མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / རྒྱུན་ཤེས། > ནང་དོན་དངོས།

༄༅།།གངྒཱ་ཆུང་དུ་ཕྱིན་པས་རྒྱ་གར་གྱི་ཆུ་གློག་ཁང་སྒོ་རྒྱག་དགོས་བྱུང་བ།

    སྤེལ་དུས།  2016-04-07 22:10:37         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ཧོང་ཀོང་ཝུན་ཧུའེ་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། བོད་ནས་རྒྱ་གར་དུ་འབབ་བཞིན་པའི་ཆུ་བོ་ཆེན་པོ་གངྒཱའམ་རྨ་བྱ་ཁ་འབབ་ཇེ་ཆུང་དུ་ཕྱིན་པས་དེའི་ཆུ་ཤུགས་ལ་བརྟེན་ནས་གློག་འདོན་བཞིན་པའི་རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་བྷང་ག་ལའི་མངའ་སྡེའི་ཆུ་གློག་ཁང་ཞིག་ཟླ་འདིའི་སྤྱི་ཚེས་༡༢ཉིན་གནས་སྐབས་ཉིན་བཅུ་རིང་སྒོ་རྒྱག་དགོས་བྱུང་འདུག་ལ། དེ་ནི་ཆུ་གློག་ཁང་དེ་ཚུགས་ནས་ལོ་སུམ་བཅུ་ཙམ་རིང་སྒོ་རྒྱག་ཐེངས་དང་པོ་དེར་གྱུར་ཡོད།ཆུ་གློག་ཁང་དེ་ནི་རྒྱལ་གཉེར་ཆུ་གློག་ས་ཚིགས་ཤིག་ཡིན་པར་བརྟེན་ཐེངས་འདིར་སྒོ་བརྒྱབ་པ་ཡིས་རྒྱ་གར་གྱི་རྒྱལ་ཁབ་གློག་དྲར་ཡང་ཤུགས་རྐྱེན་ངེས་ཅན་བཟོས་ཡོད་ལ། ཆུ་གློག་ཁང་དེའི་འགན་འཛིན་ཁུའུ་མར་གྱིས་གསར་འགོད་པར་ཧ་ལས་པའི་ངང་ཆུ་བོ་གངྒཱར་ཡང་ཆུ་དཀོན་པའི་གནས་ཚུལ་འབྱུང་སྲིད་པ་ནི་ཡིད་ལ་ཡང་དྲན་མྱོང་མེད་ཅེས་བཤད་འདུགgTYརྗེ་ཙོང་ཁ་པའི་དྲ་བ།

16.jpggTYརྗེ་ཙོང་ཁ་པའི་དྲ་བ།

 gTYརྗེ་ཙོང་ཁ་པའི་དྲ་བ།

        ཉེ་ལམ། རྒྱ་གར་གྱི་ཆུ་བོ་གངྒཱའི་བཞུར་རྒྱུད་ཡོངས་སུ་ཆུ་དཀོན་པའི་གནས་ཚུལ་བྱུང་ཞིང་། རྒྱ་གར་གྱི་ཆུ་མཛོད་༩༡ཙམ་གྱི་ཆུའི་བསགས་འབོར་དེ་ལོ་བཅུའི་ནང་གི་ཉུང་ཤོས་ཀྱི་ཚད་དུ་སླེབས་པ་དང་། གངྒཱའི་སྨད་རྒྱུད་ཀྱི་ཉ་པ་རྣམས་ཀྱིས་ཉ་ཟིན་ཚད་བསྟུད་མར་ཇེ་ཉུང་དང་། གྲུ་པ་རྣམས་ཀྱིས་ཀྱང་གྲུ་གཏོང་མཚམས་འཇོག་དགོས་བྱུང་ཡོད་ལ། གྲོང་ཚོ་མི་ཉུང་བའི་འཐུང་ཆུའང་བསྐམས་པས་འཐུང་ཆུའི་དཀའ་ངལ་ལ་འཕྲད་འདུགgTYརྗེ་ཙོང་ཁ་པའི་དྲ་བ།

17.jpggTYརྗེ་ཙོང་ཁ་པའི་དྲ་བ།

         ཆུ་བོ་གངྒཱ་ནི་བོད་ལྗོངས་མངའ་རིས་སྤུ་ཧྲེང་ཕྱོགས་ནས་ཤར་ཕྱོགས་སུ་རྒྱ་གར་བྱང་རྒྱུད་འཕྲེད་གཏུབ་ཀྱིས་བྷང་ག་ལའི་རྒྱ་མཚོར་འབབ་ཅིང་། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བདུན་བརྒྱ་ཡོད་པ་དང་ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། རིག་བྱེད་ཀྱི་གཏམ་རྒྱུད་དུ་འདི་ཉིད་ལྷ་མོ་ཞིག་ཡིན་པར་བཤད་ཡོད་ཅིང་། བྲམ་ཟེའི་ཆོས་ལུགས་པ་རྣམས་ཀྱིས་རྩ་ཆེར་བརྩི་བ་ཡིན། སི་ཏུའི་དྲི་བྲལ་ཤེལ་གྱི་མེ་ལོང་ལས་གངས་ཏི་སེ་ཆུ་མིག་མཐོང་གྲོལ་ཞེས་པ་འདི་གངྒཱའི་ཕུག་ཡིན་གསུངས་པ་སོགས་བོད་ཀྱི་ཡིག་ཆ་ཕལ་ཆེ་བ་དང༌། རྒྱ་གར་རིག་བྱེད་པའི་གཞུང་ལའང་གངས་ཏི་སེ་ལས་གངྒཱ་བྱུང་བར་བཤད་ཡོད།gTYརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K