མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །བདེ་ཐང་ཤེས་བྱའི་སྐོར་ལས་ཟས་རིགས་ཀྱི་སྐོར།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-01-05 23:58:00     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

       སྔོ་ཚོད་ཟོས་ན་རུས་ཚིགས་ཚ་ནད་ལ་ཕན་པ།KW4རྗེ་ཙོང་ཁ་པའི་དྲ་བ།
       ཞི་ལ་རྒྱལ་ཁབ་ཀྱི་ཚན་རིག་པས་ཉེ་སྔོན་ཚོད་ལྟ་ཞིག་ལས་ཤེས་པ་ལྟར་ན། སྔོ་ཚོད་ཟོས་པ་ཇི་ལྟར་མང་ན་རུས་ཚིགས་ཚ་ནད་ཕོག་ཚད་དེ་ལྟར་ཉུང་བར་མ་ཟད། སྔོ་ཚོད་ཟ་རྒྱུར་དགའ་བའི་རྒན་པ་རྣམས་ལ་རུས་ཚིགས་ཚ་ནད་ཕོག་ཚད་དེ་སྔོ་ཚོད་ཟ་རྒྱུར་མི་དགའ་བའི་མི་ལས་བཞི་ཆའི་གཅིག་ཙམ་རེད་ཟེར། དེར་བརྟེན་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་སྔོ་ཚོད་མང་པོ་ཟོས་ན་བཟང་།KW4རྗེ་ཙོང་ཁ་པའི་དྲ་བ།
       ལུས་སྦྱོང་བྱས་རྗེས་སིལ་ཏོག་ངང་ལག་ཟོས་ན་བཟང་། KW4རྗེ་ཙོང་ཁ་པའི་དྲ་བ།
       ལུས་རྩལ་སྦྱོང་བརྡར་ལ་དགའ་བ་དེ་དོན་བཟང་ཞིག་རེད་མོད། ཚད་ལས་བརྒལ་ན་ལུས་སྟོབས་ཟད་དེ་ཐང་ཆད་ངེས། འགུལ་སྐྱོད་བྱེད་དུས་རྔུལ་ཆུ་མང་པོ་བཞུར་བ་དང་མཉམ་དུ། ལུས་སྟེང་གི་གཏེར་རྒྱུ་མང་པོའང་རྔུལ་ཆུ་དང་འགྲོགས་ནས་ཕྱིར་ཕུད་སྲིད། དེ་བས་ནམ་རྒྱུན་ལུས་རྩལ་སྦྱོང་བརྡར་བྱས་རྗེས་སིལ་ཏོག་ངང་ལག་ཟོས་ན་ལུས་སྟོབས་སླར་སོས་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       ཆང་འཐུང་རྗེས་ཀྲོ་མ་ཀྲུའི་ཁུ་བ་འཐུང་ན་བཟང་། KW4རྗེ་ཙོང་ཁ་པའི་དྲ་བ།
       ཆང་འཐུང་ནས་ར་བཟི་བར་གྱུར་ཏེ་སྐྱུགས་པ་སོགས་བྱས་ན་རང་ཉིད་ལ་གནོད་པར་མ་ཟད། ད་དུང་ལུས་སྟེང་གི་ཅཱ་དང་ཀའེ། ནཱ་སོགས་འཚོ་རྒྱུ་མང་པོ་ཕྱིར་ཤོར་འགྲོ་བས། ཆང་འཐུང་ནས་སྐྱུགས་པའི་རྗེས་སུ་ཀྲོ་མ་ཀྲུའི་ཁུ་བ་འཐུང་ན་འཚོ་རྒྱུ་དེ་དག་ཁ་གསབ་བྱེད་ཐུབ།KW4རྗེ་ཙོང་ཁ་པའི་དྲ་བ།
       དགག་སྒྲེག་རྒྱག་པའི་སྐབས་སུ་ཀ་ར་ཟོས་ན་ཕན།KW4རྗེ་ཙོང་ཁ་པའི་དྲ་བ།
       དགག་སྒྲེག་རྒྱག་པའི་སྐབས་སུ་དེ་འགོག་པའི་ཆེད་དུ་མི་རྣམས་ཀྱིས་བྱེད་ཐབས་མང་པོ་བཀོལ་བཞིན་ཡོད་མོད། མིག་སྔར་ཆེས་ཕན་པའི་བྱེད་ཐབས་ཞིག་ནི་ཉམས་བཞག་མེད་པའི་སྐབས་སུ་སྐྲག་སྣང་ཞིག་སློང་བ་དེ་ཡིན། འོན་ཀྱང་དེས་ཀྱང་གོ་མ་ཆོད་ན་ངས་འདི་ནས་བྱེད་ཐབས་ཆེས་བཟང་པོ་ཞིག་ངོ་སྤྲོད་བྱེད། དགག་སྒྲེག་རྒྱག་པའི་སྐབས་སུ་ལྕེའི་འོག་ཏུ་ཀ་ར་ཞིག་བཟུང་ན་ཕན་ཐོགས་འབྱུང་ངེས། KW4རྗེ་ཙོང་ཁ་པའི་དྲ་བ།
       ལྦུ་ཆང་འཐུང་ན་སྙིང་ནད་འགོག་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       ལྦུ་ཆང་འཐུང་ན་ངོ་མདངས་ཇེ་ཡག་ལ་ཡོང་བ་དེ་དེང་སྐབས་ཚང་མས་ཤེས་པས་སྐྱར་བཤད་བྱེད་མ་དགོས་པ་ཞིག་རེད། འོན་ཀྱང་ལྦུ་ཆང་ལ་ད་དུང་ཕན་ནུས་གཞན་ཞིག་ཡོད་པ་ནི་སྙིང་ནད་འགོག་ཐུབ་པ་དེ་ཡིན། ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། གལ་ཏེ་ཉིན་རེར་ལྦུ་ཆང་ཕོར་བ་གང་རེ་འཐུང་ན་སྙིང་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ་ལ། དེའང་འཐུང་ཚད་ལ་ཚོད་འཛིན་ནན་མོ་བྱེད་དགོས་ཏེ་ཉིན་རེར་ཆང་ཕོར་གཉིས་སམ་ཡང་ན་དེ་ལས་བརྒལ་ན་སྔོན་འགོག་གི་ནུས་པ་ཐོན་མི་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       ཚ་ལུ་མས་ཁུ་བ་འཐུང་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       ཚ་ལུ་མས་ཁུ་བ་འཐུང་རྒྱུར་དགའ་བ་དེ་གོམས་གཤིས་ལེགས་པོ་ཞིག་ཡིན་པར་མ་ཟད། ཁྲག་ཤེད་མཐོ་བའི་ནད་པ་དང་ཡང་ན་ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པའི་མི་རྣམས་ཀྱིས་རྒྱུན་པར་ཚ་ལུ་མའི་ཁུ་བ་འཐུང་ན་ཁྲག་ཤེད་མར་གཅོག་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       སྒོག་པ་ཟོས་ན་ཆམ་ནད་སྔོན་འགོག་བྱེད་ཐུབ། KW4རྗེ་ཙོང་ཁ་པའི་དྲ་བ།
       མིད་པ་ཅུང་ཟད་མི་བདེ་བའི་རྟགས་མངོན་པ་དེ་ནི་ཆམ་ནད་འབྱུང་བའི་སྔ་ལྟས་ཡིན་པས། མྱུར་དུ་སྒོག་པ་ཟོས་ན་ཆམ་ནད་འགོག་ཐུབ། དེའི་རྒྱུ་མཚན་ནི་སྒོག་པའི་ནང་དུ་ནད་དུག་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་པས་མིའི་ལུས་སྟོབས་བསྐྱེད་ཐུབ། དེ་བས་ད་ལྟའི་དུས་ཚིགས་འདིར་སྒོག་པ་མང་པོ་ཟོས་ན་ཆམ་ནད་འགོག་ཐུབ།KW4རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K