མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །ཆོས་དད་རང་མོས་ཀྱི་སྲིད་ཇུས།

ཡོང་ཁུངས།   ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།     སྤེལ་དུས།  2014-07-15 10:40:40         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

       ཆོས་དད་རང་དབང་ལ་བརྩི་འཇོག་པ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གི་ཆོས་ལུགས་གནད་དོན་ལ་ཡུན་རིང་འཛིན་པའི་རྩ་བའི་སྲིད་ཇུས་ཞིག་རེད།ཆོས་དད་རང་མོས་ནི་སྤྱི་དམངས་ཀྱི་ཁེ་དབང་ཞིག་ཡིན་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་སྲུང་བྱེད་ཀྱི་ཡོད།༡༩༤༩ལོའི་ཟླ༩པའི་ཚེས༢༩ཉིན་རྒྱལ་ལོངས་སྲིད་གྲོས་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་གྲོས་འཆམ་བྱུང་བའི་མཐུན་མོང་རྩ་འཛིན་ནང་གི་ཨང་ལྔ་བའི་ཐོག་གཏན་འབེབས་བྱས་པར་གཞིགས་ན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་ཞེས་དང་།༡༩༥༤ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཆོས་དད་རང་མོས་ཡིན་པའི་གཏན་འབེབས་ཁྱབ་བསྒྲགས་བྱས་ཡོད། ༡༩༨༢ལོའི་ཟླ་བ༡༢ཚེས༤ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་བའི་ཚོགས་འདུ་ཐེངས་ལྔ་བར་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་ཆོས་དད་ཡོད་པའི་སྤྱི་དམངས་ཀྱི་ཆོས་དད་རང་མོས་ནི་ཁོ་ཚོས་རྩ་བའི་ཁེ་དབང་ཞིག་ཡིན་པ་དང་།རྩ་ཁྲིམས་ཨང༣༦ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཡོད་ཅེས་གཏན་འབེབས་བྱས་ཡོད། ཀྲུང་གོའི་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་།དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ།སློབ་གསོའི་བཅའ་ཁྲིམས།ངལ་རྩོལ་བཅའ་ཁྲིམས།འོས་འགན་སློབ་གསོའི་བཅའ་ཁྲིམས།མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས།གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཁྲིམས་སྲོལ་སོགས་ཀྱི་ཁྲིམས་ལུགས་ཐོག་གཏན་འབེབས་བྱེད་པར།སྤྱི་དམངས་ཡིན་ཕྱིན་ཆོས་ལུགས་ཇི་འདྲ་ཞིག་ལ་དད་པ་བྱས་རུང་དེར་འདེམས་དབང་ཡོད་པ་དང་།ཆོས་ལུགས་ཚོགས་བའི་རྒྱུ་ནོར་ལ་ལུགས་མཐུན་གྱི་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ།སློབ་གསོ་དང་ཆོས་ལུགས་ཐ་དད་ཡིན་ཀྱང་སློབ་གསོའི་ཐོབ་ཐང་གི་གོ་སྐབས་ནི་འདྲ་མཉམ་ཡིན་པ།མི་རིགས་ཁག་གི་མི་དམངས་སྐད་རིགས་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་ཆོས་དད་བཅས་ལ་ཕན་ཚུན་བརྩི་བཀུར་དང་།སྤྱི་དམངས་ལས་ཀ་འཚོལ་བའི་བརྒྱུད་རིམ་ནང་ཆོས་དད་ཀྱི་རྐྱེན་པས་མཐོང་ཆུང་དང་ཁྱད་གསོད་བྱེད་མི་ཆོག་པ།བརྡ་ཁྱབ་དང་ཚོང་རྟགས་ཀྱི་ནང་དོན་ཐད་མི་རིགས་དང་ཆོས་ལུགས་ལ་མཐོང་ཆུང་བྱེད་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་པ་རེད།8m8རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K