མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / གསར་བསྒྲགས། / ནང་དོན་དངོས།

གལ་ཆེའི་གསལ་བསྒྲགས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2019-02-27 17:10:22         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

WechatIMG7411.jpg728རྗེ་ཙོང་ཁ་པའི་དྲ་བ།

༄༅། །བཤད་སྒྲུབ་ལས་གསུམ་གྱི་བྱ་བས་དུས་འདའ་བའི་མདོ་ཁམས་འཇང་དགུན་ཆོས་ཀྱི་ཁོངས་གཏོགས་དགོན་སྡེ་ཁག་གི་སྙན་ལམ་དུ།
728རྗེ་ཙོང་ཁ་པའི་དྲ་བ།

ཆེད་ཞུ། ཕྱི་ལོ༢༠༡༨ ཟླ༡༢ ཚེས ༢༦ དང ༢༧ ཉིན་གཉིས་ཀྱི་རིང་ལ་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་ཚོགས་གཙོ་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གི་དབུས་ཚོགས་གཞོན་དང་རྒྱུན་ལས་རྣམ་པ་ལྷན་འཛོམས་ཀྱིས་ཕྱི་ལོ ༢༠༡༩ ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་སྐབས་ཉི་ཤུ་པའི་སྐབས་གནད་ཆེ་བའི་ལག་བསྟར་བྱེད་ཕྱོགས་ཁག་ཅིག་གི་སྐོར་གྲོས་ཆོད་བྱུང་བ་གཤམ་གསལ།728རྗེ་ཙོང་ཁ་པའི་དྲ་བ།

༡  ༽  རྒྱུན་དུ་སློབ་གཉེར་བའི་རྩོད་པ་འཕེལ་ཤུགས་ཇེ་ཆེར་དང། ལྷག་ཏུ་ཐོར་ཆོས་དམ་བཅའ་དང་། མཚན་ཕུད་དམ་བཅའ་སོགས་ངེས་དོན་གྱི་གཟི་བརྗིད་ལྡན་པ་ཞིག་ཡོང་དགོས་པས། དམ་བཅའ་དང་རྟགས་གསལ་བ་སོགས་དགོན་པ་སོ་སོ་ནས་སྔོན་ཆད་བཞིན་འགན་ལེན་ངེས་པར་དུ་གནང་དགོས།728རྗེ་ཙོང་ཁ་པའི་དྲ་བ།

༢  ༽  འཇང་དགུན་ཆོས་འདི་ཉིད་ལ་ཛ་དྲག་གི་གནས་ཚུལ་གཞན་མ་བྱུང་ན་སྒྲིག་ཡིག་ལྟར་བོད་ཟླ ༥ ཚེས ༢༠ ཉིན་ལ་ཚོགས་གཏན་ཁེལ་བ་ཡིན།728རྗེ་ཙོང་ཁ་པའི་དྲ་བ།

༣  ༽  མདོ་ཁམས་འཇང་དགུན་ཆོས་ཀྱི་ཁོངས་གཏོགས་དགོན་པ་དག་གིས་ཆོས་ཐོག་འདིའི་སྐབས་སུ་ཕྱོགས་གཞན་གྱི་གྲྭ་བ་འཛུལ་ཞུགས་བཅུག་སྟེ་ཐོབ་ཐང་ལེན་མཁན་བྱུང་ཚེ་གྲྭ་དེ་དག་དང་གྲངས་མཉམ་པའི་དགོན་པ་རང་གི་གྲྭ་བའི་ཐོབ་སྐལ་ཡོད་ཚད་ཕྱིར་བསྡུས་ཀྱིས་དགོན་པའི་མཚན་སོགས་ཚོགས་མང་ལ་བསྒྲགས་ཏེ་ཕུད་ངེས་ཡིན་པས། དེ་ལྟར་མི་གནང་བར་དགོན་པ་སོ་སོའི་འགན་ལེན་ངེས་པར་གནང་དགོས།728རྗེ་ཙོང་ཁ་པའི་དྲ་བ།

༤  ༽  སྤྱིར་མདོ་ཁམས་འཇང་དགུན་ཆོས་ཀྱི་སྒྲིག་གཞི་དང་རྒྱུགས་སྤྲོད་སོགས་སྔར་རྒྱུན་བཞིན་ཡིན། ཕེབས་ལམ་ས་ཁྲ་སོགས་ཕེབས་ལ་ཉེ་སྐབས་གསལ་པོ་ཕུལ་ངེས་ཡིན་པས། དེ་ལུགས་ཐུགས་མངའ་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་ཏུ།728རྗེ་ཙོང་ཁ་པའི་དྲ་བ།

མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སྐབས་དྲུག་པའི་རྒྱུན་ལས་ལྷན་ཚོགས་ནས། 728རྗེ་ཙོང་ཁ་པའི་དྲ་བ།

ཕྱི་ལོ ༢༠༡༩ ཟླ ༢ ཚེས ༢༧ ཉིན་ཕུལ།728རྗེ་ཙོང་ཁ་པའི་དྲ་བ།

WechatIMG77111.jpg728རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།