མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་སྲིད་ཇུས།

ཡོང་ཁུངས།   བོད་ཀྱི་སྐད་ཡིག་དྲ་བ།     སྤེལ་དུས།  2014-07-15 10:36:50         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    1984ལོའི་ཟླ5པའི་ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་།2001ལོའི་ཟླ2པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག་བཞག་པའི༼མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས༽ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཐུན་མོང་ནས་གསར་དུ་གཏོད་ཅིང་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཡིན་ཞིང་།མི་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་གྱུར་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང་།རྒྱལ་ཁབ་ཀྱིས་མི་རིགས་ཁག་པར་འདྲ་མཉམ་དང་མཐུན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང་།རྒྱལ་ཁབ་ཀྱིས་མི་རིགས་ཁག་པར་འདྲ་མཉམ་དང་མཐུན་སྒྲིལ་ཡོང་པ་མཐའ་འཁྱོངས་དང་།མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་མཐའ་འཁྱོངས་བྱེད་པའི་རྩ་དོན་མཚོན་ཡོད།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེས་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བརྩོན་སེམས་འདོན་སྤེལ་བྱེད་པ་དང་།འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བཟང་དུ་སྤེལ་བ།རྒྱལ་ཁབ་འདི་བཞིན་གོང་བུ་གཅིག་གྱུར་ས་ཞིང་བརྟན་པོ་ཡོང་བ་བྱེད་པ།མི་རིགས་རང་སྐྱོང་ས་གནས་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་གོང་ནས་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐད་ནུས་པ་ས་ཅང་ཆེན་པོ་ཐོན་ཡོད།སླད་ཕྱིན་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་འདི་མུ་མཐུན་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་འདིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་བྱ་རིམ་ནང་ནུས་པ་སྔར་ལས་ཆེ་བའི་འདོན་སྤེལ་བྱེད་ཐུབ་པ་བྱ་དགོས།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་མཐའ་འཁྱོངས་བྱ་དགོས་ན་ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་དག་གིས་ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིར་བསྟར་བར་འགན་སྲུང་ཏན་ཏིག་བྱ་དགོས་པ་དང་གཅིག ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་རིམ་པ་ཁག་གི་ལས་བྱེད་པ་དང་།ཆེད་ལས་སྣ་ཚོགས་ཀྱི་ཡོན་ཏན་ཅན།རྩལ་ལྡན་བཟོ་པ་བཅས་ཆེན་གསོ་སྐྱོང་བྱ་དགོས་པ་དང་གཉིས།མི་རིགས་རང་སྐྱོང་ས་གནས་ཀྱིས་ངེས་པར་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་འདོན་སྤེལ་བྱས་ནས་ཧུར་བརྩོན་ཆེན་པོས་ས་གནས་དེ་གའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས་དགོས་པ་དང་གསུམ།རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་གཞིར་བཟུང་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་གོང་དུ་ཇེ་མགྱོགས་སུ་སྤེལ་བར་རོགས་རམ་གང་ཐུབ་ཅི་ཐུབ་བྱ་དགོས་པ་དང་བཞི་བཅས་ནི་ལག་ལེན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད།མི་རིགས་བར་གྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པ་ནི་གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ལ།ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱ་དགོས།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་།མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཁྲིད་སྟོན་འོག མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་དང་།བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱེད་པ་དང་འབྲེལ་ང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་རྗའི་ཐོག་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་གོང་དུ་ཇེ་མགྱོགས་སུ་སྤེལ་བ།མཐུན་སྒྲིལ་ཆེ་ལ་དར་ཞིང་རྒྱས་པའི་མི་རིགས་རང་སྐྱོང་ས་གནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་དང་མེས་རྒྱལ་འདི་བཞིན་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་དཔལ་ཡོན་རབ་ཏུ་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱ་དགོས།མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་རྩ་་ཁྲིམས་ནང་གསལ་གཏན་འབེབས་ལྟར་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ལག་ལེན་དངོས་སུ་བསྟར་བའི་གཞི་རྩའི་བཅའ་ཁྲིམས་ཡིན།།0Lnརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K