མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་རྒྱུན་ཤེས།

    སྤེལ་དུས།  2014-09-08 16:53:18         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 1.ཁྲག་ཤེད་མཐོ་བ་ནི་ཇི་འདྲ་ཞིག་ཡིན།4lsརྗེ་ཙོང་ཁ་པའི་དྲ་བ།
ཀྲུང་གོའི་ཁྲག་ཤེད་མཐོ་བར་འགོག་བཅོས་བྱེད་པའི་ཕྱོགས་སྟོན(2005ལོའི་བཟོ་བཅོས་པར་གཞི)ཞེས་པའི་གྲོས་འཆར་ལྟར་ན་ཁྲག་ཤེད་ཀྱི་ཚད་གཞི་ནི། རྒྱུན་ལྡན་གྱི་མི་དར་མའི་སྙིང་ཁ་ཟུམ་པའི་ཁྲག་ཤེད(མཐོ་བའི་ཚད) 120mmHgལས་ཆུང་དགོས་པ་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད (དམའ་བའི་ཚད)80mmHgལས་ཆུང་དགོས། ཁྲག་ཤེད་མཐོ་འགྱུར་འགོག་པའི་སྨན་རྫས་མ་སྤྱོད་པའི་གནས་ཚུལ་འོག་སྙིང་ཁ་ཟུམ་པའི་ཁྲག་ཤེད140mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་པ་དང་། (ཡང་ན)སྙིང་ཁ་འབྱེད་པའི་ཁྲག་ཤེད90mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་ཚེ་ཁྲག་ཤེད་མཐོ་བའི་ནད་གཞི་རུ་གཏན་ཁེལ་བྱས་ཆོག འོན་ཀྱང་ཐེངས་གཅིག་ལ་ཁྲག་ཤེད་མཐོ་བ་དེ་ད་དུང་ནད་གཞི་དེར་གཏན་ཁེལ་བྱེད་མི་ཐུབ་ལ། ངེས་པར་དུ་ཉིན་མི་གཅིག་པའི་ནང་ཁྲག་ཤེད་ལ་ཐེངས་གསུམ་དུ་ཚད་ལེན་བྱས་རྗེས་རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་ཚེ་ད་གཟོད་གཏན་ཁེལ་བྱས་ཆོག4lsརྗེ་ཙོང་ཁ་པའི་དྲ་བ།
2.ཁྲག་ཤེད་མཐོ་བའི་གནོད་པ།4lsརྗེ་ཙོང་ཁ་པའི་དྲ་བ།
ཁྲག་ཤེད་མཐོ་བ་དེས་གཙོ་བོར་སྙིང་ཁམས་དང་། ཀླད་པའི་ཁྲག་རྩ། མཁལ་མ། དེ་མིན་མིག་རྩ་བཅས་ལ་གནོད་པ་ཐེབས་སྲིད་པར་མ་ཟད། མཐོང་བྱེད་དྲ་སྐྱིའི་ནུས་པ་ཇེ་ཞན་དུ་འགྱུར་ངེས། ཚབས་ཆེ་ན་དབང་བོར་སྐྱོན་ཤོར་བ་དང་ཚེ་སྲོག་ཤོར་ངེས།4lsརྗེ་ཙོང་ཁ་པའི་དྲ་བ།
3.ཁྲག་ཤེད་མཐོ་བའི་ནད་རྟགས།4lsརྗེ་ཙོང་ཁ་པའི་དྲ་བ།
ཁྲག་ཤེད་མཐོ་བའི་ནད་ནི་ནད་རྟགས་ཅི་ཡང་མེད་པའམ་ཡང་ན་ནད་པས་ཤེས་ཚོར་མི་ཐུབ་པའི་ནད་རྟགས་ཏེ་ཚོར་མེད་ཀྱི་སྲོག་གཅོད་ཅིག་ཡིན། རྒྱུན་འབྱུང་གི་ནད་རྟགས་ནི་མགོ་ན་བ་དང་། མགོ་ཡོམ་འཁོར་བ། སུན་སྣང་སྐྱེས་པ་དང་སེམས་འཚུབ་སླ་བ། རིག་པ་གཅིག་ཏུ་གཏོད་མི་ཐུབ་པ་སོགས་ཡིན།4lsརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K