མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །འཕྲོད་བསྟེན་རྒྱུན་ཤེས་ལས་ནད་འབུ་ཕྲ་རབ་ཀྱི་སྐོར།

    སྤེལ་དུས།  2014-09-08 16:50:21         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

  ནད་འབུ་ཕྲ་རབ་ནི་གང་ས་གང་དུ་ཡོད། ནད་འབུ་ཕྲ་རབ་ནི་ཤིན་ཏུ་ཆུང་བས་མིག་གིས་མཐོང་མི་ཐུབ། ནད་འབུ་ཕྲ་རབ་ཀྱིས་ཁྱོད་ལ་ན་ཚ་བཟོ་བ་ཡིན། ནད་རིགས་དང་རྨ་ཉེས་ནི་ནམ་རྒྱུན་ནད་འབུ་ཕྲ་མོས་རྐྱེན་ལས་བྱུང་བ་རེད། ནད་འབུ་ཕྲ་མོའི་གཟུགས་དབྱིབས་འདྲ་མིན་སྣ་ཚོགས་ཡོད་ན་ཡང་དེ་ཚོ་ཆེས་ཕྲ་བས་སྤྱིར་བཏང་མིག་གིས་མཐོང་མི་ཐུབ། ནད་འབུ་ཕྲ་མོ་ནི་ཕྲ་མཐོང་མེ་ལོང་དཀྱུས་མས་ཀྱང་མཐོང་མི་ཐུབ། ལྡབ་སྟོང་ཕྲག་ལྷག་ཆེར་བསྐྱེད་བྱེད་ཐུབ་པའི་ཕྲ་མཐོང་མེ་ལོང་ལས་ད་གཟོད་མཐོང་ཐུབ། qXeརྗེ་ཙོང་ཁ་པའི་དྲ་བ།
ནད་འབུ་ཕྲ་རབ་ཁྱོད་ཀྱི་ལུས་པོར་ཞུགས་པའི་བརྒྱུད་ལམ་ནི ། ཁ་ནས་ནང་དུ་ཞུགས་པ། རྨ་ཁ་དང་ཤ་པགས་ཀྱི་གས་སྲུབ། བ་སྤུའི་ཨུ་ཁུང་སོགས་ཀྱི་ནང་ནས་ཞུགས་པ། དབུགས་འབྱིན་རྔུབ་ལས་ནང་དུ་ཞུགས་པ། ང་ཚོས་ལག་པ་བཙོག་པས་དངོས་པོར་རེག་པ་དང་། ཡང་ན་ཆུ་འཁྱགས་པ་འཐུང་བ་སོགས་ཀྱིས་ཀྱང་ནད་འབུ་འགོས་རྒྱུ་རེད། ནད་འབུ་ད་དུང་ཆུ་དང་། མིའི་ཁ་ལུད། ཁ་དབུགས་སོགས་ཀྱི་རྣམ་པས་ཀྱང་འགོས་སྲིད།qXeརྗེ་ཙོང་ཁ་པའི་དྲ་བ།
ནད་རྟགས་ནི། ཆུ་དང་ཇ་སོགས་ཁོལ་མ་འཐུང་ཚེ་ཚད་པ་ཆེན་པོ་རྒྱག ལུས་ཡོངས་ལ་ཟུག་གཟེར་གྱིས་ཁྱབ་པ། ན་ནས་ཞག་མ་ལྔ་ནས་བཅུ་བཞི་བར་མལ་སར་ལྷུང་བ། ཟས་མི་འགྲོ་བ་དང་གཉིད་མི་ཁུག་པ། ནད་འབུ་ཕྲ་རབ་དེ་དག་གསོད་ཐུབ་པའམ་བཅོས་ཐུབ་པའི་སྨན་མེད་པ། ཁྱོད་ཀྱི་ལུས་སྟོབས་ཀྱིས་ངེས་པར་ཏུ་ནད་འབུ་འདི་དག་ལ་རྒོལ་ལན་སྤྲོད་དགོས། qXeརྗེ་ཙོང་ཁ་པའི་དྲ་བ།
གསོ་ཐབས་ནི་འདི་ལྟར་ཡིན། ཉལ་ནས་ངལ་གསོ་བ། སྐབས་འགར་བདུན་ཕྲག་གཉིས་ཙམ་ལ་ངལ་གསོ་བྱེད་དགོས། ཆུ་ཁོལ་མ་ནང་དུ་ཚྭ་དང་བྱེ་མ་ཀ་ར་མཉམ་སྦྱོར་བྱས་ནས་མང་པོ་འཐུང་དགོས།qXeརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K