མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་བར་གྱི་དབྱེ་བ་གསལ་པོ་ཡོང་བ་བྱེད་དགོས།

ཡོང་ཁུངས།   ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།     སྤེལ་དུས།  2014-07-15 10:40:02         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

    མི་རིགས་ཡུལ་སྲོལ་གོམས་གཤོས་ནི་གཙོ་བོ་མི་རིགས་ཤིག་གི་དངོས་པོའི་རིག་གནས་དང་།བསམ་པའི་དཔལ་ཡོན་སོགས་སྤྱི་ཚོགས་སོགས་སྤྱི་ཚོགས་འཚོ་བའི་ཐད་ཀྱི་སྲོལ་རྒྱུན་ཡིན་པ་དང་།དེ་ཡང་མི་རིགས་ཁག་གི་མི་དམངས་ཀྱི་ལོ་རྒྱུས་ཡུན་རིང་ནང་ཐོན་པའི་དར་སྲོལ་དང་གོམས་གཤིས་ལ་ཟེར་བ་ཡིན།དེས་མི་རིགས་ཁྲག་གི་རྒྱན་གོས་དང་།ཟ་འཐུང་།སྡོད་གནས།ཐོན་སྐྱེད།གཉེན་སྒྲིག དུར་འཇུག དུས་སྟོན།གུས་སྲོལ། འཛེམ་བྱ་སོགས་ཞིབ་ཕྲ་མཚོན་པ་ཡིན།ཡུལ་སྲོལ་གོམས་གཤིས་ནི་ཆོས་ལུགས་ལས་ནང་དོན་དེ་བས་རྒྱ་ཆེ་བ་ཡོད།ཆོས་ལུགས་ཀྱིས་མི་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བརྟེན་ཡུན་རིང་གི་འཕེལ་རྒྱས་ནང་དོན་དང་རྣམ་པ་འགའ་ཞིག་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སུ་གྱུར་ཟིན་ཡོད།འོན་ཀྱང་།དེ་ལ་བརྟེན་ནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་གཉིས་གཅིག་ཏུ་བརྩི་རྒྱུ་མེད།མི་རིགས་འགའ་ཞིག་གི་ཡུལ་སྲོལ་གོམས་གཤིས་དང་དུར་འཇུག་གོམས་གཤིས་དུས་ཆེན་མཛད་སྒོ།འཚོ་བའི་འཛེམ་བྱ་སོགས་ཀྱི་ཐད་ཆོས་ལུགས་དང་།ཆོས་ཁྲིམས་ཀྱི་གཏན་འབེབས་སམ་ཆོས་དད་བྱེད་པའི་བག་ཆགས་ལྡན་ནའང་དེ་ནི་མི་རིགས་ཀྱི་ཡུལ་སྲོལ་དང་གོམས་གཤིས་ཀྱི་ཆ་ཤས་དང་རྒྱུན་སྤྱོད་འཚོ་བ་དང་གཅིག་ཏུ་འབྲེལ་བ་ཞིག་ཡིན་པ་ལས་ཆོས་ལུགས་ཀྱི་བྱེད་སྒོ་ཡིན་པར་ངོས་འཛིན་རྒྱུ་མེད།དཔེར་ན།རང་ལྗོངས་ཀྱི་བོད་ཀྱི་ལོ་གསར་དང་།འོང་སྐོར།ཞོ་སྟོན།རྟ་རྒྱུགས་སོགས་སྲོལ་རྒྱུན་གོམས་གཤིས་ལ་ཆོས་ལུགས་ཀྱི་ནང་དོན་གང་ཙམ་ལྡན་རུང་འདི་ཉིད་ཆོས་ལུགས་བྱེད་པ་ཞིག་མ་ཡིན།བོད་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་མང་བོ་ཞིག་ནི་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བའི་ནང་དུ་གྲུབ་པ་ཞིག་ཡིན་པས་ཐོག་མ་ཉིད་ནས་ཆོས་ལུགས་ཀྱི་ནང་དོན་ལྡན་པ་ཞིག་མ་ཡིན།རྗེས་སུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཆོས་ལུགས་ཀྱི་ནང་དོན་འགའ་ཙམ་ལྡན་ན་ཡང་དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གཙང་གཙང་ཞིག་ཏུ་ངོས་འཛིན་རྒྱུ་མེད།།  X4Gརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K