མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / དུས་ཆེན། / ནང་དོན་དངོས།

༄༅།།དགའ་ལྡན་ལྔ་མཆོད་ཆེ་མོ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-12-03 16:18:09         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

1203_2.jpg        C9Vརྗེ་ཙོང་ཁ་པའི་དྲ་བ།

        ༄། །འཇམ་པར་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། ས་ཡི་སྟོང་འདི་སྟོང་བ་ན། ཁྱོད་ཉིད་བྱིས་པའི་གཟུགས་ཀྱི་ནི། སངས་རྒྱས་མཛད་པར་བྱེད་པར་འགྱུར། དེ་དགོན་ཆེན་རབ་དགའ་བ། ཁ་བ་ཅན་ན་ཡོད་པ་ཡིན། ཞེས་དང་། །དཔལྡན་ཟླ་བ་གྲགས་པས། །མཐའ་ཁོབ་ཁ་བའི་ཡུལ་ལྗོངས་སུ། བློ་བཟང་ཞེས་བྱའི་སྐྱེས་བུ་ཡིས། ཟླ་མེད་བསྟོན་པའི་བསྟན་པ་ལ། ང་ཡི་ལུགས་བཟང་སྤེལ་བ་བྱེད། ཞེས་སོགས་ལུང་གི་དངོས་སུ་ཟིན་ཞིང་། རིས་མེད་སྐྱེས་ཆེན་དུ་མས་སྔགས་བརྗོད་ཀྱི་མེ་ཏོག་འཐོར་བ། ཇི་སྐད་དུ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས།        C9Vརྗེ་ཙོང་ཁ་པའི་དྲ་བ།

         སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། །སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། །ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ། །ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ། །C9Vརྗེ་ཙོང་ཁ་པའི་དྲ་བ།

ཞེས་དང་། སྟག་ཚང་ལོ་ཙྭ་བས་ཀྱང་།C9Vརྗེ་ཙོང་ཁ་པའི་དྲ་བ།

          མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད། །C9Vརྗེ་ཙོང་ཁ་པའི་དྲ་བ།

        རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས། བོད་ཁ་བ་ཅན་གྱི་རྒྱལ་ཁབ་འདིར། ཞེས་སོགས་མདོ་སྔགས་ཟུང་འབྲེལ། ལྟ་སྤྱོད་ཟུང་འབྲེལ། བཤད་སྒྲུབ་ཟུང་འབྲེལ། དཔྱད་སྒོམ་ཟུང་འབྲེལ། མཁས་གྲུབ་གཉིས་འཛོམས། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཡ་མ་བྲལ་བའི་གསེར་སྦྱངས་གཙོ་མ་ལྟ་བུའི་བསྟན་པ་སྤེལ་བའི་ཤིང་རྟ་ཆེན་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་འདས་མཆོད་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་དུས་ཆེན་ཁྱད་པར་ཅན་ཐོན་ལ་ཉེ་བས། རྗེ་བླ་མ་ལ་ཤེས་ནས་དད་འདུན་ཡོད་པའི་རིས་མེད་ཆོས་སྡེ་ཁག་དང་། ་ཡུལ་སྡེ་མི་མང་སོགས་ཀྱི་ངོས་ནས་བཀའ་དྲིན་རྗེས་དྲན་དང་། རང་རང་གི་བསགས་སྦྱང་སོགས་ཀྱི་ཆེད་དུ་རྗེས་དྲན་མཆོད་འབུལ་རྒྱ་ཆེར་གནང་བའི་རེ་བ་དང་སྨོན་འདུན་ཞུ་ཞུ།C9Vརྗེ་ཙོང་ཁ་པའི་དྲ་བ།

རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་ནས་༢༠༡༥-༡༢-༣-ཉིན།C9Vརྗེ་ཙོང་ཁ་པའི་དྲ་བ།

1203_1.jpgC9Vརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K