རྟེན་རྩ་ཆེན་དུ་མ་གནང་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད།མ་ཚད་རྟེན་རྙིང་དང་མཆོད་རྫས་བསམ་གྱིས་མི་ཁྱབ་པ་རྩ་ཆེན་མི་ཉུང་བ་ཞིག་ད་ལྟར་ལྷག་ཡོད།
དགོན་འདིའི་བསྟན་སྲུང་གཙོ་བོ་ནི་ཀྵེ་ཏྲ་པ་ཡིན། སྔོན་དུས་སུ་སྲུང་མ་དེ་འཕྲིན་ལས་ཧ་ཅང་མྱུར་བས། དགོན་གསེབ་ནས་རྟ་ཞོན་པ་བྱུང་ནའང་དེ་མ་ཐག་རྟགས་མཚན་སྣ་ཚོགས་ཡོང་གིན་ཡོད། ཕྱིས་སུ་༧དགོན་རྟག་རིན་པོ་ཆེ་དགོན་ཐོག་ཏུ་ཕེབས་སྐབས་སུ་ཁོང་གིས་ཆིབས་རྟ་ཞོན་ནས་དགོན་གསེབ་ཏུ་ཕེབས་དུས་ཆིབས་རྟ་ཁུག་འདྲོག་བྱས། དེ་ནས་ཁོང་གིས་འཕྲིན་ལས་ཧ་ཅང་ཆེས་མྱུར་དྲག་པར་དགོངས་ནས་སྲུང་མར་བཀའ་བསྒོས་དམ་བཞག་མཛད་དེ། ཕྱིས་སུ་དེ་ཙམ་མྱུར་བོར་མེད་པར་གྱུར་སོང་།mQaརྗེ་ཙོང་ཁ་པའི་དྲ་བ།

4.jpgmQaརྗེ་ཙོང་ཁ་པའི་དྲ་བ།

དགོན་སྡེ་འདིའི་བླ་བརྒྱུད་ནི། ༧ མང་དགེ་དགོན་པ་ནས་གདན་དྲངས་པའི་མང་དགེ་མཆོག་སྤྲུལ་རིན་པོ་ཆེ་དང་།  ༧རྭ་ཉག་དགོན་ནས་གདན་དྲངས་པའི་རྭ་ཉག་མཆོག་སྤྲུལ་རིན་པོ་རྣམ་པ་གཉིས་ཏེ། ཁོང་རྣམ་གཉིས་དགོན་འདིར་ཕེབས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་།  ། ཁོང་རྣམ་པ་གཉིས་དགོན་སྡེ་འདིར་ཕེབས་ནས་སྐུ་འཕྲེང་ལྔ་རེ་ཙམ་གྱི་ལོ་རྒྱུས་ཡོད། རྣམ་པ་གཉིས་དགོན་སྡེ་འདིར་གདན་འདྲེན་མ་བྱས་ཡར་སྔོན་སྐུ་འཕྲེང་རིམ་བྱོན་གྱི་ལོ་རྒྱུས་མང་དུ་མཆིས་མོད། འོན་ཀྱང་ཡིག་ཚོགས་མང་དུ་འཇིགས་ནས་མ་སྤྲོས། གཞན ཡང་། ༧གླང་ནག་བླ་མ་རིན་པོ་ཆེའི་གཙོས་བླ་རབས་བཅུ་གསུམ་ཙམ་དང་། མདོར་ན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་བྱུང་། དེ་ནས་རིག་གསར་གྱིས་བསྟན་པ་ཆགས་འཇིག་གི་གནས་སུ་བྱུང་། ཕྱིས་སུ་ཆོས་སྒོ་ཕྱེས་དུས ༧སྔགས་རམས་པ་རྒན་ཐུབ་བསྟན་མགོན་པོའམ་རྒན་རྟེན་བཟང་མཆོག་ནས་ཐུགས་འགན་བཞེས་ཏེ་ཉམས་པ་སླར་གསོ་མཛད།དགོན་འདིའི་བླ་མ་རྒན་གྲས་རྣམས་ཀྱིས་མ་བགྲོས་རང་མཐུན་གྱིས་སྔ་རྒྱུན་བཞིན། དགོན་འདིའི་ཆོ་ག་ཕྱག་ལེན་སོགས་ཀྱི་ཕྱག་སྲོལ་བཟང་བོ་རྣམས་ཏེ། འདོན་རྟ་དབྱངས་གསུམ་དང་། འབུད་རྡུང་དཀྲོལ་གསུམ་སོགས་ཉམས་པ་སླར་གསོ་མཛད། དེ་ནས་བཟུང་ད་ལྟའི་བར་༧མཁན་རིན་པོ་ཆེ་སྐལ་བཟང་འཇམ་དབྱངས་བར་མཁན་རབས་བདུན་ཙམ་བྱུང་།  ད་ལྟའི་ཆར་དགོན་འདིར་སྤྲུལ་སྐུ་རྣམ་གཉིས་དང་མཁན་ལས་ཟུར་དགེ་བའི་བཤེས་གཉེན་བཅས་གཞི་བྱེས་གཉིས་སུ་དགེ་འདུན་པའི་ཞལ་གྲངས་ཉིས་བརྒྱར་ཉེ་བ་ཙམ་ཡོད།  mQaརྗེ་ཙོང་ཁ་པའི་དྲ་བ།

5.jpgmQaརྗེ་ཙོང་ཁ་པའི་དྲ་བ།

དེ་དག་ལས་གདན་ས་ཆེན་པོ་འཕགས་ཡུལ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བཞུགས་པའི་བླ་གྲྭ་ཞལ་གྲངས་བཞི་བཅུ་ཙམ་ཡོད། དེ་ལས་༧མང་དགེ་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་འཇིགས་མེད་དབང་ཕྱུག་ནི། གཞུང་ལུགས་ལ་སྦྱོང་བ་མཐར་ཕྱིན་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་ལ་ཉེ། ད་དུང་གདན་ས་གསུམ་ནས་ལྷ་རམས་ཨང་དང་བོའི་དང་བོར་མཚན་རྟགས་བཞེས་མཁན་དང་། གཞན་ལ་སློབ་ཁྲིད་གནང་སྟེ་བསྟན་པའི་མཛེས་རྒྱན་དུ་གྱུར་པའི་ལྷ་རམས་དགེ་བཤེས་རྣམ་པའི་གཙོས་དགེ་བཤེས་གྲངས་བཅུ་ལྷག་དང་སློབ་གཉེར་བ་བཞི་བཅུ་ཙམ་ཅིག་བཞུགས། གཞིས་སུ་ ༧གླིང་རུ་རྭ་ཉག་མཆོག་སྤྲུལ་བསྟན་འཛིན་མཁས་བཙུན་ཡང་། གདན་ས་ཆེན་མོ་དགའ་ལྡན་བྱང་རྩེར་ལོ་ཉི་ཤུ་ཙམ་ལ་སློབ་སྦྱོང་བྱས་འབྲས། དགེ་བཤེས་ཀྱི་མཚན་རྟགས་ཐོབ། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱས། ༢༠༠༩ལོར་རང་ཡུལ་དུ་ཕེབས་ཏེ་མཚན་ཉིད་སོགས་བཙུགས་ཤིང་། ལས་ཀྱི་སྣེ་མོ་བ་དང་དགེ་རྒན་རྣམ་པས་མ་བགྲོས་སེམས་པ་གཅིག་མཐུན་གྱིས་རྒྱུན་བསྐྱངས་གནང་། ད་ལྟ་ཕྱོགས་གཞན་ནས་ཕེབས་པའི་སློབ་གཉེར་བ་དང་བཅས་སློབ་གཉེར་བ་བརྒྱ་ཙམ་དང་། བླ་སྤྲུལ་མཁན་ལས་ཟུར་དགེ་བའི་བཤེས་གཉེན་རྒན་གྲལ་རྣམ་པའི་གཙོས་དགེ་འདུན་ཞལ་གྲངས་༡༥༠༽ཙམ་བཞུགས། དགའ་འོས་པ་ཞིག་ལ་ད་ལྟར་གཞིས་སུ་གནས་པའི་སློབ་གཉེར་བ་ཡོངས་ནི་མདོ་སྔགས་རིག་གནས་དང་བཅས་པ་ལ་ཤེས་ཚད་མི་དམན་པ་ཆགས་ཡོད།  དགོན་སྡེ་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེན་མོ་ནི། ༼  དགུ་གཏོར་གར་འཆམ་ཆེན་མོ།  ༽   ༼   ལྷ་ལྡན་སྨོན་ལམ་ཆེན་མོ།  ༽   ༼  དབྱར་གནས་འཇིགས་བྱེད་སྒྲུབ་མཆོད་ཆེན་མོ།    ༽    ༼  མ་ཎི་བུམ་སྒྲུབ་ཆེན་མོ།  ༽   ༼     དགའ་ལྡན་ལྔ་མཆོད་ཆེན་མོ།   ༽  སོགས་མང་དག་ཅིག་མཆིས། mQaརྗེ་ཙོང་ཁ་པའི་དྲ་བ།

6.jpgmQaརྗེ་ཙོང་ཁ་པའི་དྲ་བ།

གཞན་ཡང་གཟའ་ལྷག་པ་ཉིན་བསྟན་པའི་སྦྱིན་བདག་རྒྱ་བོད་དབྱེར་མེད་ཀྱི་འདི་ཕྱིའི་ལེགས་ཚོགས་བཅས། མདོར་ན་ཆོས་དང་མཐུན་པའི་བྱ་བ་ཐམས་ཅད་མི་མཐུན་པའི་རྐྱེན་ངན་ལས་བཟློག་ཆེད་རིམ་གྲོལ་བྱེད་ཀྱིན་ཡོད། སྨོན་ལམ་ཆེན་མོ་དང་མ་ཎི་བུམ་སྒྲུབ་གཉིས་ཀྱི་སྐབས་སྐྱ་སེར་དབྱེར་མེད་ཚོགས་ནས་དམངས་ཚོགས་ལ་སྤྲུལ་སྐུ་མཁན་པོ་དགེ་བཤེས་རྣམས་དབུ་གཞུགས་ཐོག  སློབ་གསོའི་ལམ་ནས་ཆོས་ཁྲིད་སོགས་མདོར་ན་ཆོས་ཀྱི་སློབ་སྦྱོང་བྱེད་པའི་གོ་སྐབས་གཉེར་གཞིན་ཡོད། དེས་ན་དགོན་འདིའི་ཁོངས་གཏོགས་ཀྱི་ཆོས་དད་མང་ཚོགས་རྣམས་ལ། དེ་སྔར་ལོ་བདུན་ཡར་སྔོན་ནས་བཟུང་དགོན་པས་དགེ་བཅུའི་ཆོས་ཁྲིམས་ནན་པོ་ཇི་ལྟར་གནང་བ་བཞིན། རྒྱུ་མཚན་དད་པའི་ཡིད་ཀྱིས་སྤྱི་བོར་བླངས་ཏེ་ཡ་རབས་ཀྱི་བྱ་བར་འཇུག་པ་དང་། མ་ཟད་དགུན་རིང་དགོན་པའི་བླ་སྤྲུལ་མཁན་པོ་འམ་དགེ་བཤེས་སོགས་རེས་མོས་ཀྱིས་བདུན་ཕྲག་རེར་གཟའ་ལྷག་པའི་ཉིན་ལྟར། དད་ལྡན་དམངས་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་ཡིག་རྨོངས་སེལ་བ་སོགས་ཆོས་ལ་སྐུལ་བཞིན་ཡོད།  དེ་ལྟར་དགོན་པ་འདིས་སྣེ་ཁྲིད་འོག་ཆོས་དད་དམངས་ཚོགས་ལ་ཞབས་ཞུའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དགོན་སྡེ་འདིའི་གྲྭ་རྒྱུན་འོང་ཁུངས་ནི། ཉ་འགུག།  ཕྱུག་གྲོང་། ཐང་མགོ   ཉ་མགོ  དགའ་ལྡན།  རྫོང་མདའ། སྡེའུ། བཅས་སྡེ་བ་བདུན་ཙམ་གྱིས་ཡོད། མདོར་ན་ལུང་རྟོགས་ཀྱི་དགོན་སྡེ་འདིའི་བླ་སྤྲུལ་བཤེས་གཉེན་དང་། འདུས་མང་ཡོངས་ཀྱིས་དཔལ་ལྡན་བླ་མ་དམ་པའི་དགོངས་པ་བླ་ན་མེད་པའི་འོད་ཟེར་གྱི་ཆ་ཙམ་བྱུང་ན་ཡང་རྨད་བྱུང་སྐལ་བར་བསམས་ཏེ་བསྟན་འགྲོ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པ་མི་ཉམས་རྒྱུན་འཛིན་འོག་ཆོས་ལུགས་སམ་མི་རིགས་གང་གིས་མ་དབྱེ་བར་དད་ལྡན་སུ་ཡིན་རུང་གུས་བཀུར་དང་དེ་དག་ཐམས་ཅད་ཆོས་དང་མཐུན་པའི་ཞབས་འདེབས་རེ་སྒྲུབ་དང་བསྒྲུབ་མོས་ལགས་སོ། ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འོད། །ཟེར་མའི་ཆ་ཤས་སྡེ་དགོན་འདིར་ཕོག་པས།།རྨོངས་པའི་ཆོས་ཚུལ་དྲུངས་ནས་རབ་གསལ་ཏེ།།རྟག་ཏུ་ཕྱག་ན་པདྨོས་རྗེས་འཛིན་ཤོག   ཙོང་ཁའི་དྲ་བའི་འགན་འཛིན་དགེ་བཤེས་བློ་བཟང་ཡར་རྒྱས་ནས་བསྐུར་དོན་བཞིན་གླིང་རུ་རྭ་ཉག་སྤྲུལ་སྐུ་བསྟན་འཛིན་མཁས་བཙན་ནས་༢༠༡༧-༦-༧-མཚམས་སྦྱར་བའོ།།mQaརྗེ་ཙོང་ཁ་པའི་དྲ་བ།

四川省甘孜洲德格县年格寺线路:成都双流机场-行驶320公里-到达康定(6小时)-行驶195公里-到达道孚(4小时30分)-行驶70公里-到达炉霍(1小时30分)-行驶96公里-到达甘孜县(2小时)-行驶93公里-到达马尔干戈(2小时)-行驶118公里-到达温拖乡(3小时)-行驶18公里-到达年古寺(30分钟)mQaརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K