མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཁོར་ཡུག་སྲུང་སྐྱོབ་ནི་དོན་དུ་རང་ཉིད་ཀྱི་ཆེད་དུ་ཡིན།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-05-24 17:55:28         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        ཁོར་ཡུག་ནི་འགྲོ་བ་མིས་གཙོས་པའི་སྐྱེ་ལྡན་ཡོད་དོ་ཅོག་གི་འཚོ་གནས་བྱེད་སའི་གནས་ཤིག་ཡིན་པས་ང་ཚོ་ཐུན་མོང་གི་ཁྱིམ་ཚང་ཞིག་ཀྱང་ཡིན། མ་ཟད་ང་ཚོ་སྐྱེས་པ་ནས་བཟུང་ཁོར་ཡུག་འདིས་རིམ་བཞིན་སྐྱེད་སྲིང་པ་ཞིག་ཡིན་སྟབས་འགྲོ་བ་ཀུན་ལ་ཆགས་སྡང་དང་ཞེན་ཕྱོགས་བྲལ་བའི་ཆ་སྙོམ་གྱི་མ་ཡུམ་བླ་མེད་ཅིག་ཡིན་ཞེས་ལབ་ན་མི་འགྲིག་པ་མེད། PM5རྗེ་ཙོང་ཁ་པའི་དྲ་བ།
        བོད་ལུགས་སྨན་གཞུང་དུ་འདི་ལྟར་གསུངས་ཡོད་དེ། མི་རང་རང་གི་ནང་གྱི་དོན་སྣོད་དང་རླུང་མཁྲིས་བད་ཀན་དག་དམན་ལྷག་ལོག་མ་ལོག་གི་སྒོ་ནས་ནད་ཀྱི་ངོ་བོ་འགྱུར་མ་འགྱུར་ཀྱི་རྣམ་བཞག་བཤད་བཞིན་ཡོད། དེ་ཡང་ཕྱི་འབྱུང་བའི་འཕེལ་འགྱུར་རམ་ཁོར་ཡུག་གི་འགྱུར་བ་དང་འབྲེལ་བ་ངེས་ཅན་ཡོད་པར་བསྟན་པས་ཀྱང་ཁོར་ཡུག་འདི་ང་ཚོའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་དཔོག་ནུས། PM5རྗེ་ཙོང་ཁ་པའི་དྲ་བ།
        དེས་ན་ང་ཚོས་རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་བདེ་ཐང་ངང་འཚོ་གནས་ཀྱི་ཆེད་དུ་ཁོར་ཡུག་གཙང་སེལ་དང་སྦགས་བཙོག་གིས་མ་བསླད་པ་ཞིག་ཡོང་བར་ཅིས་ཀྱང་འབད་དགོས་པ་ནི་དོན་གྱི་གནད་དུ་འཁུམས།PM5རྗེ་ཙོང་ཁ་པའི་དྲ་བ།
༡  ༽ ཁོར་ཡུག་ལ་གཏོར་སྐྱོན་བྱུང་ཚུལ།PM5རྗེ་ཙོང་ཁ་པའི་དྲ་བ།
        དེ་ཡང་གདོད་མའི་སྐབས་སུ་མི་རྣམས་བཟོ་ལས་སོགས་དཔལ་འབྱོར་གྱི་འཕེལ་ཤུགས་དེ་ཙན་མི་མགྱོགས་ནའང་སྤྱིའི་ཆ་ནས་སྟབས་བདེའི་ལག་ཆ་བཟོ་བ་དང་། བཟོ་ལས་ཐོན་སྐྱེད་ལ་འབད་པ། སྲོག་ཆགས་ཤ་རིགས་ཀྱིས་ཟས་གོས་ཐག་གཅོད་པ། གང་སར་ཚོད་འཛིན་མེད་པར་རྔོན་རྒྱག་སོགས་བྱས་པས་ཁོར་ཡུག་ལ་གནོད་འཚེ་ཐོག་མར་བྱུང་བ་དང་། སྲོག་ཆགས་ཀྱི་རིགས་མང་པོ་རྩ་སྟོང་དུ་འགྲོ་བའི་ཉེན་ཁ་ཀྱང་བྱུང་ཡོད། དེའི་རྗེས་སུ་ཞིང་ལས་ཐོན་འབའ་སོགས་རིམ་བཞིན་དར་བས་མི་རྣམས་ཀྱིས་སྤང་རྐོ་བ་དང་། ཤིང་ནག་གཅོད་སྲེག་སོགས་ཀྱིས་རྐྱེན་པས་རང་བྱུང་ཁམས་ལ་གནོད་འཚེ་མི་ཉུང་བ་བྱུང་བར་སྣང་ ། དེ་ནས་རིམ་བཞིན་མིའི་རིགས་ཀྱི་རྣམ་དཔྱོད་ཅུང་མཐུན་སྒོ་ཚང་བ་སོང་བ་དང་རང་བྱུང་གི་གནོད་འཚེ་འགའ་ཞིག་རྒྱུ་རྐྱེན་དུ་བྱས་པ་རྒྱུད་ོའཛམ་གླིང་གི་ས་ཕྱོགས་མང་པོར་ཁོར་ཡུག་ལ་གནོད་འཚེ་བྱུང་ན་དེ་ལ་འཚོ་གནས་བྱེད་པའི་མི་དང་རི་སྐྱེས་སྲོག་ཆགས་དག་ལ་ཤུགས་ཀྱིས་གནོད་འཚེ་འབྱུང་བ་ཤེས་རྟོགས་བྱས་ནས་རྒྱལ་ཁབ་མང་པོ་ཞིག་ན་ཤིང་རིགས་འཛུག་པ་དང་གད་སྙིག་གང་སར་མི་འདོར་བ། རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་མཚམས་འཇོག་དགོས་པའི་ལམ་ལུགས་སམ་སྒྲིག་ཁྲིམས་ཤིག་བཞག་པར་མངོན། འོན་ཀྱང་དེའི་སྐབས་སུ་མི་འབོར་དང་བཟོ་ལས་དཔལ་འབྱོར་གྱི་ཐོན་ཁུངས་སོགས་གང་ཅིའི་ཐད་ནས་ཤུགས་དེ་ཙམ་མི་ཆེ་བས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བྱུང་མེད། PM5རྗེ་ཙོང་ཁ་པའི་དྲ་བ།

         ད་སྐབས་ནི་མི་རྣམས་ཀྱི་དཔལ་འབྱོར་གྱི་འཕེལ་ཤུགས་མགྱོགས་པ་དང་ཚན་རིག་གི་འཕེལ་འགྲོས་ཀྱང་ལྷུད་མེད་ངང་གིས་དར་རྒྱས་སུ་ཕྱིན་པས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཀྱང་ཆེན་པོ་ཐེབས་བཞིན་ཡོད། དེ་ཡང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་རང་རང་གི་འགོག་སྲུང་ཆེད་མཚོན་ཆ་འདྲ་མིན་བཟོ་བ་དངབཟོ་གྲྭ་འདྲ་མིན་འཛུགས་པ། འཁོར་རིགས་དུག་རླངས་ཅན་མང་བ། དེ་བཞིན་གསེར་གཏེར་དང་ཟངས་གཏེར། ལྕགས་གཏེར། རྡོ་སོལ་གཏེར། སྣུམ་གཏེར་སོགས་གཏེར་རིགས་མང་པོ་སྔོག་འདོན་བྱེད་པ། ཆུང་ས་ནས་ཁེ་ལས་དང་ཚོགས་པ་མི་སྒེར་སོགས་ཀྱིས་གནས་སྐབས་དཔལ་འབྱོར་གྱི་ཁེ་ཕན་ཕྲན་བུའི་ཆེད་དུ་ཤིང་ནགས་གཅོད་སྲེག་བྱས་ནས་ཤིང་རིགས་ཀྱི་བཟོ་གྲྭ་བཙུགས་པ། རྫས་རིགས་འདྲ་མིན་གྱི་ལས་གྲྭ་གཉེར་བ མིའི་ལུས་ཁམས་ལ་གནོད་པའི་ཟས་རིགས་ཚད་མ་ལོན་པ་མང་པོ་བཟོས་པ། འཛམ་གླིང་གི་མཚོ་ཆེན་དང་ཆུ་ཆེན་མི་ཉུང་བ་དུག་རླངས་དང་རྫས་ངན་གད་སྙིགས་ཀྱིས་ཁྱབ་པ། དེ་བཞིན་རི་ཆུ་ནགས་གསུམ་དང་མཁའ་རླུང་སྤྲིན་གསུམ་བཅས་ལ་བཙོག་དྲེག་དང་དུག་རིགས་འདྲ་མིན་གྱིས་བསླད་པར་བརྟེན་ཆུ་གནས་དང་རི་གནས་མཁའ་གནས་སོགས་སྲོག་ཆགས་མང་པོའི་འཚོ་གནས་ཀྱི་རྟེན་གཞི་མེད་པར་བྱས་པ། ཤེལ་དམ་དང་འགྱིག་ཤོག་གད་སྙིགས་སོགས་ཕྱོགས་དང་མཚམས་སུ་གཏོར་བ་བཅས་མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ལ་གནོད་པའི་ལས་རིགས་ཚད་ལས་འདས་པ་བྱུང་བས་རང་བྱུང་གི་གནོད་འཚེ་དང་ཁོར་ཡུག་ལ་འགྱུར་བ་སྣ་ཚོགས་ཡོང་གི་ཡོད། PM5རྗེ་ཙོང་ཁ་པའི་དྲ་བ།
        ༢  ༽ ཁོར་ཡུག་གི་འགྱུར་བས་མིའི་རིགས་ལ་གནོད་པ། PM5རྗེ་ཙོང་ཁ་པའི་དྲ་བ།
        རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་བཀུར་དང་སྲུང་སྐྱོབ་གཅེས་སྤྲས་བཅས་བྱེད་མ་ཐུབ་ཚེ་ཕྱི་འབྱུང་བའི་གནོད་པའམ་ཁོར་ཡུག་གི་འགྱུར་བ་འདྲ་མིན་འབྱུང་བ་ནི་མཐོང་ཆོས་ཀྱི་རང་བཞིན་འདིས་དཔོག་ནུས། དེ་ཡང་ཆུ་ལོག་བྱུང་བ་དང་མཚོ་འཕྱུར་བ། ཐན་སྐྱོང་ཆེ་བ་དང་རླུང་འཚུབས་རྒྱག་པ། ས་འགུལ་བྱུང་བ་དང་མེ་རི་རྡོལ་བ། དབྱར་དུས་སུ་ཆར་པ་མ་བབས་པ་དང་དགུན་དུས་ཁ་བ་མ་བབས་པ། ལོ་ཕྱུགས་མ་ལེགས་པ་བཅས་དུས་འགྱུར་གྱི་རྣམ་འགྱུར་མང་པོ་ཐོན་བཞིན་ཡོད། དེས་རྐྱེན་པས་འཛམ་གླིང་ཧྲིལ་པོ་རྣམ་གཤིས་ལོ་རེ་བཞིན་དྲོ་རུ་འགྲོ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་རྣམས་བཞུར་བའི་གནས་ཚུལ་ཐོན་ཡོད། གལ་ཏེ་གངས་རི་དག་བཞུར་བ་ཡིན་ན་ཨེ་ཤེ་ཡ་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་ཐམས་ཅད་ལ་ཆུའི་འཇིག་པ་དང་མེའི་འཇིག་པ་འབྱུང་གི་ཡོད་པ་ཚན་རིག་པ་དག་གི་བཤད་བཞིན་ཡོད། PM5རྗེ་ཙོང་ཁ་པའི་དྲ་བ།
        ཕྱི་འབྱུང་བ་དོ་སྙོམས་མེད་པ་ཆགས་པས་དེ་ལ་གནས་པའི་བཅུད་ཀྱི་མིའི་འགྲོ་བ་དག་ལ་ཆམ་རིམས་སྣ་ཚོགས་དང་རིམས་ནད་འདྲ་མིན་འགོས་ཡོང་བ་བཤད། སྤྱི་པོ་༢༠༠༣ལོར་གློ་ཚད་ཀྱི་ནད་ཅིག་འཛམ་གླིང་ས་ཕྱོགས་འགའ་ཞིག་ན་དར་བ་དང་མི་མང་པོའི་ཚེ་སྲོག་ཀྱང་འཕྲོག་པས་གསོ་རིག་ཞིབ་འཇུག་པ་དང་ཆེད་མཁས་པ་མང་པོས་བརྟག་དཔྱད་བྱས་པ་ལྟར་ན་ཁོར་ཡུག་གཏོར་བཤིག་ཐེབས་པ་ལས་བྱུང་བ་ངོས་འཛིན་གནང་བ་རེད། དེས་ན་ང་ཚོས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་འདིས་དོན་དུ་རང་ཉིད་ལ་གནོད་སྐྱོན་བྱས་སོང་བ་རྟོགས་ནུས།PM5རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K