མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །ནད་བརྒྱ་སེལ་བའི་སྨན་མཆོག་སྟེ་རྒྱ་གར་གྱི་རླུང་སྦྱོར།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2017-06-09 09:34:05         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

༄༅།། སངས་རྒྱས་སྨན་གྱི་བླ་བེེ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། རྒྱ་གར་འཕགས་པའི་ཡུལ་དུ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་ཡོ་གའམ་རྒྱ་གར་གྱི་རླུང་སྦྱོར་ཞེས་གྲགས་པ་འདིར་དྲང་སྲོང་དང་བྲམ་ཟེ་དག་གིས་སྲོལ་གཏོད་ཅིང་བཱ་རམ་དེ་བ་མཆོག་གིས་ཉེ་བའི་ཆར་དར་སྤེལ་གཏོང་བ་ལས་ཤི་ཐག་བཅད་ཟིན་པའི་ནད་པ་བརྒྱ་སྟོང་མང་པོ་ཞིག་གི་མཆིན་ནད་དང་ཕོ་སྐྲན་སོགས་དྲག་བསྐྱེད་བྱུང་བས། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་ཁྲི་བརྒྱ་ཕྲག་མང་པོས་སློབ་སྦྱོང་གནང་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུན་དུ་ཉིད་ཀྱིས་བཟའ་བཏུང་སྤྱོད་ལམ་བྱེད་སྟངས་གལ་ཆེ་སྟེ་ནང་ཟས་རྒྱལ་པོ་བཅུད་ཅན་ཟ། གུང་ཟས་བློན་པོ་བཅུད་འབྲིང་ཟ། དགོང་ཟས་སྤྲང་པོ་འཇུ་སླ་ཟ་ཞེས་པ་ལྟར་སྤང་བླང་ངེས་པར་བྱ་དགོས། བོད་ཀྱི་གསོ་གཞུང་བཤད་རྒྱུད་ལས་ཀྱང་། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། ། དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། ། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། ། ཞེས་གསུངས་སོ། biiརྗེ་ཙོང་ཁ་པའི་དྲ་བ།

1.pngbiiརྗེ་ཙོང་ཁ་པའི་དྲ་བ།

རབ་རྡོ་རྗེ་སྐྱིལ་ཀྲུང་དང་འབྲིང་པདྨ་ཕྱེད། དེ་མིན་རུང་རྒྱུན་གྱི་འདུག་སྟངས་ལྟར་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་བྱེད། ཁ་མིག་དང་འོག་སྒོ་རྣམས་བཙུམས།biiརྗེ་ཙོང་ཁ་པའི་དྲ་བ།

རྒྱ་གར་སྐད་དུ་བྷ་སྟྲི་ཀཱ་པྲནཱ་ཡཱ་མཱ། བོད་སྐད་དུ་རླུང་སྦྱོར་ལ་བརྟེན་ནས་ལུས་ཁམས་གསོ་བ་ཞེས་བྱ་བ། དང་པོ་ཞོགས་པ་ལྟོ་སྟོང་གི་དུས་སུ་རླུང་སྦྱོར་མ་བྱས་པའི་སྔོན་དུ་དྲོ་གྲང་སྙོམས་པའི་ཆུ་ཁོལ་ཕོར་པ་གང་དོ་ཙམ་བཏུང་ནས་སྐ་རགས་སོགས་མེད་པ་གོས་གློད་ལ་སྲབ་བ་གོན་ནས་ཉིན་བཞིན་དུ་དུས་ཚོད་གཅིག་ལ་ཁེལ་ན་བཟང་། དེ་ནས་མཁའ་དབུགས་གཙང་ཞིང་འུར་ཟིང་མེད་པའི་གནས་སུ་གདན་གྱི་སྟེང་དུ་རབ་རྡོ་རྗེ་སྐྱིལ་ཀྲུང་དང་། འབྲིང་པདྨ་ཕྱེད། དེ་མིན་རུང་རྒྱུན་གྱི་འདུག་སྟངས་ལྟར་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་བྱེད། མིག་དང་། ཁ། འོག་སྒོ་རྣམས་བཙུམས། མོས་པར་ཡོད་ན་རླུང་ནང་དུ་རྔུབ་པ་དང་ལྷན་དུ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་དང་བྱམས་སྙིང་རྗེ་རྣམས་ཟླ་ཟེར་གྱི་རྣམ་པར་དཀར་ལམ་གྱིས་རྔུབ་པ་མོས། མར་གཏོང་བ་དང་ལྷན་དུ་ནད་གདོན་སྡིག་སྒྲིབ་དེ་དག་དུད་ཁུ་སོལ་ཁུ་ཡི་རྣམ་པར་ནག་ཉིལ་ཉིལ་དུ་ཕྱིར་འདོན་པར་དམིགས། གཞན་ཡང་མོས་པ་ཡོད་ན་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་འབྲེལ་ནས་རླུང་ནང་དུ་རྔུབ་པ་དང་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཉེ་ལྟུང་གི་ཚོགས་རྣམས་རླུང་དང་མཉམ་དུ་ཡར་རྔུབ་པས་འགྲོ་བ་ཀུན་ཉེས་པ་ལས་གྲོལ་བར་བསམ། དེ་ནས་རླུང་ཕྱིར་གཏོང་བ་དང་དཀར་པོ་དགེ་བའི་ཆོས་ཀུན་རླུང་དང་མཉམ་དུ་སེམས་ཅན་ཀུན་ལ་ཕོག་པས་འགྲོ་བ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བསམ། འདི་ཆགས་མེད་བསྒྲུབ་ན་ཚེ་རིང་ནད་མེད་ལུས་སེམས་བདེ་བར་འབྱུང་། དེ་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན་དེ་བས་ལེགས་སོ།biiརྗེ་ཙོང་ཁ་པའི་དྲ་བ།

2.pngbiiརྗེ་ཙོང་ཁ་པའི་དྲ་བ།

 སྣ་བུག་གཉིས་ནས་མཁའ་དབུགས་ཡར་འཐེན་ཞིང་གློ་བ་ནང་དུ་བླུགས་ནས་ལུས་སུ་ཐིམ་སོང་བསམ། རླུང་འབྱིན་རྔུབ་གང་རིང་རིང་བྱེད།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་དང་པོ།  བྷ་སྟྲི་ཀཱཔྲནཱཡཱམཱ། རླུང་སྒོམ་སྟངས་དང་པོ་ནི། ལུས་དྲང་པོ་བྱས་ཏེ་འདུག་ལ། གཡས་གཡོན་གྱི་མཐེབ་མཛུབ་ཀྱི་རྩེ་གཏུགས་ཏེ་ཨ་ལོང་ལྟར་བྱས། སོར་མོ་གཞན་རྣམས་རྐྱང་བཞིན་པུས་མོ་གཡས་གཡོན་སྟེང་དུ་གན་རྐྱལ་དུ་འཇོག ཁ་མིག་བཙུམ་སྟེ་སྣ་བུག་གཉིས་ནས་མཁའ་དབུགས་དྭངས་གཙང་རྣམས་ཡར་མ་རྫོགས་བར་འཐེན་ཞིང་གློ་བ་ནང་དུ་བླུགས་ནས་ལུས་སུ་ཐིམ་སོང་བསམ་ལ། ཡང་གློ་བའི་ནང་གི་ནང་འབུ་མི་གཙང་བ་ཡོད་དོ་ཅོག་སྣ་བུག་གཉིས་ནས་མང་ན་ར་ར་ཐོན་སོང་བའི་མོས་པར་བྱ། རླུང་འབྱིན་རྔུབ་གང་རིང་རིང་བྱེད་དགོས། དུས་ཡུན་རེས་མོས་སྐར་མ་གཉིས་ནས་ལྔ་བར། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཅན་རྣམས་ཀྱིས་དལ་མོ་ལས་ཤུགས་ཆེན་བྱ་མི་རུང་།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། དབུགས་སྣ་ཐུང་དང་། ས་མཐོའི་ནད་དང་། གློ་ནད། སྟོད་གཟེར། སྙིང་ནད། སྙིང་རྩའི་ཁྲག་འཁོར་བསྐྱོད་མི་བདེ་བ། ཆམ་ནད་ལ་ཕན། ཉེས་གསུམ་ཆ་སྙོམས་པ། ཁྲག་གཙང་མར་བྱེད། གློ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད།biiརྗེ་ཙོང་ཁ་པའི་དྲ་བ།

3.pngbiiརྗེ་ཙོང་ཁ་པའི་དྲ་བ།

སྣ་བུག་གཉིས་ནས་ཕྱི་རླུང་འཇིབ། ཕོ་བ་ཡར་འཐེན་རྗེས་དབུགས་སྣ་བུག་གཉིས་ནས་དྲག་ཏུ་ཕྱིར་གཏོང་།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་གཉིས་པ། ཀ་པཱ་ལ་བྷ་ཏི་པྲ་ཡཱ་མཱ། རླུང་སྒོམ་སྟངས་གཉིས་པ་ནི། ཁ་མིག་བཙུམ་ནས་ལུས་དྲང་པོར་བཞུགས། སྣ་བུག་གཉིས་ནས་ཕྱི་རླུང་འཇིབ་པ་དང་ཕོ་བ་ཡར་འཐེན་པ་ཆབས་ཅིག །ཕོ་བའི་ནང་དུ་ཤུགས་ཀྱིས་འཁུམས་པའི་ཕོ་བའི་ནང་གི་དབུགས་སྣ་བུག་གཉིས་ནས་དྲག་ཏུ་ཕྱིར་གཏོང་། དེ་ལྟར་རེས་མོས་བྱ། དུས་ཡུན་རེས་མོས་སྐར་མ་ལྔ་ནས་སུམ་ཅུའི་བར། དེ་ཡང་ཐུན་གཅིག་ལ་མ་ཐུབ་ནའང་ཆོག །ཚར་སུམ་ཅུའི་རྗེས་ལ་རླུང་རིང་པོ་རེ་ཡར་འཐེན་དགོས། སྙིང་ནད་དྲག་པོ་དང་། ཁྲག་ཤེད་མཐོ་དམའ་དག་གིས་རླུང་སྦྱོར་འདིར་དལ་བུས་རྩེ་དགོས། དེ་མེད་མཁན་རྣམས་ཀྱིས་ཤུགས་ཆེན་པོས་རྩེ་ན་ཕན་ནུས་དེ་ལས་ཆེའོ། ཕྲུ་གུ་ཆགས་པ་དང་ཟླ་མཚན་འབབ་པའི་སྐབས་སུ་གཉིས་པ་འདི་ཉིད་རྩེ་མི་རུང་། ཡང་རླུང་སྦྱོར་དང་པོ་དང་བཞི་པ་རྩེས་ན་བུ་ཕྲུག་ལ་ཕན་ཐོགས་ཡོད་པ་བཤད་པས་དེ་ལྟར་བྱའོ།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། མཆིན་ནད། གཅིན་སྙི། མཁལ་ནད། མཁལ་དྲོད་ཉམས་པ། ལྒང་པའི་ནད། མཚེར་ནད། གྲང་ནད་རིགས། ཕོ་ནད། སྲིན་ནད། གློ་ནད། ཀླད་ནད། མ་ཞུ་བས་ཕོ་བ་སྦོས་པ། སྐྲན་ནད། བསམ་སེའུའི་ནད། ཤ་རྒྱག་པ། རྩ་དང་གཅིན་དགག་པ། ཕོ་བའི་འཇུ་སྟོབས་དང་རྒྱུ་མའི་ནུས་སྟོབས་ཆེ་རུ་གཏོང་ཞིང་སངས་དྲག་ཐུབ། གྲོད་ཁོག་སྦོས་ཤིང་ཟས་ཟོས་མ་ཐག་ནས་ཐྲོག་ཐྲོག་ཟེར་བཞིན་ན་ཚ་གཏོང་། ཕོ་བའི་ནང་ལ་ཚ་ཤར་རྒྱག ཟས་ཟོས་མ་ཐག་ཆུ་སྐྱུར་སྐྱུག་པ་སོགས་ལ་ཕན་པར་ཆེ། སེམས་དཔའ་ཞུམ་པའམ་སེམས་ཤུགས་ཆགས་པ་ཚུལ་མིན་གྱི་རྣམ་རྟོག་མེད་པར་གཏོང་ཞིང་ནང་ཁྲོལ་ཐམས་ཅན་ཀྱི་བྱེད་ལས་སླར་གསོ་བྱེད་ཐུབ། རླུང་སྦྱོར་བདུན་ནས་འདི་ལས་ཕན་ནུས་ཆེ་བར་མེད།biiརྗེ་ཙོང་ཁ་པའི་དྲ་བ།

4.pngbiiརྗེ་ཙོང་ཁ་པའི་དྲ་བ།

ཕྱི་རླུང་གང་ཐུབ་ཡར་འཐེན། མགྲིན་པ་ཅུང་བཀུག ཕོ་བ་ཤུགས་ཀྱིས་འཁུམས། འོག་སྒོ་བཙུམས། མཐར་ལྟེ་བ་གློད་ཅིང་རིམ་བཞིན་མགྲིན་པ་ནས་རྒྱུན་ལྡན་ལྟར་དབུགས་གཏོང་།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་གསུམ་པ།  དེ་བཱ་ཧྱ་པྲནཱ་ཡཱ་མཱ། རླུང་སྒོམ་སྟངས་གསུམ་པ་ནི། རླུང་སྦྱོར་གཉིས་པའི་མཇུག་ཏུ་ཕྱི་རླུང་གང་ཐུབ་ཡར་འཐེན་ཏེ་མགྲིན་པ་ཅུང་བཀུག་ལ་ཕོ་བ་ཤུགས་ཀྱིས་འཁུམས་ཏེ་འོག་སྒོ་ཡང་བཙུམ། མཐར་ལྟེ་བ་གློད་ཅིང་རིམ་བཞིན་མགྲིན་པ་ནས་རྒྱུན་ལྡན་ལྟར་དབུགས་གཏོང་ལེན་ངང་བཞགbiiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། ཁོག་པའི་ནང་ཁྲོལ་དང་འབྲེལ་བའི་ནད་རྣམས་སེལ། ལྷག་པར་དུ་ཕོ་བའི་མེ་དྲོད་རྒྱས་ཤིང་མཆིན་མཁལ་གྱི་ནད་འགོག །ཕོ་ཁ་དང་། ཕོ་ཁའི་སྐྲན་ནད་འཇོམས་པ་ལ་ཕན་པར་ཆེ། ཟས་ཞུ་ཐུབ་པ་དང་ལུས་ལ་ཟས་འཇུ་ཐུབ་པར་བྱེད།biiརྗེ་ཙོང་ཁ་པའི་དྲ་བ།

5.pngbiiརྗེ་ཙོང་ཁ་པའི་དྲ་བ།

ལག་གཡས་ཀྱི་མཐེབ་རྒན་མས་སྣ་ཁུང་གཡས་པ་མནན་གཡོན་པས་དབུགས་ཡར་འཇིབས། སྲིན་ལག་གིས་སྣ་ཁུང་གཡོན་པ་མནན་གཡས་པས་རླུང་ཕྱི་ལ་མངགས།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་བཞི་པ། ཨ་ནུ་ལོམ་དང་བི་ལོ་མ་པྲནཱ་ཡཱ་མཱ། རླུང་སྦྱོར་བཞི་པ་སྒོམ་སྟངས་ནི། ལུས་དྲང་པོ་བྱས་ཏེ་འདུག་ལ། ལག་གཡོན་གྱི་མཐེབ་མཛུབ་རྩེར་གཏུགས་ཏེ་ཨ་ལོང་ལྟར་བྱས། སོར་མོ་གཞན་རྣམས་རྐྱང་བཞིན་པུས་མོ་གཡོན་གྱི་སྟེང་ན་གན་རྐྱལ་དུ་འཇོག་ཅིང་། ཁ་མིག་བཙུམས་ནས་ལག་གཡས་ཀྱི་མཐེབ་རྒན་མས་སྣ་ཁུང་གཡས་པ་མནན་ཏེ་སྣ་ཁུང་གཡོན་ནས་གློ་བའི་ནང་རླུང་གིས་མ་གང་བར་དུ་དབུགས་ཡར་འཇིབས། དེ་མཚམས་སྲིན་ལག་གིས་སྣ་ཁུང་གཡོན་པ་མནན་གཡས་པའི་སྣ་ཁུང་ནང་ནས་རླུང་ཕྱི་ལ་མངགས། ཡང་སྣ་ཁུང་གཡས་པ་ནས་རླུང་ཡར་འཐེན། གཡོན་ནས་མར་གཏོང་བ་གཉིས་རེས་མོས་ཀྱིས་བྱ་དགོས། དུས་ཡུན། རེས་མོས་སྐར་མ་གསུམ་ནས་བཅོ་ལྔ་བར། །ཚ་དྲོད་ཆེ་སྐབས་སྐར་མ་ལྔ་ལས་རིང་མི་བྱ།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། ཁྲག་ནད་དང་། སྙིང་ནད། གློ་ནད། ཆམ་ནད། གྲིབ་ནད། རླུང་ནད། མགོ་ནད། མིག་ནད། གདོང་སྲིན་ནད། མགོ་སྲིན་ནད། སོ་སྲིན་ནད། རྣ་བའི་ནད། རུས་ཚིགས་སྐྲངས་ཤིང་ན་བ་དང་། གྲུམ་བུའི་ནད་གཞི། ཕོ་མོའི་དབང་པོ་དང་འབྲེལ་བའི་ནད་བཅས་ནད་གསར་སྙིང་ཀུན་སེལ་ཐུབ། རླུང་སྦྱོར་འདིས་རྩ་ལམ་གྱི་ཚིལ་ཞག་དང་མི་གཙང་བས་འཚང་བ་ཀུན་སེལ། ལུས་སྟོབས་གསོ་ཞིང་མདངས་དང་ལྡན། རྒྱུན་དུ་ལུས་ཡང་ཞིང་སེམས་སྐྱིད་པོར་འགྱུར། རིག་གནས་སྦྱོང་མཁན་དང་སྒོམ་རྒྱག་མཁན་གྱིས་ཀྱང་འདི་ལ་བརྩོན་ནས་རིག་པ་དྭངས་ཤིང་སེམས་བྱིང་རྒོད་ལས་བྲལ་བས་རིག་པ་འཕེལ། སྒོམ་ཡག་པོ་ཡོང་བའི་དགེ་མཚན་ཡོད། དུས་སྐབས་འདིར་ཁྲག་རླུང་དང་། སྙིང་ནད་སྲིན་ནད་སོགས་ཆེས་ན་མཁན་མང་བས་རླུང་སྦྱོར་འདི་ལ་དོ་སྣང་ཆེན་པོ་བྱས་ན་ཕན་པ་ངེས་ཅན་དུ་ཡོད་པས་འདི་ལ་ནན་ཏན་གྱིས་འབད་དགོས།biiརྗེ་ཙོང་ཁ་པའི་དྲ་བ།

6.pngbiiརྗེ་ཙོང་ཁ་པའི་དྲ་བ།

མགྲིན་པ་ནས་སྣ་ནང་རླུང་ཡར་བརྔུབས་རྗེས་མར་ལྟོ་བར་རྒྱུན་རིང་དུ་བཟུང་། ལག་གཡས་ཀྱི་མཐེབ་རྒན་མས་སྣ་ཁུང་གཡས་པ་མནན། གཡོན་ནས་དབུགས་ཡར་འཇིབས་རྗེས་གཡས་ནས་ཕྱི་ལ་མངགས།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་ལྔ་པ། ནཱ་དིཤོདྷན་པྲནཱཡཱམཱ། རླུང་སྦྱོར་ལྔ་པ་སྒོམ་སྟངས་ནི། ཁ་མིག་བཙུམས་ཏེ། མགྲིན་པ་ནས་སྣ་ནང་རླུང་ཡར་རྔུབ་བཞིན་མིད་པའི་སྒྲ་དང་བཅས་ལན་གསུམ་བརྔུབས་པའི་རྗེས་མར་རིང་དུ་རྔུབ་ནས་གང་ཐུབ་ཐུབ་ཀྱིས་ལྟོ་བའི་ནང་དུ་བཟུང་སྟེ་རྒྱུན་གང་རིང་དུ་གནས། དེ་ནས་ལག་གཡས་ཀྱིས་མཐེབ་མོས་སྣ་ཁུང་གཡས་པ་མནན་ཏེ་སྣ་བུག་གཡོན་ནས་རླུང་དལ་བུས་ཕྱིར་གཏོང་ནས་གློ་བ་སྟོང་པར་བཞག་སྟེ་ཡུད་ཙམ་སྡོད།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། སྐད་འགག་པ་དང་། མགྲིན་པ་འཚང་བ། མིད་པའི་ན་ཚ་དང་། མིད་སྐྲན་ཆགས་པ་བཅས་མདོར་ན་མིད་པ་དང་འབྲེལ་བའི་ན་ཚ་ཀུན་སེལ་ཞིང་། གདོང་གི་གཉེར་མ་ཡང་སེལ་བར་བྱེད།biiརྗེ་ཙོང་ཁ་པའི་དྲ་བ།

7.pngbiiརྗེ་ཙོང་ཁ་པའི་དྲ་བ།

མཐེབ་བོང་གིས་རྣ་བའི་ཤ་ལྷེབ་ཆུང་ངུ་མནན། མཛུབ་མོ་གཉིས་དཔྲལ་བར་བཞག གུང་མོ་དང་སྲིན་ལག་གིས་པགས་མནན། མཐེའུ་ཆུང་སྣ་རུས་གཡས་གཡོན་སར་བཞགbiiརྗེ་ཙོང་ཁ་པའི་དྲ་བ།

8.pngbiiརྗེ་ཙོང་ཁ་པའི་དྲ་བ།

ཕྱི་རླུང་ཁ་སྣས་ཡར་རྔུབ་ནས་དེ་མཚམས་ཨོྃ་ཞེས་སྐད་ཆུང་ངུས་སྒྲོགས། སྨིན་མཚམས་ཐད་ཨོྃ་དཀར་པོ་ཆེན་པོ་ཞིག་བསྒོམས།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་དྲུག་པ། བྷརམཱརིཔྲནཱཡཱམཱ། རླུང་སྦྱོར་དྲུག་པ་སྒོམ་སྟངས་ནི། ལག་གཡས་གཡོན་གྱི་མཐེབ་བོང་གཉིས་ཀྱིས་རྣ་བའི་ཤ་ལྷེབ་ཆུང་ངུ་མནན་ཏེ་རྣ་ཁུང་གཉིས་བཀག མཛུབ་མོ་གཉིས་དཔྲལ་བར་བཞག གུང་མོ་དང་སྲིན་ལག་གཉིས་ཀྱིས་པགས་མནན། མཐེའུ་ཆུང་གཉིས་སྣ་རུས་གཡས་གཡོན་སར་བཞག་སྟེ། ཕྱི་རླུང་ཁ་སྣ་གཉིས་ཀྱིས་ཡར་རྔུབ་ནས་དེ་མཚམས་ཨོྃ་ཞེས་འབུ་སྦྲང་མའི་སྐད་བཞིན་སྒྲ་མི་གསལ་བའི་ཚུལ་དུ་ཟེར་མ་ནུས་བར་སྐད་ཆུང་ངུས་སྒྲོགས། སྨིན་མཚམས་ཐད་ཨོྃ་དཀར་པོ་ཆེན་པོ་ཞིག་བསྒོམས་ལ་སངས་རྒྱས་དང་རྩ་བའི་བླ་མའི་སྐུ་གསུང་ཐུགས་འདུས་པའི་བདག་ཉིད་དུ་མོས་བཞིན་བརྩོན་པར་བྱའོ།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། སྙིང་རླུང་། ཁྲག་རླུང་། ལས་རླུང་། བད་རླུང་། སྲོག་རླུང་སྟེ་རླུང་ནད་ཀྱི་རིགས་དང་། སེམས་ཁམས་འཁྲུགས་པ་དང་ཡིད་ཀྱི་དཀའ་ངལ་སེལ། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཀྱི་རིགས་སེལ་ཞིང་སྒོམ་གྱི་ཉམས་ལེན་ལ་ཡར་རྒྱས་འོང་།biiརྗེ་ཙོང་ཁ་པའི་དྲ་བ།

9.pngbiiརྗེ་ཙོང་ཁ་པའི་དྲ་བ།

ཁ་ནས་ཨོྃ་སྒྲ་དང་སེམས་ཨོཾ་སྒྲ་ལ་གཏད་བཞིན་བསྒོམས། ལག་པའི་མཐིལ་གཉིས་ཤུགས་ཀྱིས་སྦྱར་ལ་ཚ་མོར་འཕུར། ལག་མཐིལ་མིག་གཡས་གཡོན་གཉིས་སར་མ་གྲང་བར་གཏུགས།biiརྗེ་ཙོང་ཁ་པའི་དྲ་བ།

 ༈རླུང་སྦྱོར་བདུན་པ། ཨོཾ་ཀ་ར། རླུང་སྒོམ་སྟངས་བདུན་པ་ནི། ལག་མཉམ་བཞག་དང་བཅས་མིག་བཙུམས་ལ་ཁ་ནས་ཨོྃ་སྒྲ་སྒྲོགས་ཏེ། སེམས་ཨོཾ་སྒྲ་ལ་གཏད་བཞིན་བསྒོམ་པར་བྱ་ལ། མཐར་ལག་པའི་མཐིལ་གཉིས་ཤུགས་ཀྱིས་སྦྱར་ལ་ཡར་མར་ཚ་མོ་མ་བྱུང་བར་འཕུར། དེ་ནས་ལག་མཐིལ་མིག་གཡས་གཡོན་གཉིས་སར་མ་གྲང་བར་གཏུག་དགོས།biiརྗེ་ཙོང་ཁ་པའི་དྲ་བ།

ཕན་ནུས། ལུས་ཀྱི་དཀའ་ངལ་དང་། སེམས་ཀྱི་སྡུག་བསྔལ་སེལ་བས། རླུང་སྦྱོར་འདི་ཉལ་ཁར་བྱས་ན། གཉིད་བདེ་བ་དང་རྨི་ལམ་མི་འཁྲུགས་པ་སོགས་ཕན་ཡོན་ཤིན་ཏུ་ཆེའོ།biiརྗེ་ཙོང་ཁ་པའི་དྲ་བ།

རླུང་སྦྱོར་བདུན་པོ་སྤྱིར་ཞོགས་པ་ལྟོ་སྟོང་གི་དུས་ཆ་ཚང་ཉིན་རེ་བཞིན་ཆད་མེད་དུ་བསྒོམས་ན་ལུས་ཀྱི་ཤ་གནད་ལྷོད་ཅིང་མཉེན་པས་བྱད་གཟུགས་ཡག་པོ་འགྱུར་བ་དང་། སེམས་ཀྱི་རྣམ་རྟོག་ཞི། ལུས་ཀྱི་ཤ་ཚད་སྙོམས། ལོ་ན་མཐོ་ཡང་ལུས་ལ་ཤ་རྒྱགས་པ་སོགས་ཕན་ནུས་ཤིན་ཏུ་ཆེའོ། གལ་སྲིད་གཞན་རྐྱེན་གྱིས་ཞོགས་པ་ཁོམ་པོ་མ་བྱུང་ན་གུང་ཟས་བཞེས་ནས་ཆུ་ཚོད་ལྔའི་རྗེས་ལྟོ་སྟོང་གི་དུས་རླུང་སྦྱོར་ལ་འཇུག སྤྱིར་རླུང་སྦྱོར་འདི་ཆུ་ཚོད་ངེས་པར་སྦྱོང་། དེ་ལྟའི་དགེ་འདིས་མཐའ་ཡས་ནད་པ་ཟུག་རྔུ་ལས་གྲོལ་ཞིང་ལུས་སེམས་བདེ་སྐྱིད་ཀྱི་དཔལ་དུ་རོལ་བའི་རྒྱུར་གྱུར་ཅིག །biiརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K