མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / དུས་ཆེན། > ནང་དོན་དངོས།

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་རྫོགས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-01-10 22:32:21         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    0110_1.jpg USPརྗེ་ཙོང་ཁ་པའི་དྲ་བ།

        ༄༅༎སྐྱབས་མགོན་༧པཎ་སྐུ་ཕྲེང་བཅུ་པ་ཆེན་པོའི་མཛད་རྣམ་མདོར་བསྡུས།USPརྗེ་ཙོང་ཁ་པའི་དྲ་བ།
      ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྒྱལ་བསྟན་ཡང་དར་བྱེད་པོ་༧གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ་༼ ༡༩༣༨ ༽ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལྕགས་སྦྲུལ་སྤྱི་ལོ་༼༡༩༤༡༽ལོའི་ནང་པཎ་ཆེན་བཞུགས་སྒར་ནང་མ་སྒང་ནས་སྐུ་གོང་མའི་ཉེར་ཆས་ངོས་འཛིན་སོགས་ཀྱིས་༧པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། ས་གླང་སྤྱི་ལོ་༼ ༡༩༤༡ ༽ལོའི་ཟླ་དྲུག་པའི་ཚེས་གསུམ་ཉིན་སྐབས་མིང་གོ་སྲིད་གཞུང་ནས་མཆོག་མཆན་ཕུལ་བ་བཞིན་གསེར་བུམ་དཀྲུགས་འདོན་མི་དགོས་པར་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང་། པཎ་ཆེན་ནང་མ་སྒང་གིས་སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་སྐུ་འབུམ་དུ་གདན་དྲངས། རྗེ་དེ་ཉིད་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་སོགས་བཞེས། མཚན་ཡང་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། ལོ་དེའི་ཟླ་བ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཐོག་མར་གསེར་ཁྲིར་མངའ་གསོལ། སྐུ་ན་ཕྲ་བའི་དུས་ཀྱི་མཛད་པ་རྣམས་ཀྱང་རང་ཅག་རྣམས་ཀྱི་བསམ་དཀའ་བ་དཔེར་བརྗོད་ན། ཤིང་བྱ་༼ ༡༩༤༥ ༽ལོ་སྟེ་དགུང་གྲངས་བརྒྱད་པར་ཕེབས་པ་ན། ཀུན་ལ་སྙོམས་མཛད་མེད་པོ་རྣམ་དག་པ། །བཙན་པོ་ཕྱུག་པོ་མེད་པོ་སྡུག་མཐོང་བ། །སངས་རྒྱས་དཀོན་མཆོག་བཙན་པོ་གཉོམ་ཆུང་སྙོམས་འཇུག་པ། །སངས་རྒྱས་དཀོན་མཆོག་ཐུགས་དད་ཕྱག་འཚལ་ལོ། །ཞེས་པའི་ཤོ་ལོ་ཀ་འདི་ཐོལ་བྱུང་དུ་གསུངས་པ་དང་དེའི་དོན་གང་གི་ཡོངས་འཛིན་ཨ་ལགས་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མཛད་གནང་བའི་ལེགས་གསུངས་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་མཛད་གནང་བའི་འདོད་འཇོ་ནོར་བུའི་མེ་ལོང་ཞེས་པར་གཟིགས་པར་འཚལ། དེ་བཞིན་སྐུ་ན་ཕྲ་བའི་དུས་སུ་བླ་བྲང་བཀྲིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་ནང་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་གནང་བ་དང་། དགོན་པ་གཞན་ལ་ཡང་དབང་ལུང་སོགས་ཀྱི་ཆོས་ཀྱི་འཁོར་ལོ་མང་དུ་སྐོར་གནང་ཡོད། ཆུ་འབྲུག་༼༡༩༥༢༽ལོའི་ཟླ་བ་ལྔ་བའི་ཚེས་གཅིག་ཉིན་སེར་སྐྱ་མི་དམངས་འབུམ་ལ་ཉེ་བས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་སེར་སྦྲེང་དང་བཅས་མགོན་པོ་གང་ཉིད་ཀྱི་གདན་ས་བཀྲིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད་དེ་བླ་བྲང་རྒྱལ་མཚན་མཐོན་པོའི་གསེར་ཁྲིར་མངའ་གསོལ་མཛད། ཤིང་རྟ་༼ ༡༩༥༤ ༽ལོ་སྟེ་དགུང་གྲངས་བཅུ་བདུན་ལ་ཕེབས་པའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་དབུ་ཚུགས་སྟེ་སེར་སྐྱ་འབུམ་དུ་ཉེ་བར་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་གི་དགའ་སྟོན་རྒྱས་པར་མཛད། ལོ་དེའི་སྤྱི་ཟླ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་བཞུགས་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། མེ་སྤྲེལ་༼ ༡༩༥༦ ༽ལོ་སྟེ་དགུང་གྲངས་བཅུ་དགུའི་ཐོག་སེར་སྐྱ་སྟོང་ཕྲག་མང་པོར་བྱང་ཆུབ་ལམ་རིམ་ཆེན་མོའི་ཟབ་ཁྲིད་རྒྱས་པར་བསྩལ། ལོ་དེ་གའི་ཟླ་བ་བཅུ་གཅིག་པར་རྒྱ་གར་སྲིད་གཞུང་གིས་གདན་ཞུས་ལྟར། ༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཧྲག་བསྡུས་རྒྱ་གར་དུ་ཆིབས་བསྒྱུར་གནང་སྟེ་འོ་སྐོལ་གྱི་སྟོན་མཆོག་ཤཱཀྱ་སེང་གེ་དེ་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྟས་བཟང་པོ་སྣ་ཚོགས་ཀྱང་ཀུན་ཀྱི་མིག་ལམ་དུ་གྱུར་ཡོད།རྒྱ་གར་དུ་བཞུགས་རིང་གང་ཉིད་ལ་ཝཱ་རཱ་ཎ་སཱི་ནང་བསྟན་སློབ་གླིང་ནས་མཚན་འཛིན་ནང་བསྟན་པཎྚི་ཏའི་མཚན་གནས་ཀྱང་ཕུལ། ལོ་དེར་༧པཎ་ཆེན་ཐམས་ཅད་མཁྱེན་པ་གང་ཉིད་ཀྱི་གདན་ས་བཀྲིས་ལྷུན་པོར་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་དེང་གི་སྒྱུ་རྩལ་སོགས་ཀྱི་སློབ་གྲྭ་སྟེ་རྩེ་སློབ་གྲྭ་ཞེས་པ་ཆེད་འཛུགས་གནང་བ་དང་། ལོ་དེ་རང་ལ་རིན་པོ་ཆེ་མཆོག་ནས་རྒྱལ་དང་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་དུ་གནས་པའི་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་ཡོངས་སུ་སྒྲུབ་ཆེད་ཉི་འོད་སློབ་གྲྭ་ཞེས་པ་ཆེད་འཛུགས་གནང་། སློབ་གྲྭ་དེར་བཀྲ་ཤིས་ལྷུན་པོའི་གྲྭ་ཚང་གསུམ་གྱི་བླ་སྤྲུལ་ཁག་དང་དགེ་བཤེས་དཀའ་ཆེན་མོ་བ་དེ་བཞིན་གཞིས་དགོན་ལྷ་ངམ་ཕུན་གསུམ་སོགས་ནས་ཆེད་བསྡུ་གནང་བའི་དགེ་བཤེས་རྣམས་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཐོག་ནས་གཞུང་བཤད་གནང་རྒྱུ་དང་སྐབས་བསྟུན་གྱི་དྲི་ཚིག་གི་ལན་དང་རྩོམ་ཡིག་བཅས་ཡིག་ཐོག་ཏུ་ཕབས་ཏེ། ༧སྐྱབས་མགོན་ཆེན་པོར་གཟིགས་ཕུལ་ཀྱང་ཞུ་དགོས་ཀྱི་ཡོད། དེ་ནས་ལོ་ངོ་བཅུ་ལྷག་ཙམ་རིང་གཡོན་གྱི་ནོར་འཁྲུལ་ནང་ཁོང་ལ་ཡང་ནོར་འཁྲུལ་གྱི་ལྟ་བ་བཟུང་སྟེ་ཆོས་ལུགས་ཀྱི་མཛད་པ་སོགས་ཐུན་མོང་སྣང་ངོར་འཕྲོ་ཆད། སྤྱི་ལོ་༼ ༡༩༨༢ ༽ལོ་ནས་སླར་ཡང་རྒྱལ་བའི་བསྟན་པ་སྤྱི་དང་བོད་ཀྱི་རིག་གནས་ཁག་ལ་ཉི་མ་ཤར་བ་ལྟ་བུའི་མཛད་བཟང་རྣམས་ཀྱི་ནང་ནས་ཆུ་ཐིགས་ཙམ་ཞིག་བརྗོད་ན། ༼ ༡༩༨༥ ༽ལོར་མགོན་པོ་གང་ཉིད་ཀྱིས་ཞིང་ཁམས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་སེར་སྐྱ་ཁྲི་ཚོ་མང་པོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པའི་དབང་བཞི་སྟ་གོན་གྱི་རིམ་པ་རྣམས་རྫོགས་པར་བསྩལ། ༼ ༡༩༨༦ ༽ལོར་ཀྲུང་དབྱང་གི་ཐུགས་ཁུར་རྒྱབ་སྐྱོར་འོག་སླར་ཡང་གངས་ཅན་ནོར་འཛིན་ཡངས་པའི་ས་ཕྱོགས་སུ་ཞབས་ཟུང་གི་རེ་ཁཱ་མངོན་པར་འཁོད་དེ་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་དང་འབྲེལ་ཚེས་བཅོ་ལྔའི་ཉིན་གྱི་ཚོགས་དབུར་གཞུགས་ཏེ་གསུང་ཆོས་ར་བར་སེར་སྐྱ་མི་དམངས་བགྲངས་ཀྱི་མི་ལང་པའི་ཚོགས་ལ་སྔར་སྲོལ་ལྟར་སྟོན་པའི་སྐྱེས་རབས་སོ་བཞིའི་ལྗགས་བཤད་དང་འབྲེལ་འཕྲལ་དང་ཕུགས་སུ་ཕན་པའི་ཞལ་ཏ་རིན་ཐང་བྲལ་བའི་བཀའ་དྲིན་བསྩལ། ༼ ༡༩༨༧ ༽ལོར་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ཡོང་ཕྱིར་པེ་ཅིང་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་བཙུགས་གནང་བ་དང་འབྲེལ་དབུ་འཛིན་ཡང་གནང་ནས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་གདན་དྲངས་ནས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་ཆོས་ལུགས་ཐད་ནང་བསྟན་ཆོས་ལུགས་ཀྱི་སྐུ་ཡོན་ཆེ་ཙམ་ཡོད་མཁན་བོད་སོག་བླ་སྤྲུལ་མང་པོ་གསོ་སྐྱོང་མཛད་ཅིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོ་དང་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གཉིས་ཀྱི་གཙོས་བོད་ཀྱི་སློབ་གྲྭ་ཁག་འཛུགས་གཉེར་སྐྱོང་གསུམ་ཐད་ལ་རྒྱབ་སྐྱོར་དང་གང་ཅིའི་ཐད་ཀྱི་སློབ་སྟོན་གཟིགས་སྐྱོང་བླ་ན་མེད་པ་གནང་། དེ་བཞིན་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་སྤྱི་ཚོགས་ཀྱི་བདེ་ཐབས་ལ་རྒྱུ་དངོས་ཚད་མེད་གནང་ཡོད། ལོ་དེར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཡང་བཙུགས་གནང་མཛད།  ༼ ༡༩༨༩ ༽ལོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་ལྷན་བཞུགས་ཀྱི་གདུང་རྟེན་བསྐྱར་བཞེངས་གནང་བ་དང་མགོན་པོ་གང་ཉིད་ནས་གདུང་རྟེན་གྱི་མཚན་ཡང་མཆོད་ཁང་ཤར་༧པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་ཞེས་གསོལ་བ་དང་རབ་གནས་སོགས་ཆོས་ལུགས་ཀྱི་གནང་སྒོ་ཁག་ལེགས་པར་བསྐྱངས་གནང་མཛད་པ་དང་། གཞན་ཡང་རྗེ་དགེ་འདུན་གྲུབ་ཀྱི་སྐུ་གདུང་གསར་བཞེངས་དང་། མགོན་པོ་འོད་དཔག་གཙོ་བཞུགས་ཀྱི་གོས་སྐུ་རིན་པོ་ཆེ་དང་། གསེར་ཟངས་ཀྱི་ཚེ་ལྷ་རྣམ་གསུམ་གཙོ་བོར་བྱས་པའི་དངུལ་དང་ལུགས་མའི་སྒྲོལ་མ་སྟོང་ཕྲག་བརྒལ་བའི་རྟེན་བཞེངས་སོགས་མཛད། བོད་ལྗོངས་ཀྱི་གཙོས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་བ་དང་། དེ་བཞིན་ཨོ་སི་ཁྲུ་ལི་ཡ་དང་བལ་བོ་སོགས་རྒྱལ་ཁབ་མང་པོར་ཕེབས་ནས་འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ་སོགས་ལ་བཀའ་སློབ་མཛུབ་སྟོན་གནང་ཡོད། གཞན་ཡང་དགོན་པ་ཁག་དང་སྤྱི་ཚོགས་ཕན་བདེའི་ཆེད་མགོན་པོ་གང་གིས་བོད་གངས་རྒྱན་དར་སྤེལ་སྤྱི་སྡོམ་མཐུན་གཉེར་ཁང་བཙུགས་གནང་མཛད། ༼༡༩༨༩༽ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་གཅིག་ཉིན་དང་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། བཀའ་རྩོམ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ་དང་ཀྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད་སོགས་པོད་ཆེན་གསུམདང་། ཕྱོགས་སོ་སོར་ཆོས་སྲིད་དང་སློབ་གསོ་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་བཀའ་སློབ་གནང་བ་ཕྱོགས་བསྒྲིགས་བྱས་མེད་པའང་མང་པོ་བཞུགས་ཡོད།མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོ་རྒྱལ་བསྟན་ཡང་དར་གྱི་བྱེད་པོ་༧གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུ་ཚེ་གང་པོར་འཛམ་གླིང་གི་ཞི་བདེ་དང་། མེས་རྒྱལ་གྱི་དར་རྒྱས། སེམས་ཅན་གྱི་བདེ་སྐྱིད་བཅས་ཀྱི་དོན་དུ་རྨད་བྱུང་གི་མཛད་རྗེས་ནམ་མཁའ་དང་མཉམ་པ་རྣམས་རང་ཅག་ཕྱི་རབས་རྣམས་ཀྱི་སྐྱབས་མཆོག་དམ་པ་གང་ཉིད་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དད་གུས་དང་རྗེས་དྲན་ཟོལ་མེད་བྱེད་དགོས་པ་ལགས་སོ༎USPརྗེ་ཙོང་ཁ་པའི་དྲ་བ།
        དམིགས་གསལ་ཞུ་རྒྱུ་ནི།USPརྗེ་ཙོང་ཁ་པའི་དྲ་བ།
    སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་དུས་མཆོད་སྤྱིར་བོད་ཟླ༡༢པའི་ཚེས༢༡ཉིན་ཡིན་ན་ཡང་གདན་ས་གཙང་བཀྲིས་ལྷུན་པོར་ཟླ་གཅིག་སྔོན་དུ་ཞུ་བའི་རྒྱུ་མཚན་ནི། ༧པཎ་ཆེན་སྐུ་གོང་མ་སྐྱབས་མགོན་སྐུ་ཕྲེང་དགུ་པ་ཆེན་པོའི་དགོངས་རྫོགས་དུས་ཆེན་ཧོར་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་དང་། ཟླ་དེའི་ཚེས་སུམ་ཅུ་ཉིན་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་དུས་ཆེན་ཡིན་པས། ཟླ་གཅིག་རང་ལ་བོད་ཡོངས་རྫོགས་ཀྱི་བླ་ཆེན་རྣམ་གཉིས་ཀྱི་དགོངས་རྫོགས་དུས་ཆེན་བྱས་ན་རྟེན་འབྲེལ་མི་བཟང་བས་ན། ༧སྐྱབས་མགོན་པཎ་ཆེན་མཆོག་གི་དུས་མཆོད་དེ་སྔ་ནུར་གྱི་ཧོར་ཟླ་དགུ་པའི་ཚེས་ཉེར་བརྒྱད་ལ་གཏན་ཁེལ་ཞུས། དེ་བཞིན་པཎ་ཆེན་སྐུ་འཕྲེང་བཅུ་བའི་དགོངས་རྫོགས་ཡང་བཞིན་དུ་སྔ་ནུར་མཛད་པ་ལགས་སོ།USPརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K