མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །བོད་སྐད་ཡིག་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས།

ཡོང་ཁུངས།   བོད་ཀྱི་སྐད་ཡིག་དྲ་བ།     སྤེལ་དུས།  2014-07-15 10:38:44         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

     དོན་ཚན་དང་པོ།རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་།མི་དམངས་ཚོགས་པ།ཁེ་ལས་དང་བྱ་གཞག་ཚན་པ།དེ་བཞིན་ལྗོངས་ཕྱིར་བཅའ་སྡོད་རྒྱུན་བཙུགས་ལས་ཁུངས་བཅས་ཀྱི་ཐམ་ག་དང་།ལག་འཁྱེར།སྒོ་བྱང་བཅས་ཀྱི་ཐོག་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་མཉམ་སྤྱོད་བྱེད་དགོས། གྲོང་ཁྱེར་གྱི་སྤྱི་པའི་བྱེད་སྒོ་སྤེལ་སའི་སྒྲིག་བཀོད་ཐོག་གི་ཡི་གེ་དང་།ཡིག་བྱང་།བརྡ་ཁྱབ་སོགས་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀྱི་ཐོག་ནས་འབྲི་རྒྱུ་མ་ཟད།ཡིག་གཟུགས་ཚད་ལྡན་དང་།སྤུས་དག་སྒྱུར་ཡིག་ནང་དོན་འཕྱུགས་པ་མེད་པ་བཅས་དགོས།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་གཉིས་པ།རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ལྗོངས་ནང་ཁུལ་དུ་ཚོང་སྒྱུར་བྱེད་རྒྱུའི་ཚོང་ཟོག་ཐུམ་སྒྲིལ་ཐོག་གི་ཡི་གེ་དང་གསལ་བཤད་སོགས་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་མཉམ་སྤྱོད་བྱེད་རྒྱུ། རང་སྐྱོང་ལྗོངས་ནང་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ཁག་གི་མིང་དང་།ཚོང་གཉེར་གྱི་རྣམ་གྲངས།གོང་ཚད།འཛིན་ཤོག་སོགས་ཀྱི་ཐོག་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་སྤྱོད་རྒྱུ།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་གསུམ་པ།རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་སྤྱོང་སྤྱོད་བྱེད་རྒྱུའི་ཐད་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།བོད་སྐད་ཡིག་ལ་ཚན་རིག་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་བཞི་པ།རང་སྐྱོང་ལྗོངས་ཀྱིས་ཡིག་སྒྱུར་མི་སྣ་གསོ་སྐྱོང་བྱེད་རྒྱུའི་བྱ་ཐབས་བཟུང་སྟེ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀྱི་ཡིག་སྒྱུར་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་གི་མིང་ཚིག་ཐ་སྙན་གཅིག་གྱུར་དང་ཚད་ལྡན་བཟོ་རྒྱུ་དང་འབྲེལ་འགྲེམས་བསྒྲགས་བྱས་ཐོག་སྒྱུར་ཡིག་ཚད་གཞི་ལྡན་པ་ཡོང་བ་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་།མི་དམངས་ཚོགས་པ།ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་དགོས་མཁོར་གཞིགས་ཏེ་ཡིག་སྒྱུར་ལས་ཁུངས་སམ་ཡིག་སྒྱུར་བྱེད་མཁན་བསྐོ་འཛུགས་བྱེད་དགོས།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་ལྔ་པ།རང་སྐྱོང་ལྗོངས་ཀྱི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་བཅས་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་དྲུག་པ།དོན་ཚན་བཅུ་གཅིག་པའི་གཏན་འབེབས་དང་འགལ་ཚེ་རྫོང་རིམ་པ་ཡན་གྱི་མི་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་དུས་བཀག་ནང་ལེགས་བཅོས་བྱེད་དགོས་པའི་བཀོད་པ་གཏོང་རྒྱུ།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་བདུན་པ།དོན་ཚན་བཅུ་གཉིས་པའི་གཏན་འབེབས་དང་འགལ་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ལེགས་བཅོས་བྱེད་དགོས་པའི་བཀོད་པ་གཏོང་རྒྱུ།t8zརྗེ་ཙོང་ཁ་པའི་དྲ་བ།

    དོན་ཚན་བརྒྱད་པ།གཏན་འབེབས་འདིའི་དོན་ཚན་གཞན་དག་དང་འགལ་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་སྐྱོན་བརྗོད་སློབ་གསོ་གཏོང་པའམ་ཡང་ན་སྡེ་ཚན་དེ་གས་སྲིེད་འཛིན་ཆད་པ་གཅོད་དགོས། དོན་ཚན་དགུ་པ།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་འདི་ཉིད་གཞིར་བཟུང་ལག་བསྟར་བྱེད་ཕྱོགས་ཀྱི་ཞིབ་སྲོལ་བཟོ་རྒྱུ།t8zརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K